དེ་རིང་ནི2025ལོའི་ཟླ09པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་བྱ་བ་བརྟན་པོའི་ངང་སྐུལ་འདེད་བྱས།

2025-09-15 10:08:27   |   17

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་ཉམས་གསོ་གཅིག་གྱུར་འཆར་འགོད། ཐཱན་གཅོག་རྫོད་སྙུང་ལྗང་སྐྱེད་ཀྱི་འཕར་ཚད་ལ་མཐུན་སྦྱོར་སྐུལ་འདེད་བཅས་བྱས་ཏེ། "སྐྱེ་ཁམས་སྲུང་སྐྱོབ—ཐོན་ལས་འཕེལ་རྒྱས—མང་ཚོགས་འབབ་འཕར"གྱི་འཁོར་སྐྱོད་བཟང་བོ་ཆགས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་བསྟུད་མར་འཕེལ་རྒྱས་ཀྱི་དགེ་མཚན་དང་དམངས་ཚིས་བདེ་སྐྱིད་ལ་བསྒྱུར་ཡོད།

图片11.jpg

图片22.jpg

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་མཚོ་བྱང་མུ་རྒྱུད་དུ་མཉམ་སྐྲུན་མཉམ་སྒྲུབ་མཉམ་སྤྱོད་རྐྱེན་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྩྭ་ཐང་སྐྱེ་ཁམས་ཞིབ་འཇུག་གླིང་དང་འབུམ་རམས་པའི་ལས་དོན་ས་ཚིགས་ཀྱི་སྒོ་བྱང་བཀལ་བར་མ་ཟད། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི8354བཏང་ནས་ཐེན་ཕུན་ཆུ་བོའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་རྣམ་གྲངས་སོགས་ཀྱི་སྐྱེ་ཁམས་ལས་གྲྭ་གཙོ་ཆེ་རིམ་བཞིན་ལག་བསྟར་བྱས། སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟའི་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་གཙོ་གནད་ཁྱབ་ཁོངས་སུ་བདམས།

图片33.jpg

图片44.jpg

གཞན་ཡང་། མདོ་ལ་རྫོང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པོར་བརྒྱབ་སྟེ་སྦགས་བཙོག་འགོག་བཅོས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་ཕྱིན། རྫོང་ཁོངས་ཀྱི་མཁའ་དབུགས་སྤུས་ཚད་བཟང་བའི་ཉིན་གྲངས་བསྟུད་མར96%གི་ཡན་ཟིན་པ་རྒྱུན་འཁྱོངས་བྱས་པ་དང་། ཆུ་ནང་ལ་གཏོང་བའི་བཙོག་འབུད་གནས་ཀྱི་ལོ་འཁོར་ཁུངས་འདེད་བརྟག་འཇལ་དང་བཅོས་སྐྱོང་བྱ་བ་ལེགས་འགྲུབ་བྱུང་ཞིང་། ཆུ་བོ་དང་མཚེའུ་ཡི"གང་བྱུང་བཞི་གཙང་སེལ"སྐུལ་འདེད་ཏན་ཏིག་བྱས། པ་པའོ་ཆུ་བོ་བདེ་བླག་ངང་རྒྱལ་ཡོངས་ཀྱི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་མིང་ཐོར་ཚུད།



སྐབས་སྔོན་མ། རྩྭ་ས“འབབ་འཕར་ལྡུམ་ར”ལ་གྱུར་པ།

སྐབས་རྗེས་མ། མེད།

མཉམ་སྤྱོད།