དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཡོ་རིགས།

2022-12-29 16:48:17   |   1154

ཡོ་རིགས(瑶族)གཙོ་བོ་ཀོང་ཞི་དང་ཧུའུ་ནན། ཡུན་ནན། ཀོང་ཏུང་། ཀོས་ཀྲིག་ཞིང་ཆེན་སོགས་སུ་གནས་ཡོད། ཁྱོན་སྡོམ་མི་གྲངས2796000ལྷག་ཡོད། ཁོང་ཚོར་རང་མི་རིགས་ཀྱི་ཡི་གེ་མེད་པས་རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད། ཡོ་རིགས་ཀྱི་གྱོན་ཆས་ལ་རྣམ་པ་སྣ་ཚོགས་ཡོད། སྐྱེས་པ་ཚོས་སྟོད་ལྭ་བྲང་གཤགས་ཅན་དང་རྐང་སྣམ་རིང་ཐུང་འདྲ་མིན་གོན་ཞིང་མདོག་ལྗང་ཁུ་དང་ནག་པོ་གོན། ས་གནས་སོ་སོའི་ཡོ་རིགས་བུད་མེད་ཚོ་དངུལ་གྱི་རྒྱན་ཆ་འདོགས་པར་ཧ་ཅང་དགའ། 

ཡོ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན་ལ། དེའི་ཁྲོད་དུ་ཡོ་རིགས་ཀྱི་གླུ་གཞས་ནི་ཆེས་ཕུན་སུམ་ཚོགས་པ་ཡིན། འཇིག་རྟེན་གསར་སྐྲུན་གྱི་ལོ་རྒྱུས་སྙན་ངག《མུས་ལོ་ཐོ》ཞེས་པར་ཁྱོན་སྡོམཚིག་ཕྲེང་བརྒྱད་བརྒྱ་ལྷག་ཡོད་ཅིང་དེའི་ནང་ལྷ་མོ་མུས་ལོ་ཐོས་མིའི་རིགས་གསར་སྐྲུན་བྱས་པའི་བརྒྱུད་རིམ་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་མཐའ་དག་ལ་འགྲེལ་བཤད་བྱས་པའི་ནང་དོན་བཀོད་ཡོད། གཞན་ཡང་ལྷ་སྒྲུང《འཇིག་རྟེན་གསར་སྐྲུན》དང་དམངས་ཁྲོད་ངག་རྒྱུན《རྔ་རིང་གི་གཏམ་རྒྱུད》སོགས་གང་མང་མཆིས། དེ་དག་གིས་ཡོ་རིགས་ཀྱི་འབྲེལ་ཡོད་རྩོམ་རིག་སོར་བཞག་བྱས་པ་ལས་གཞན། ད་དུང་ལོ་རྒྱུས་དང་དམངས་ཁྲོད་རོལ་དབྱངས་ཐད་ཀྱི་རྩ་ཆེ་བའི་རྒྱུ་ཆ་ཉར་ཚགས་བྱས་ཡོད། ཡོ་རིགས་ལ་ཐུན་མོང་མ་ཡིན་པའི་སྲོལ་བཟང་ཞིག་ཡོད་པ་ནི་ཁོ་ཚོ་ས་གང་དུ་ཕྱིན་རུང་དེར་དངོས་པོ་རྩ་ཆེན་གང་འདྲ་ཞིག་བཞག་ནའང་དངོས་པོ་དེར་རྩྭ་མདུད་ཅིག་བརྒྱབ་རྗེས་མི་གཞན་གྱིས་ཁྱེར་བའི་དཔེ་གཏན་ནས་མེད། 

ཡོ་རིགས་མི་དམངས་ཀྱིས་གནམ་ལོ་གསར་ཚེས་ཀྱི་དུས་ཆེན་རོལ་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། རྒྱ་ལོ་ཚེས་གཅིག་ཉིན། སྐྱེས་རྒན་གཞོན་ཕོ་མོ་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་ཞིང་རྨོ་བའི་ཟློས་གར་ལ་ལྟ་རུ་འགྲོ་བ་དང་། ཞིང་རྨོ་བའི་ཟློས་གར་ནི་མི་གསུམ་གྱིས་འཁྲབ་པ་དང་། མི་གཅིག་གིས་ཞིང་པ་དང་གཅིག་གིས་བ་གླང་། ཅིག་ཤོས་ཀྱིས་ཐོང་གཤོལ་བཅས་ཡིན་ཁུལ་བྱས་ནས་གླུ་ལེན་གར་རྩེ་བྱེད། དེ་ལས་གཞན་ད་དུང“བྱ་བཀུར་དུས་ཆེན”(ལུགས་རྙིང་གི་ཟླ་གཉིས་པའི་ཚེས་གཅིག)སོགས་མི་རིགས་ཀྱི་ཁྱད་ཆོས་དང་སྲོལ་བཟང་མཚོན་པའི་དུས་ཆེན་གང་མང་མཆིས།

ཡོ་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་དང་ལུས་རྩལ་བྱ་འགུལ་ནི་རྔ་རིང་ཞབས་བྲོ་དང་སྨྱུག་ཤིང་འདེད་པའི་ལུས་རྩལ་བྱ་འགུལ་སོགས་ཡོད། 



མཉམ་སྤྱོད།