དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྩྭ་ས“འབབ་འཕར་ལྡུམ་ར”ལ་གྱུར་པ།

2025-09-10 09:43:18   |   30

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རྫོང་གིས་ཐུན་མོང་མ་ཡིན་པའི་རྩྭ་ཐང་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་སྔར་ལས་མང་བའི་འབྲོག་པ་མང་ཚོགས་ཀྱིས་རང་གི་རྩྭ་སའི་ཐོན་ཁུངས་སྤྱད་དེ། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དང་ཁྱད་ལྡན་སྒར་འདེབས་བྱ་འགུལ་སྤེལ་ནས་རི་སྔོ་ཆུ་དྭངས་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག "སྐྱེ་ཁམས་མཛེས་པ་དང་མི་དམངས་ཕྱུག་པ"ཡི་འབབ་འཕར་ལམ་བུ་གསར་བ་ཞིག་བཏོད་ཡོད།

图片1.png

མདོ་ལ་རྫོང་ཨ་རིག་ཞང་གི་རི་ཤུལ་སྡེ་བའི་འབྲོག་པ་ཚེ་རིང་དོན་གྲུབ་ཚང་གི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་ནི་ས་གནས་དེར་སྙན་གྲགས་ཅུང་ལྡན་པ་ཞིག་ཡིན་ལ། དབྱར་དུས་སུ། ཁོ་ཚང་གི་རྩྭ་ས་ནི་སྔོ་ལྗང་ལྡན་ཞིང་སྐལ་བཟང་མེ་ཏོག་རྣམ་པར་བཞད་པ་དང་། བོད་ལུགས་སྦྲ་གུར་འགའ་རི་ལྡེབས་སུ་ཐར་ཐོར་དུ་ཕུབ་ཡོད་ཅིང་། སྦྲ་ནང་དུ་ས་གདན་གཙང་མ་བཏིངས་ནས་ཇ་བསྲུབས་མ་དང་རྩམ་པ་སོགས་ཁྱད་ལྡན་ཞིམ་ཟས་བཤམས་ནས་ཡོད། "སྔོན་ཆད་ངེད་ཚང་ནི་དབུལ་སྐྱོར་ཁྱིམ་ཚང་ཡིན། ཡོང་འབབ་དམའ་བ་དང་འཚོ་བར་དཀའ་ཁག་ཆེ། ཏང་གི་སྲིད་ཇུས་བཟང་བའི་དབང་གིས། ལོ་འདི་འགར་དབུལ་བོ་ལས་ཐར་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་། ད་ལྟ་ངས་རྩྭ་ས་ཆུང་ཆུང་ཞིག་བགོས་ནས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བཞིན་ཡོད། གནས་སྐོར་བས་ང་ཚོ་དང་མཉམ་དུ་འོ་མ་བཞོ་བ་དང་མར་འདོན་པ། དགོང་མོ་མེ་ཕུང་བསྐོར་ནས་སྐོར་བྲོ་འཁྲབ་པ་ཡིན། གནས་སྐོར་བ་མང་དུས། ཟླ་གཅིག་ལ་ཡོང་འབབ་སྒོར་ཁྲི་ཙམ་འདུག" རང་ཚང་གི་སྐམ་ཤ་དང་ལུག་ཤ འོ་མའི་ཐོན་རྫས་བཅས་ཀྱང་གནས་སྐོར་བ་ཆེས་དགའ་བའི་ལག་སྐྱེས་སུ་གྱུར་ཡོད་པས། ཐོན་ལས་ཕྲེང་འབྲེལ་ཇེ་རིང་ནས་ཇེ་རིང་རེད་ཅེས་ཚེ་རིང་དོན་གྲུབ་དགོད་བཞིན་དེ་ལྟར་བཤད།

图片2.png

སྒར་འདེབས་པ་དང་གླིང་ག་གཏོང་བའི་ཚ་རླབས་འཕྱུར་བ་དང་བསྟུན་ནས། འབྲོག་པ་མི་ཉུང་བ་ཞིག་གིས་ཚོང་ལས་ཀྱི་གོ་སྐབས་དེར་དམིགས་ཏེ་རྩྭ་སའི་མཐའ་རུ་སྒར་འདེབས་ས་དང་གླིང་ག་གཏོང་ས་ལས་ཡོད། ཨེ་པའོ་གྲོང་རྡལ་བྲག་དཀར་སྡེ་བའི་རྩྭ་ཐང་དུ་འབྲོག་པ་རྒྱལ་ལོ་ཚང་གི"སྒར་འདེབས་མགྲོན་པོའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང"ནི་མི་རྣམས་ཧ་ཅང་དགའ་བའི་གནས་སུ་གྱུར་ཡོད་དེ། སྦྲ་གུར་གྱིས་རྩྭ་ཐང་ལ་ཕྲ་རྒྱན་བཏབ་པ་ལྟར་གནས་ཤིང་། སྒར་འདེབས་ས་རུ་རྟ་བཞོན་རྣམ་གྲངས་ཡོད་པར་མ་ཟད། ལྗོངས་གཟིགས་སྟེགས་བུ་ཡང་བསྐྲུན་ཏེ་སྲོད་དུས་རྩྭ་ཐང་གི་མཚམས་སྤྲིན་ལ་ལྟ་བ་དང་མཚན་མོར་ནམ་མཁའི་སྐར་ཚོགས་ལ་གཟིགས་ཆོག་པར་བྱས་ཡོད། "ང་ཚོས་རྩྭ་སར་གཏོར་བརླག་མི་བྱེད་ཆེད། སྒར་འདེབས་སྒྲིག་ཆས་ཚང་མ་སྤོ་འགུལ་བྱེད་ཆོག་པའི་རིགས་ཡིན། གནས་སྐོར་བ་ཚོ་ཕྱིར་ལོག་རྗེས། འཕྲལ་མར་སྔར་གྱི་རྣམ་པ་སླར་གསོ་བྱེད་ཐུབ།" གཟའ་མཇུག་དང་གུང་གསེང་གི་སྐབས། སྒར་འདེབས་སར་རྟག་ཏུ་གནས་སྐོར་བས་ཁེངས་ཡོད་པས། ཡོང་འབབ་ནི་ཕྱུགས་འཚོ་བ་ཁོ་ན་ལས་ལྡབ་འགའ་འཕར་ཡོད་ཅེས་སྒྲོལ་མས་མཚམས་སྦྱོར་བྱས། 

ད་ལོ་ནས་བཟུང་། མདོ་ལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཧུར་ཐག་ངང་འབྲོག་པ་ཚོར"སྟེགས་བུ"བསྐྲུན་ཏེ། རྩལ་ནུས་གསོ་སྦྱོང་བྱེད་པ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དང་སྒར་འདེབས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད། དུས་མཚུངས་སུ། གནས་སྐོར་ཆེད་གཉེར་འཛིན་གྲྭ་བཙུགས་ནས་དྲིལ་སྒྲོག་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། འབྲོག་པ་རྣམས་ཀྱིས་ཞབས་ཕྱིའི་ཚད་གཞི་གཅིག་གྱུར་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བྱས་ནས་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། "རྩྭ་ཐང་གི་སྐར་ཚོགས་སྒར་འདེབས"དང"འབྲོག་པའི་རིག་གནས་ཉམས་ལེན"སོགས་ཀྱི་ཉམས་ལེན་རྣམ་གྲངས་མདོ་ལའི་གཞུང་ལམ9པའི་བརྗོད་དོན་གཙོ་བོའི་ལམ་ཐིག་ནང་དུ་ཧུར་ཐག་གིས་བཅུག་ནས། ཁ་ཐོར་གྱི་རྩྭ་སའི་ཐོན་ཁུངས་སྦྲེལ་མཐུད་བྱས་ཏེ་གཞི་ཁྱོན་ནུས་སྣང་ཆགས་པ་རེད།

ད་ལྟ། མདོ་ལའི་རྩྭ་ཐང་གི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དང་སྒར་འདེབས་ས་ཡིས་འབྲོག་པ་རྣམས་ཀྱི་ཡོང་འབབ་འཕར་དུ་བཅུག་པར་མ་ཟད། གནས་སྐོར་བར་རྩྭ་ཐང་གི་རིག་གནས་དང་རང་བྱུང་གི་མཛེས་སྡུག་རོལ་མྱོང་གཏིང་ཟབ་བྱེད་དུ་བཅུག་ཡོད། དེ་སྔ་རྩྭ་ཁོ་ན་སྐྱེས་པའི་ས་ཆ་དེ་འབྲོག་པ་མང་ཚོགས་ཀྱི"བདེ་སྐྱིད་ཀྱི་རྩྭ་ས"རུ་གྱུར་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་གཉིས་རྒྱལ་གྱི་ལེའུ་གསར་བ་རྩོམ་བཞིན་ཡོད།



མཉམ་སྤྱོད།