དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ལྟ་སྦྱོང་རྟེན་གཞི་དོ་དམ་གྱི་གནས་སྐབས་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2022-10-10 08:37   |   928

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ལྟ་སྦྱོང་རྟེན་གཞི་དོ་དམ་གྱི་གནས་སྐབས་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར། 

བྱང་སྲིད་གཞུང་ལས་ཁང〔2022〕ཨང19པ། 

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར། 

      《མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ལྟ་སྦྱོང་རྟེན་གཞི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》དེ2022ལོའི་ཟླ4ཚེས15ཉིན་ཁུལ་སྲིད་གཞུང་གི་རྒྱུན་ཨུའི་ཚོགས་འདུ་ཐེངས14པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རོགས། 

      མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། 

2022ལོའི་ཟླ4ཚེས19ཉིན། 

མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ལྟ་སྦྱོང་རྟེན་གཞི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས། 

ལེའུ་དང་པོ། སྤྱིའི་རྩ་དོན། 

དོན་ཚན་དང་པོ། མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལྟ་སྦྱོང་ལམ་ལུགས་ཚད་ལྡན་དུ་གཏོང་བ། དོ་དམ་ཆུ་ཚད་མཐོ་རུ་གཏོང་ཆེད། ཞིང་ཆེན་མི་སྤྱི་ཐིང་གི《ཞིང་ཆེན་ཡོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྔོན་མི་སྤྱི་ཐིང་བཀྲམ﹝2009﹞ཨང186པ)དང《མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》(མཚོ་སྔོན་ནོར་སྲིད﹝2020﹞ཨང1833པ)སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། བྱེད་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདིའི་ནང་བརྗོད་པའི་ལས་ཞུགས་ལྟ་སྦྱོང་ཞེས་པ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཏན་ཁེལ་བྱས་པའི་ལྟ་སྦྱོང་རྟེན་གཞིར་ཟེར་བ་དང་། ལྟ་སྦྱོང་གི་ལས་གནས་མཁོ་འདོན་བྱེད་པ། སློབ་གྲྭ་ནས་ཁ་བྲལ་ནས་ལོ་གཉིས་ནང་ལས་ཞུགས་བྱས་མེད་པའི་མཚོ་བྱང་གི་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མ(གཤམ་དུ་སློབ་ཆེན་མཐར་ཕྱིན་སློབ་མ་ཞེས་བྲིས་ཡོད)ལས་ཞུགས་ལྟ་སྦྱོང་ནང་ཞུགས་པར་བསྡུ་ལེན་བྱེད་ཅིང་། ལྟ་སྦྱོང་མི་སྣའི་འཚོ་བའི་ཁ་གསབ་སྤྲད་དེ། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བ་དང་མི་བཀོལ་སྡེ་ཁག་གིས་སློབ་ཆེན་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པའི་དམངས་ཕན་བྱེད་ཐབས་ཤིག་ཡིན། 

དོན་ཚན་གསུམ་པ། ལས་ཞུགས་ལྟ་སྦྱོང་བྱེད་སྐབས་མི་སྒེར་རང་མོས་དང་སྲིད་གཞུང་གིས་རོགས་སྐྱོར་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས། 

དོན་ཚན་བཞི་པ། ལས་ཞུགས་ལྟ་སྦྱོང་ལས་དོན་གྱི་དམིགས་ཚད་ནི་སློབ་ཆེན་མཐར་ཕྱིན་སློབ་མའི་ཕྱོགས་བསྡུས་བྱང་ཚད་དང་ལས་རིགས་ནུས་པ་ཆེ་རུ་གཏོང་རོགས་བྱས་ཏེ། ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས་ལས་ཞུགས་གང་མགྱོགས་མངོན་འགྱུར་ཡོང་བ་དེ་ཡིན། 

ལེའུ་གཉིས་པ། རྩ་འཛུགས་དོ་དམ་དང་འགན་འཁྲི ། 

དོན་ཚན་ལྔ་པ། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིར་གཅིག་གྱུར་རེ་ཞུ་དང་རིམ་པ་དབྱེ་ནས་དོ་དམ་བྱེད་པ་དང་། ལོ་རེའི་ཞིབ་བཤེར་ལམ་ལུགས་འཛུགས་པ། འགུལ་རྣམ་དོ་དམ་དང་གཏོགས་ཁོངས་དོ་དམ་གྱི་རྩ་དོན་ལག་བསྟར་བྱེད་དགོས། 

དོན་ཚན་དྲུག་པ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཁུལ་ཡོངས་ཀྱི་ལས་ཞུགས་ལྟ་སྦྱོང་ལས་དོན་ལ་སྡོམ་འགོད་དོ་དམ་བྱེད་པ་ཡིན། འགན་འཁྲི་གཙོ་བོ་ནི། 

གཅིག ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ཏེ། མཚོ་བྱང་ཁུལ་གྱི་ལས་ཞུགས་ལྟ་སྦྱོང་གི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། 

གཉིས།  ཁུལ་ཡོངས་ཀྱི་ལས་ཞུགས་ལྟ་སྦྱོང་གི་སྤྱིའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོ་དགོས། 

གསུམ།  ཞིབ་བཤེར་གཏན་ཁེལ་གྱིས་སྒོ་བྱང་བཀལ་ནས་ཁུལ་རིམ་པའི་ལས་ཞུགས་ལྟ་སྦྱོང་དཔེ་སྟོན་རྟེན་གཞི་དེ་ཞིང་ཆེན་རིམ་པའི་ལས་ཞུགས་དཔེ་སྟོན་རྟེན་གཞིར་རེ་ཞུ་འོས་སྦྱོར་བྱེད་དགོས། 

བཞི། ལྟ་སྦྱོང་རྟེན་གཞིའི་འཁོར་སྐྱོད་གནས་ཚུལ་གྱི་བསྐྱར་ཞིབ་དང་འགུལ་རྣམ་དོ་དམ། ཁུལ་ཡོངས་ཀྱི་ལས་ཞུགས་ལྟ་སྦྱོང་ལས་དོན་གྱི་ཞིབ་བཤེར་བཅས་ལ་ལྟ་སྐུལ་བྱེད་དགོས། 

ལྔ། ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་གྱི་དོ་དམ་ལྟ་སྐུལ་དང་རྗེས་འདེད་བེད་སྤྱོད་བྱེད་འགན་འཁུར་དགོས། 

དོན་ཚན་བདུན་པ། རྫོང་སོ་སོའི་མི་སྤྱི་སྡེ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ལས་ཞུགས་ལྟ་སྦྱོང་ལས་དོན་ལ་སྡོམ་འགོད་དོ་དམ་བྱེད་འགན་འཁུར་དགོས་ཤིང་། འགན་འཁྲི་གཙོ་བོ་ནི། 

གཅིག རང་ས་གནས་ཀྱི་ལས་ཞུགས་ལྟ་སྦྱོང་གི་སྤྱིའི་འཆར་འགོད་དང་ལོ་འཁོར་འཆར་གཞི་བཟོ་དགོས། 

གཉིས། རང་ས་གནས་ཀྱི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་འོས་སྦྱོར་རེ་ཞུ་དང་། མངའ་ཁོངས་ནང་གི་ལྟ་སྦྱོང་རྟེན་གཞིར་ལོ་རེ་རེར་ཞིབ་བཤེར་བྱེད་དགོས། 

གསུམ། ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་རེ་ཞུར་ཞིབ་བཤེར་གཏན་འབེབས་བྱེད་དགོས། 

བཞི། ལྟ་སྦྱོང་རྟེན་གཞིར་ལྟ་སྐུལ་དང་ཞིབ་བཤེར། དཔྱད་དཔོག་བཅས་བྱས་ཏེ། གྲོས་མགོ་བཏོན་ནས་འགུལ་རྣམ་གྱིས་བྱང་བུ་འགེལ་བའམ་ཡང་ན་བྱང་བུ་ལེན་པ་བཅས་བྱེད་དགོས། 

   དོན་ཚན་བརྒྱད་པ། ཁུལ་དང་རྫོང་གི་ལས་ཞུགས་སྡེ་ཁག་གིས་རིམ་པ་དེ་གའི་མི་སྤྱི་སྡེ་ཁག་གི་མཛུབ་ཁྲིད་འོག ས་གནས་དེ་གའི་ལས་ཞུགས་ལྟ་སྦྱོང་གི་རྩ་འཛུགས་སྐུལ་འདེད་དང་ལས་སྒོའི་མཛུབ་ཁྲིད་ལས་དོན་གྱི་ཞིབ་ཕྲའི་འགན་འཁུར་དགོས་ལ། འགན་འཁྲི་གཙོ་བོ་ནི། 

གཅིག ལས་ཞུགས་ལྟ་སྦྱོང་འཆར་གཞི་ལག་བསྟར་སྒྲིག་འཛུགས་བྱེད་དགོས། 

གཉིས། ལས་ཞུགས་ལྟ་སྦྱོང་རྟེན་གཞིའི་རེ་ཞུ་བྱེད་མཁན་སྡེ་ཁག་གི་ཐོབ་ཐང་བདག་སྤྲོད་དང་ཐོག་མའི་ཞིབ་བཤེར་བྱེད་དགོས། 

གསུམ། ལས་ཞུགས་ལྟ་སྦྱོང་གི་འབྲེལ་ཡོད་ཆ་འཕྲིན་བསྡུ་རུབ་དང་གོང་ཞུ། ཁྱབ་སྒྲོག་བཅས་བྱེད་དགོས། 

བཞི། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་གི་མིང་ཐོ་འགོད་པའི་རེ་ཞུ་བདག་སྤྲོད་དང་ཞིབ་བཤེར་བྱེད་དགོས། 

ལྔ། ལས་ཞུགས་ལྟ་སྦྱོང་རྟེན་གཞི་དང་སློབ་ཆེན་མཐར་ཕྱིན་སློབ་མར་ལས་གནས་འབྲེལ་མཐུད་སྒྲིག་འཛུགས་བྱེད་དགོས། 

དྲུག ལྟ་སྦྱོང་མི་སྣར《ལས་ཞུགས་ལས་ཤོར་ཐོ་འགོད་དཔང་ཡིག》ལེན་པར་མཛུབ་ཁྲིད་དང་ཞབས་ཞུ་མཁོ་འདོན་བྱེད་དགོས། 

བདུན། རང་མངའ་ཁོངས་ནང་གི་ལས་ཞུགས་ལྟ་སྦྱོང་རེ་འདུན་ཞུ་མཁན་སྡོམ་འགོད་སྙོམས་སྒྲིག་བྱེད་དགོས། 

བརྒྱད། ལས་ཞུགས་ལྟ་སྦྱོང་ལས་དོན་ལ་ཉིན་རྒྱུན་གྱི་དོ་དམ་དང་རྗེས་སྙེག་ཞབས་ཞུ་བྱེད་པ་མ་ཟད། ལྟ་སྦྱོང་མི་སྣའི་རྩིས་ཁྲ་བཟོ་དགོས། 

དགུ། ལྟ་སྦྱོང་རོགས་དངུལ་རེ་ཞུ་བདག་སྤྲོད་དང་ཐོག་མའི་ཞིབ་བཤེར་བྱེད་དགོས། 

ལེའུ་གསུམ་པ། ལྟ་སྦྱོང་རྟེན་གཞིའི་སྙན་ཞུ་དང་ངོས་འཛིན། 

    དོན་ཚན་དགུ་པ། ལྟ་སྦྱོང་རྟེན་གཞི་འཛུགས་པར་རེ་ཞུ་བྱེད་མཁན་ནི་རང་ཚུགས་ཀྱི་ཁྲིམས་མིའི་ཐོབ་ཐང་ལྡན་པའི་ཁེ་ལས་དང་དོན་གཉེར་སྡེ་ཁག་ཡིན་པར་གཏན་ཁེལ་བྱེད་དགོས། དུས་མཚུངས་སུ་གཤམ་གསལ་གྱི་ཆ་རྐྱེན་དག་འཛོམས་དགོས་པ་སྟེ། 

གཅིག སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་ཙམ་ལྡན་པ་དང་། དོ་དམ་ཚད་ལྡན་ཡིན་པ། གྲངས་འབོར་ངེས་ཅན་གྱི་ལྟ་སྦྱོང་ལས་གནས་རྒྱུན་མཐུད་ངང་མཁོ་འདོན་བྱེད་ཐུབ་པ། ལྟ་སྦྱོང་བྱེད་པའི་སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་སྡུད་ལེན་བྱེད་ཐུབ་པའི་ནུས་པ་ལྡན་དགོས། 

གཉིས། མཁོ་འདོན་བྱེད་པའི་ལྟ་སྦྱོང་ལས་གནས་དེར་ལག་རྩལ་འདུས་ཚད་དང་ལས་སྒོའི་ནང་དོན་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཏེ། ཆེད་ལས་མི་འདྲ་བའི་སློབ་ཆེན་མཐར་ཕྱིན་སློབ་མའི་རྩལ་ནུས་ཀྱི་ཆུ་ཚད་དང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་པར་ཁག་ཐེག་བྱེད་དགོས། 

གསུམ། ལོ་རེར་མཁོ་འདོན་བྱེད་ཐུབ་པའི་ལྟ་སྦྱོང་ལས་གནས་ཀྱི་གྲངས་འབོར་དང་ལས་གནས་ཀྱི་འགན་འཁྲི། ལས་གནས་ཀྱི་བླང་བྱ། ལྟ་སྦྱོང་གི་དུས་ཚོད་སོགས་ཀྱི་འབྲེལ་ཡོད་ནང་དོན་ཁ་གསལ་བཟོ་དགོས། 

བཞི། ལྟ་སྦྱོང་བྱེད་སའམ་ཡང་ན་ལས་གནས་ངེས་ཅན་ཡོད་དགོས་པ་དང་། འབྲེལ་ཡོད་ལག་ལེན་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། བལྟོས་བཅས་ངེས་བརྟན་གྱི་ལྟ་སྦྱོང་མཛུབ་ཁྲིད་དང་རམ་འདེགས་མི་སྣ་ཡང་ཡོད་དགོས། 

ལྔ། ལྟ་སྦྱོང་དོ་དམ་གྱི་ཆ་སྡེབ་ལམ་ལུགས་འཛུགས་དགོས་ཤིང་། དེར་ལྟ་སྦྱོང་མི་སྣའི་དོ་དམ་དང་འཚོ་བའི་ཁ་གསབ་སྤྲོད་པ། ལྟ་སྦྱོང་བྱས་ཚུལ་དཔྱད་ཞིབ། དེ་བཞིན་གསལ་འབྱེད་སོགས་ཀྱི་ནང་དོན་ཚུད་ཡོད། 

དྲུག རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་ཏན་བྱས་ཏེ། རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ངལ་རྩོལ་སྲུང་སྐྱོང་དང་ལས་རིགས་ཉེན་ཁ་འགོག་སྲུང་གི་བྱེད་ཐབས་ཡོད་དགོས་པ་བཅས་ཡིན། 

དོན་ཚན་བཅུ། ལྟ་སྦྱོང་སྡེ་ཁག་གི་ལས་རིགས་ཁྱབ་ཚུལ་དེ་ས་གནས་དེ་གའི་གཙོ་གནད་འཕེལ་རྒྱས་ཀྱི་ལེགས་ཆའི་ཐོན་ལས་ལ་དམིགས་བསལ་གྱི་བསམ་གཞིག་བྱེད་པ་དང་། དུས་མཚུངས་སུ་ལས་རིགས་མི་འདྲ་བའི་ཁེ་ལས་དང་དོན་གཉེར་སྡེ་ཁག་ཞུགས་གང་ཐུབ་བྱས་ཏེ། སློབ་ཆེན་མཐར་ཕྱིན་སློབ་མའི་དགོས་མཁོ་མི་འདྲ་བ་སྐོང་ཐུབ་པ་བྱེད་དགོས། 

དོན་ཚན་བཅུ་གཅིག ལྟ་སྦྱོང་རྟེན་གཞིའི་ཡིག་ཐོག་སྙན་ཞུ་འབུལ་སྐབས་གཤམ་གསལ་གྱི་དཔྱད་ཡིག་ཁག་སྤྲོད་དགོས་པ་སྟེ། 

གཅིག ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་གཉེར་སྡེ་ཁག་དེ་ལྟ་སྦྱོང་རྟེན་གཞི་རེ་ཞུའི་ཆ་རྐྱེན་དང་མཐུན་ན། 《མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིའི་རེ་ཞུའི་རེའུ་མིག》སྤྲོད་དགོས་པ་མ་ཟད། ལས་གཉེར་ལག་ཁྱེར་གྱི་འདྲ་དེབ་བམ་ཡང་ན་དོན་གཉེར་ཁྲིམས་མིའི་ཐོ་འགོད་ལག་འཁྱེར་གྱི་བསྐྱར་དཔར། མཐར་ཕྱིན་སློབ་མའི་ལྟ་སྦྱོང་དོ་དམ་བྱེད་ཐབས་སོགས་ཀྱི་དཔྱད་ཡིག་བཅས་ཞོར་དུ་མཁོ་འདོན་བྱེད་དགོས་ལ། རིམ་པ་གཅིག་མཚུངས་ཀྱི་མི་སྤྱི་སྡེ་ཁག་གི་ཞིབ་བཤེར་མོས་མཐུན་ཐོབ་རྗེས། ཞིང་ཆེན་མི་སྤྱི་ཐིང་ལ་བཤེར་མཆན་འགོད་པར་འབུལ་དགོས། 

གཉིས། རྫོང་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་གཉེར་སྡེ་ཚན་དེ་ལྟ་སྦྱོང་རྟེན་གཞི་རེ་ཞུའི་ཆ་རྐྱེན་དང་མཐུན་ན། 《མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིའི་རེ་ཞུའི་རེའུ་མིག》དང་། ལས་གཉེར་ལག་ཁྱེར་གྱི་འདྲ་དེབ་བམ་ཡང་ན་དོན་གཉེར་ཁྲིམས་མིའི་ཐོ་འགོད་ལག་འཁྱེར་གྱི་བསྐྱར་དཔར། མཐར་ཕྱིན་སློབ་མའི་ལྟ་སྦྱོང་དོ་དམ་བྱེད་ཐབས་སོགས་ཀྱི་དཔྱད་ཡིག་བཅས་ཞོར་དུ་མཁོ་འདོན་བྱེད་དགོས་ལ། རིམ་པ་གཅིག་མཚུངས་ཀྱི་མི་སྤྱི་སྡེ་ཁག་གིས་ཞིབ་བཤེར་བྱས་པ་བརྒྱུད། ཁུལ་མི་སྤྱི་སྡེ་ཁག་ལ་བསྐྱར་ཞིབ་བྱེད་པར་སྙན་སེང་ཞུས་རྗེས། ཞིང་ཆེན་མི་སྤྱི་ཐིང་ལ་བཤེར་མཆན་འགོད་པར་འབུལ་དགོས།

གསུམ།  མཁོ་འདོན་བྱེད་དགོས་པའི་དཔྱད་ཡིག་གཞན་དག་བཅས་ཡིན། 

དོན་ཚན་བཅུ་གཉིས། ལས་ཞུགས་ལྟ་སྦྱོང་གི་སྙན་ཞུ་འབུལ་བར་གཤམ་གསལ་གོ་རིམ་ལྟར་སྒྲུབ་དགོས་པ་སྟེ། 

གཅིག  སྡེ་ཁག་གི་སྙན་ཞུ། མི་བཀོལ་སྡེ་ཁག་གིས་ལྟ་སྦྱོང་རྟེན་གཞིའི་རེ་ཞུ་བྱེད་སྐབས། ས་གནས་དེ་གའི་མི་སྤྱི་སྡེ་ཁག་ཁོངས་གཏོགས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་ལ་རེ་ཞུ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་དཔྱད་ཡིག་འབུལ་དགོས་པ་དང་། རྩ་དོན་ཐོག་ལོ་གཅིག་ལ་རེ་ཞུ་ཐེངས་རེ་བྱེད་དགོས་པ་དང་། ལོ་རེའི་ཟླ11པའི་ཟླ་མགོར་མི་བཀོལ་སྡེ་ཁག་གིས་འཆར་གཞི་ཡོད་པའི་སྒོ་ནས་རེ་ཞུ་བྱེད་དགོས། 

གཉིས། དཔྱད་ཡིག་ཞིབ་བཤེར། སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་ཁུངས་ལ་རེ་ཞུའི་དཔྱད་ཡིག་འབྱོར་རྗེས། ལས་ཀའི་ཉིན15ཡི་ནང་ཡིག་ཐོག་ནས་ཞིབ་བཤེར་བྱས་ཏེ། ཐོག་མའི་བསམ་འཆར་འདོན་དགོས། 

གསུམ། ཆ་རྐྱེན་དཔྱད་དཔོག དཔྱད་ཡིག་ལ་ཞིབ་བཤེར་ཆོག་མཆན་ཐོབ་པའི་སྙན་ཞུ་འབུལ་མཁན་སྡེ་ཁག་དེར་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྡེ་ཁག་གིས་ལས་ཀའི་ཉིན30ཡི་ནང་ཚུན་དུ་དེའི་ལྟ་སྦྱོང་བྱ་ཡུལ་དང་དོ་དམ་ལམ་ལུགས། གསོ་སྦྱོང་ཆ་རྐྱེན། དགེ་རྒན་བཀོད་སྒྲིག གཉེར་སྐྱོང་དོ་དམ་སོགས་ལ་རྟོག་ཞིབ་དང་དཔྱད་དཔོག་བྱས་ནས། ཞིབ་བཤེར་བསམ་འཆར་འདོན་དགོས། 

བཞི། སྤྱི་ཚོགས་ཡོངས་བསྒྲགས། ལྟ་སྦྱོང་རྟེན་གཞིར་ཐོག་མའི་ཞིབ་བཤེར་ཆོག་མཆན་ཐོབ་རྗེས། མི་སྤྱི་སྡེ་ཁག་གིས་དྲ་ཚིགས་སོགས་སྨྱན་སྦྱོར་བརྒྱུད་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ཡོངས་བསྒྲགས་བྱས་ཀྱང་བསམ་འཆར་མི་མཐུན་པ་མེད་ཚེ། ཞིང་ཆེན་མི་སྤྱི་ཐིང་ལ་བཤེར་མཆན་འགོད་པར་འབུལ་དགོས། 

ལྔ། སྒོ་བྱང་འགེལ་བའི་ངོས་འཛིན། ཞིབ་བཤེར་ཆོག་མཆན་ཐོབ་པ་བརྒྱུད་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་བཙུགས་པའི་ལྟ་སྦྱོང་སྡེ་ཁག་དེ། ཞིང་ཆེན་མི་སྤྱི་ཐིང་གིས“མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི”ཡི་སྒོ་བྱང་གཅིག་གྱུར་ཐོག་སྤྲོད་པ་ཡིན། 

ལེའུ་བཞི་པ། ལས་ཞུགས་ལྟ་སྦྱོང་ནང་ཞུགས་པ་སྒྲིག་འཛུགས་བྱེད་པ། 

དོན་ཚན་བཅུ་གསུམ། གཤམ་གསལ་གྱི་གོ་རིམ་ལྟར་སློབ་ཆེན་མཐར་ཕྱིན་སློབ་མ་སྒྲིག་འཛུགས་བྱས་ཏེ་ལས་ཞུགས་ལྟ་སྦྱོང་ནང་ཞུགས་པ་སྟེ། 

གཅིག  ལྟ་སྦྱོང་ལས་གནས་མཁོ་འདོན་བྱེད་པ། སློབ་ཆེན་མཐར་ཕྱིན་སློབ་མ་སྒྲིག་འཛུགས་བྱས་ཏེ་ཆོག་མཆན་ཐོབ་པའི་ལྟ་སྦྱོང་རྟེན་གཞིར་ལྟ་སྦྱོང་བྱེད་སྒོ་སྤེལ་དགོས། ལྟ་སྦྱོང་སྡེ་ཁག་གིས་དུས་ཐོག་ཏུ་ས་གནས་དེ་གའི་མི་སྤྱི་སྡེ་ཁག་ལ་ལས་གནས་ཆ་འཕྲིན(ལྟ་སྦྱོང་ལས་གནས་དང་། དུས་ཡུན  ཆེད་ལས་ཀྱི་བླང་བྱ་སོགས་འབྲེལ་ཡོད་ཆ་འཕྲིན)མཁོ་འདོན་བྱེད་དགོས།

གཉིས།  ལས་གནས་ཆ་འཕྲིན་ཁྱབ་སྒྲོག་བྱེད་པ། རིམ་པ་སོ་སོའི་མི་སྤྱི་སྡེ་ཁག་གིས་སྨྱན་སྦྱོར་དང་ཤེས་ལྡན་མི་སྣའི་ཞབས་ཞུའི་སྡེ་ཁག  སྤྱི་པའི་ལས་ཞུགས་ཞབས་ཞུའི་སྡེ་ཁག སློབ་ཆེན་གྱི་ལས་ཞུགས་མཛུབ་ཁྲིད་དང་ཞབས་ཞུའི་སྡེ་ཁག་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ལྟ་སྦྱོང་ལས་གནས་ཀྱི་ཆ་འཕྲིན་ཁྱབ་སྒྲོག་བྱེད་དགོས། 

གསུམ། ལྟ་སྦྱོང་གི་མིང་ཐོ་འགོད་པ་སྒྲིག་འཛུགས་བྱེད་པ། དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་པའི་ལྟ་སྦྱོང་བྱ་ཡུལ་ཚང་མས་ལས་ཞུགས་ལྟ་སྦྱོང་ནང་ཞུགས་པའི་རེ་ཞུ་བྱེད་ཆོག  ལྟ་སྦྱོང་གི་དུས་ཡུན་ནི་ཟླ3-12ཡིན། སློབ་ཆེན་མཐར་ཕྱིན་སློབ་མ་རེ་ལས་ཞུགས་ལྟ་སྦྱོང་ཐེངས་རེར་མ་གཏོགས་ཞུགས་མི་ཆོག 

བཞི། ལྟ་སྦྱོང་ལ་ཞུགས་པ་སྒྲིག་འཛུགས་བྱེད་པ། རྫོང་སོ་སོའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྡེ་ཚན་གྱིས་ཆེད་དོན་མིང་ཐོ་འགོད་གནས་བཀོད་སྒྲིག་གམ་ཡང་ན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དྲ་བའི་ཐོག་མིང་ཐོ་འགོད་པའི་བྱེད་ཐབས་བཟོས་ནས། སློབ་ཆེན་མཐར་ཕྱིན་སློབ་མའི་ལྟ་སྦྱོང་རེ་ཞུ་དང་ལེན་བྱེད་དགོས། ལས་ཞུགས་ལྟ་སྦྱོང་རེ་ཞུ་བྱེད་མཁན་སློབ་ཆེན་མཐར་ཕྱིན་སློབ་མས་ངེས་པར་དུ《མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་གི་མིང་ཐོ་འགོད་པའི་རེའུ་མིག》འབྲི་དགོས་པ་མ་ཟད། ཐོབ་ཐང་ལག་ཁྱེར་དང་མཐར་ཕྱིན་འཛིན་ཡིག་གི་བསྐྱར་དཔར་སོགས་ཀྱི་དཔྱད་ཡིག་ཀྱང་ཟུར་དུ་ཁྱེར་ནས། སྤྱི་པའི་ལས་ཞུགས་ཞབས་ཞུའི་སྡེ་ཁག་ཏུ་ཕྱིན་ནས་ལྟ་སྦྱོང་ནང་ཞུགས་པའི་མིང་ཐོ་འགོད་དགོས། “ལྟ་སྦྱོང་ལས་གནས་དང་རིག་ཚན་ཆེད་ལས་ཐག་ཉེ་བའི”རྩ་དོན་ལྟར། ལྟ་སྦྱོང་བྱ་ཡུལ་གྱི་སློབ་མས་བསླབ་གནས་ཆེད་ལས་ཀྱི་ཁྱད་ཆོས་དང་ལྟ་སྦྱོང་ལས་གནས་ཀྱི་དགོས་མཁོ་གཞིར་བཟུང་ནས་ལྟ་སྦྱོང་སྒྲིག་འཛུགས་བྱེད་དགོས། 

ལྔ། ལྟ་སྦྱོང་གི་གྲོས་མཐུན་འཇོག་པ། ལྟ་སྦྱོང་བྱ་ཡུལ་གཏན་ཁེལ་བྱས་རྗེས། ལྟ་སྦྱོང་སྡེ་ཁག་གིས་དུས་ཐོག་ཏུ་སློབ་ཆེན་མཐར་ཕྱིན་སློབ་མ་དང《མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་གྲོས་མཐུན》ལ་མིང་རྟགས་བཀོད་དེ། ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན་སོགས་ཀྱི་འབྲེལ་ཡོད་ནང་དོན་ཁ་གསལ་བཟོ་དགོས། 

དྲུག ལྟ་སྦྱོང་གི་ཕྱོགས་བསྡོམས་སྙན་ཞུ་འབུལ་བ། ལྟ་སྦྱོང་མཇུག་སྒྲིལ་རྗེས་ལྟ་སྦྱོང་སྡེ་ཁག་གིས་ལྟ་སྦྱོང་མཐར་ཕྱིན་སློབ་མར་ལས་ཞུགས་ལྟ་སྦྱོང་གསལ་འབྱེད་སྤྲོད་དགོས་པ་མ་ཟད། དེ་ངོས་འཛིན་བྱས་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་ལ་ལས་ཞུགས་ལྟ་སྦྱོང་གི་ཕྱོགས་སྡོམ་སྙན་ཞུ་འབུལ་དགོས། 

དོན་ཚན་བཅུ་བཞི། རིམ་པ་སོ་སོའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྡེ་ཁག་གིས་དུས་ཐོག་ཏུ་ལྟ་སྦྱོང་སྡེ་ཁག་དང་སློབ་ཆེན་མཐར་ཕྱིན་སློབ་མ་ཕན་ཚུན་གདམ་གསེས་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས། ལྟ་སྦྱོང་དུས་ཚོད་ལོངས་རྗེས་བཀོལ་སྤྱོད་བྱེད་པའི་རིགས་དེ་དུས་ཐོག་ཏུ་མི་བཀོལ་ལས་ཁུངས་དང་སློབ་ཆེན་མཐར་ཕྱིན་སློབ་མའི་ངལ་རྩོལ་གན་རྒྱ་འཇོག་དགོས་པ་མ་ཟད། གཏན་འབེབས་ལྟར་ས་གནས་དེ་གའི་མི་སྤྱི་སྡེ་ཁག་ཏུ་ལས་ཞུགས་ཐོ་འགོད་དང་ངལ་རྩོལ་ལས་མི་སྤྱོད་པའི་ཐོ་འགོད་སྙན་སེང་སོགས་ཀྱི་འགྲོ་ལུགས་གཉེར་དགོས། ལྟ་སྦྱོང་བྱེད་རིང་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་ཚན་གྱིས་ལྟ་སྦྱོང་ནང་ཞུགས་མཁན་མཐར་ཕྱིན་སློབ་མར་རིན་མེད་ངང་མི་དོན་ཡིག་ཚགས་ཚབ་གཉེར་ཞབས་ཞུ་མཁོ་འདོན་བྱེད་དགོས། 

ལེའུ་ལྔ་པ། ལྟ་སྦྱོང་དོ་དམ་སྐོར། 

དོན་ཚན་བཅོ་ལྔ། ལྟ་སྦྱོང་རྟེན་གཞིའི་འགན་འཁྲི་ནི། 

གཅིག རང་ལས་ཁུངས་ཀྱི་ལས་ཞུགས་ལྟ་སྦྱོང་དོ་དམ་ལམ་ལུགས་བཟོས་ནས་དེ་མཚུངས་ཀྱི་སྡེ་ཁག་དང་ཆེད་བསྐོས་མི་སྣས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དོ་དམ་ལས་དོན་གྱི་འགན་འཁུར་པ་ཁ་གསལ་བཟོས་ཏེ། ལྟ་སྦྱོང་མི་སྣའི་རྨང་གཞིའི་རྩིས་ཁྲ་བཟོ་བ་དང་ལྟ་སྦྱོང་གི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས། 

གཉིས།  ལྟ་སྦྱོང་རྟེན་གཞི་དང་ལྟ་སྦྱོང་མི་སྣས་ལྟ་སྦྱོང་གྲོས་མཐུན་བཞག་རྗེས། ལས་ཞུགས་ལྟ་སྦྱོང་གྲོས་མཐུན་གྱི་མ་ཡིག་དང་ལྟ་སྦྱོང་མི་སྣའི་ཐོབ་ཐང་ལག་ཁྱེར། མཐར་ཕྱིན་འཛིན་ཡིག་གི་བསྐྱར་དཔར་སོགས་ཀྱི་དཔྱད་གཞི་ས་གནས་དེ་གའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྡེ་ཁག་ལ་ཞིབ་བཤེར་ཐོ་འགོད་བྱེད་པར་ཕུལ་ནས། ཐོ་འགོད་སྙན་སེང་གི་དཔྱད་གཞི་དེ་ལྟ་སྦྱོང་རྟེན་གཞིའི་རེ་ཞུའི་ལྟ་སྦྱོང་ཁ་གསབ་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། 

གསུམ། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལག་རྩལ་གྱི་ཆུ་ཚད་མཐོ་བ། འགན་འཁྲི་འཁུར་སེམས་ཆེ་བ་བཅས་ཀྱི་ལག་རྩལ་མི་སྣའམ་ཡང་ན་དོ་དམ་མི་སྣ་ལྟ་སྦྱོང་དགེ་རྒན་དུ་མངགས་ནས། ལྟ་སྦྱོང་མི་སྣའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་རོགས་བྱེད་དགོས། 

བཞི། ལྟ་སྦྱོང་རྟེན་གཞིས་ལྟ་སྦྱོང་མི་སྣའི་རྒྱུན་གཏན་དོ་དམ་ཡག་པོ་བྱས་ཏེ། ལྟ་སྦྱོང་རིང་མི་ལུས་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། བསམ་ཡུལ་ལས་འདས་པའམ་ཡང་ན་རྩོད་གཞི་བྱུང་ཚེ་ལྟ་སྦྱོང་རྟེན་གཞིས་འགན་འཁུར་དགོས་པ་མ་ཟད་། ཐག་གཅོད་འོས་འཚམ་བྱེད་དགོས། ལྟ་སྦྱོང་མི་སྣའི་བསམ་བློ་དང་ལས་དོན། འཚོ་བ་བཅས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ། བདེ་འཇགས་དོ་དམ་དང་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ་ལས། ལྟ་སྦྱོང་མི་སྣ་ཐད་ཀར་དུག་དང་གནོད་འཚེ་ཡོད་པའམ་ཡང་ན་བདེ་འཇགས་ཀྱི་བྱུར་རྐྱེན་ལྡན་པའི་ལས་ཀ་བྱེད་དུ་བཅུག་མི་ཆོག ལས་རིགས་འཕྲོད་བསྟེན་གྱི་བླང་བྱ་ཡོད་རིགས་དུས་བཅད་ལྟར་ལྟ་སྦྱོང་མི་སྣར་གཟུགས་པོ་བརྟག་དཔྱད་བྱེད་པར་སྒྲིག་འཛུགས་བྱེད་དགོས། 

ལྔ། ལྟ་སྦྱོང་རྟེན་གཞིས་སྤྱི་ཚོགས་འགན་བཅོལ་གྱི“བྱང་གཅིག་ཀུན་འཐུས”བརྒྱུད་ལྟ་སྦྱོང་མི་སྣར་ལྟ་སྦྱོང་ཁ་གསབ་སྤྲོད་པ་དང་འབྲེལ། ལྟ་སྦྱོང་མི་སྣར་བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེའི་འགན་སྲུང་ཉོ་དགོས། 

དྲུག ལྟ་སྦྱོང་བྱེད་ཡུན་ལོངས་པའི་སློབ་ཆེན་མཐར་ཕྱིན་སློབ་མ་རིགས་དེ་གར་ལས་ཞུགས་བྱེད་པར་བསྡུ་ལེན་ཧུར་ཐག་བྱེད་དགོས། 

དོན་ཚན་བཅུ་དྲུག  ལྟ་སྦྱོང་རྟེན་གཞིས་ལྟ་སྦྱོང་གྲོས་མཐུན་ལ་བརྩི་སྲུང་ཞུ་དགོས་པ་དང་། ལྟ་སྦྱོང་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་ལས་ལྟ་སྦྱོང་གྲོས་མཐུན་གང་བྱུང་དུ་མེད་པར་བཟོ་མི་ཆོག ལྟ་སྦྱོང་བྱེད་རིང་ལྟ་སྦྱོང་མི་སྣར་གཤམ་གསལ་གནས་ཚུལ་གྱི་གང་རུང་ཡོད་ཚེ།  ལྟ་སྦྱོང་རྟེན་གཞིས་ལྟ་སྦྱོང་གྲོས་མཐུན་མཚམས་འཇོག་བྱེད་ཆོག་པ་དང་འབྲེལ་ས་གནས་དེ་གའི་མི་སྤྱི་སྡེ་ཁག་ལ་ཐོ་འགོད་བྱེད་དགོས་པ་སྟེ། 

གཅིག ལས་ཀའི་ལས་ཁུངས་སོགས་དོན་འཁྱོལ་བྱས་ནས་མུ་མཐུད་དུ་ལས་ཞུགས་ལྟ་སྦྱོང་ནང་ཞུགས་མི་ཐུབ་པ། 

གཉིས། ལྟ་སྦྱོང་རྟེན་གཞིའི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་མི་བྱེད་པ་མ་ཟད་། སློབ་གསོ་བཏང་ཡང་ཕན་འབྲས་མི་ཐོན་པའི་རིགས། 

གསུམ། རྟེན་གཞིའི་དོ་དམ་དང་ལེན་མ་བྱས་པར་ལྟ་སྦྱོང་རྟེན་གཞིར་གྱོང་གུན་ཚབས་ཆེན་བཟོས་རིགས། 

བཞི། རང་ཉིད་ཀྱིས་མུ་མཐུད་དུ་ལས་ཞུགས་ལྟ་སྦྱོང་བྱེད་འདོད་མེད་པའི་རིགས། 

ལྔ། ལྟ་སྦྱོང་གི་ལས་ཀ་མུ་མཐུད་དུ་བྱེད་མི་འོས་པའི་རིགས་གཞན་དག་བཅས་ཡིན། 

དོན་ཚན་བཅུ་བདུན། ལྟ་སྦྱོང་མི་སྣས་ཉིན15ཡི་སྔ་རོལ་དུ་ཡིག་ཐོག་ནས་ལྟ་སྦྱོང་རྟེན་གཞིར་བརྡ་སྦྱོར་བཏང་ཚེ། ལྟ་སྦྱོང་གི་གྲོས་མཐུན་མེད་པར་བཟོ་ཆོག་པ་དང་། ལྟ་སྦྱོང་བྱེད་རིང་ལྟ་སྦྱོང་རྟེན་གཞིར་གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ། ལྟ་སྦྱོང་མི་སྣས་ལྟ་སྦྱོང་བྱེད་མཚམས་འཇོག་ཆོག་པ་མ་ཟད། ས་གནས་དེ་གའི་མི་སྤྱི་སྡེ་ཁག་ལ་ཞུ་དགོས་པ་སྟེ། 

གཅིག གྲོས་མཐུན་གྱི་ཁ་ཆད་ལྟར་ལས་ཀ་དང་འཚོ་བའི་ཁ་གསབ་དུས་ཐོག་ཏུ་མ་སྤྲད་པ། 

གཉིས། གྲོས་མཐུན་གྱི་ཁ་ཆད་ལྟར་ལྟ་སྦྱོང་ལས་གནས་སམ་ལྟ་སྦྱོང་གི་ཆ་རྐྱེན་འདོན་སྤྲོད་མ་བྱས་པ། 

གསུམ། ལྟ་སྦྱོང་མི་སྣར་ཐད་ཀར་དུག་དང་གནོད་པ་ཡོད་པའམ་བདེ་འཇགས་ཀྱི་བྱུར་རྐྱེན་ཡོད་པའི་ལས་ཀ་བྱེད་དུ་བཅུག་པ། 

བཞི། དྲག་ཤུགས་དང་འཇིགས་སྐུལ། ཡང་ན་ཁྲིམས་འགལ་གྱིས་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་སྤྱད་དེ་ལྟ་སྦྱོང་མི་སྣར་བཙན་ཤེད་ཀྱིས་ལྟ་སྦྱོང་བྱེད་དུ་བཅུག་པ། 

ལྔ། སྒྲིག་ཁྲིམས་དང་འགལ་ཏེ་བཀོད་འདོམས་བྱེད་པ་དང་བཙན་དབང་གིས་ཉེན་ཁའི་ལས་ཀ་བྱེད་དུ་བཅུག་ནས་ལྟ་སྦྱོང་མི་སྣའི་མི་ལུས་བདེ་འཇགས་ལ་ཉེན་ཁ་བཟོས་པ་བཅས་ཡིན། 

ལེའུ་དྲུག་པ། ལྟ་སྦྱོང་གི་ཁ་གསབ་མ་དངུལ་འགན་སྲུང་། 

དོན་ཚན་བཅོ་བརྒྱད། 2022ལོ་ནས་བཟུང་། ལས་ཞུགས་ལས་གཏོད་རོགས་སྐྲུན་གྱི་ཁ་གསབ་མ་དངུལ་བཙུགས་ནས་ལྟ་སྦྱོང་ཁ་གསབ་ཐད“ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་མ་དངུལ་ཚང་མ་དོན་འཁྱོལ་དང་། ལས་ཞུགས་ལས་གཏོད་རོགས་སྐྲུན་གྱི་ཁ་གསབ་མ་དངུལ་ནུས་ལྡན་ཁ་གསབ། ལྟ་སྦྱོང་དང་མི་སྤྱོད་སྡེ་ཁག་ལ་དེ་མཚུངས་ཀྱི་ཁ་གསབ་སྤྲོད་པའི”ལམ་སྲོལ་ལག་བསྟར་བྱེད་པ་ཡིན། དོན་དངོས་ལས་དོན་དང་ཟུང་འབྲེལ་བྱས་ཏེ། དེ་མཚུངས་ཀྱི་སྣོན་འཕྲི་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཞུགས་ལས་གཏོད་ཀྱི་མ་དངུལ་ཁ་གསབ་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ། ཆེད་སྤྱོད་རྩིས་ཁྲ་བཟོས་ནས་མ་དངུལ་རིམ་འགྲིལ་བེད་སྤྱོད་བྱེད་དགོས། 

དོན་ཚན་བཅུ་དགུ། ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་མཁན་ལ་འཛོམས་དགོས་པའི་ཆ་རྐྱེན་གཤམ་གསལ་ལྟར། 

གཅིག དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་པའི་ལྟ་སྦྱོང་བྱ་ཡུལ་ཡིན་པ། 

གཉིས། རོགས་སྐྲུན་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་རེ་ཞུ་བྱེད་མཁན་གྱི་དོན་གཉེར་སྡེ་ཁག་གི་ལྟ་སྦྱོང་ཁ་གསབ་མི་སྣ་ནི་དངོས་གཞི་ཡན་གྱི་བསླབ་གནས་ལྡན་པའི་སློབ་ཆེན་མཐར་ཕྱིན་སློབ་མ་ཡིན་པ་དང། ཁེ་ལས་ཀྱི་ལྟ་སྦྱོང་ཁ་གསབ་མི་སྣ་དེ་འབྲིང་རིམ་ལས་རིགས་སློབ་གྲྭ་ཡན་གྱི་བསླབ་གནས་ལྡན་པའི་མཐར་ཕྱིན་སློབ་མ་ཡིན་པ། 

གསུམ།  ལྟ་སྦྱོང་དོ་དམ་དང་སྒྲིག་སྲོལ་ལམ་ལུགས་ཁག་ལ་བརྩི་སྲུང་ཞུ་བའི་ལྟ་སྦྱོང་མི་སྣ་ཡིན་པ། 

བཞི། ལྟ་སྦྱོང་ལ་འཛོམས་དགོས་པའི་ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་ལྡན་པ་བཅས་ཡིན། 

དོན་ཚན་ཉི་ཤུ། ལྟ་སྦྱོང་ཁ་གསབ་དེ་གཤམ་གསལ་གྱི་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་པ་སྟེ། 

གཅིག ལྟ་སྦྱོང་གི་དུས་ཡུན་ནང་། ལྟ་སྦྱོང་དུས་ཡུན་ནང་ངལ་རྩོལ་གན་རྒྱ་བཞག་ནས་ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་མ་དངུལ(དུས་ཡུན་ལོངས་རྗེས་ཉར་འཇོག་བྱེད་ཚད30%ཡན་ནས་50%མན་ཡིན་པ་ལ་མི་རེར་ཟླ་རེར་སྒོར700ཡི་ཚད་གཞི་ལྟར་ལྟ་སྦྱོང་ཁ་གསབ་སྤྲོད་པ་དང་། ཉར་འཇོག་བྱེད་ཚད50%ཡན་ཟིན་པར་མི་རེར་ཟླ་རེར་སྒོར1000གི་ཚད་གཞི་ལྟར་ལྟ་སྦྱོང་ཁ་གསབ་སྤྲོད་པ)གྱི་རྨང་གཞིའི་ཐོག་ལྟ་སྦྱོང་དུས་ཡུན་གཞིར་བཟུང་ནས། ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་ལས་ཞུགས་ལས་གཏོད་ཁ་གསབ་མ་དངུལ་ཁྲོད་ནས་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར1000སྤྲོད་པ་ཡིན། ལྟ་སྦྱོང་བྱེད་རིང་འཚོ་བའི་ཁ་གསབ་དེ་རྩ་དོན་ཐོག་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་མི་རུང་། 

གཉིས། ལྟ་སྦྱོང་དུས་ཡུན་ལོངས་ནས་ལོ1 གི་ངལ་རྩོལ་གན་རྒྱ་བཞག་པ། ཁེ་ལས་དང་དོན་གཉེར་ལྟ་སྦྱོང་རྟེན་གཞིར་སློབ་ཆེན་མཐར་ཕྱིན་སློབ་མ་བསྡུ་ལེན་གྱིས་ལས་ཞུགས་བྱེད་པར་སྐུལ་སློང་བྱེད་ཆེད། ལྟ་སྦྱོང་དུས་ཡུན་ལོངས་རྗེས་ལོ་གཅིག་གི་ངལ་རྩོལ་གན་རྒྱ་བཞག་ན། ངལ་རྩོལ་གན་རྒྱ་བཞག་པའི་ཉིན་ནས་བཟུང་ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་ནང་ནས་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར1000-1500བར་སྤྲོད་པ་དེ་མི་སྤྱོད་སྡེ་ཁག་གིས་ལས་ཀ་དང་འཚོ་བའི་ཁ་གསབ་གྲོན་དངུལ་སྤྲོད་པའི་ཐད་སྤྱོད་པ་ཡིན། བྱེ་བྲག་ཏུ་ཁེ་ལས་ལྟ་སྦྱོང་རྟེན་གཞིར་ངལ་རྩོལ་གན་རྒྱ་བཞག་ན་མི་རེར་ཟླ་རེར་ཁ་གསབ་རོགས་དངུལ་སྒོར1500སྤྲོད་པ་དང་། དོན་གཉེར་སྡེ་ཁག་གི་ལྟ་སྦྱོང་རྟེན་གཞིར་ངལ་རྩོལ་གན་རྒྱ་བཞག་ན། མི་རེར་ཟླ་རེར་ཁ་གསབ་རོགས་དངུལ་སྒོར1000སྤྲོད་པ་ཡིན། མི་སྤྱོད་ཚན་པས་དེ་མཚུངས་ཀྱི་ལས་ཀའི་ཁ་གསབ་སྤྲད་དེ་ངལ་རྩོལ་གན་རྒྱའི་དུས་ཡུན་ནང་འཚོ་བའི་ཁ་གསབ་དེ་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཚད་གཞི་ལས་དམའ་མི་རུང་བ་འགན་ལེན་བྱེད་དགོས། ཧྲན་ཏུང་གིས་ལས་ཞུགས་ལས་གཏོད་རོགས་སྐྲུན་གྱི་ཁ་གསབ་མ་དངུལ་གྱི་ཁ་གསབ་ལོ་གཅིག་ལས་མི་བརྒལ་བ་ཡིན། 

གསུམ། ལྟ་སྦྱོང་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་པ། ལྟ་སྦྱོང་གི་དུས་ཡུན་ལོངས་རྗེས། ཉར་སྤྱོད་བྱས་པ་མ་ཟད་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་ནས་ལས་ཞུགས་ཐོ་འགོད་བྱས་རིགས་ལ། དོན་དངོས་ཐོག་ངལ་རྩོལ་གན་རྒྱ་བཞག་པའི་མི་གྲངས་ལྟར་ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་མ་དངུལ་ཁྲོད་ནས་མི་རེར་སྒོར1000གི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་པ་དང་། ཁེ་ལས་ཀྱིས་བསྡུ་ལེན་བྱས་པའི་སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་མཚོ་སྔོན་ནོར་སྲིད་ཁང་གི་ཡིག་ཨང〔2020〕ཨང1833པ་ལྟར་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྤྲོད་པ་ཡིན། 

དོན་ཚན་ཉེར་གཅིག ལྟ་སྦྱོང་ཁ་གསབ་དེ་ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་མ་དངུལ་ནས་གཏོང་དགོས་རིགས་ལ། 《མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》(མཚོ་སྔོན་ནོར་སྲིད་ཁང་གི་ཡིག་ཨང〔2020〕ཨང1833པ)ཡི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ལག་བསྟར་བྱེད་པ་དང་། ལས་ཞུགས་ལས་གཏོད་རོགས་སྐྲུན་གྱི་ཁ་གསབ་མ་དངུལ་ནས་གཏོང་དགོས་རིགས་ལ་ལྟ་སྦྱོང(མི་སྤྱོད)སྡེ་ཁག་གིས་ཟླ་རྗེས་མར་ས་གནས་དེ་གའི་མི་སྤྱི་སྡེ་ཁག་ལ་ཟླ་གོང་མའི་ཁ་གསབ་རེ་ཞུ་བྱེད་པ་དང་འབྲེལ། རྫོང་མི་སྤྱི་སྡེ་ཁག་གིས་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། ཁུལ་མི་སྤྱི་སྡེ་ཁག་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས། འབྲེལ་ཡོད་གོ་རིམ་ཞིབ་བཤེར་བྱས་རྗེས་ལྟ་སྦྱོང་ཚན་པའི་རྩིས་ཐོའི་ནང་སྤྲོད་པ་ཡིན། རེ་ཞུ་བྱེད་སྐབས་གཤམ་གསལ་གྱི་དཔྱད་ཡིག་འདོན་སྤྲོད་བྱེད་དགོས་པ་སྟེ། 

གཅིག མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལྟ་སྦྱོང་རྟེན་གཞིའི་ལྟ་སྦྱོང་ཁ་གསབ་ཀྱི་བཤེར་མཆན་རེའུ་མིག

གཉིས། ལས་གཉེར་ལག་འཁྱེར་རམ་ཡང་ན་ཁྲིམས་མིའི་ཐོ་འགོད་ལག་འཁྱེར་གྱི་བསྐྱར་དཔར། 

གསུམ། ལྟ་སྦྱོང་མི་སྣའི་མིང་ཐོ་དང་ལས་ཞུགས་ལྟ་སྦྱོང་གི་གྲོས་མཐུན་ཡིག་ཆ། གོ་ཆོད་ཐོབ་ཐང་དཔང་ཡིག

བཞི། སློབ་ཆེན་མཐར་ཕྱིན་སློབ་མའི་མཐར་ཕྱིན་འཛིན་ཡིག་གི་བསྐྱར་དཔར་དང་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་བཏོན་པའི་སློབ་ཐོའི་དཔང་ཡིག

ལྔ། བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་སྲུང་སྒྲུབ་པའི་འཛིན་ཤོག་ལག་ཁྱེར(བསྐྱར་དཔར)། 

དྲུག ལྟ་སྦྱོང་སྡེ་ཁག་གི་དངུལ་ཁང་རྩིས་ཁྲ་དང་ལྟ་སྦྱོང་མི་སྣའི་སྤྱི་ཚོགས་འགན་སྲུང་གི“བྱང་གཅིག་ཀུན་འཐུས”སོགས་ཀྱི་དཔྱད་གཞི། 

བདུན།  ཐེངས་གཅིག་རང་བཞིན་གྱི་བྱ་དགའི་མ་དངུལ་རེ་ཞུ་བྱེད་མཁན་དེར། ལྟ་སྦྱོང་རྟེན་གཞིས་གོང་གསལ་གྱི་དཔྱད་ཡིག་དག་འདོན་སྤྲོད་བྱེད་དགོས་པའི་རྨང་གཞིའི་ཐོག  ད་དུང《མཚོ་བྱང་ཁུལ་གྱི་ལས་ཞུགས་ལྟ་སྦྱོང་རྟེན་གཞིས་སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་བསྡུ་ལེན་བྱེད་པའི་བྱ་དགའི་དངུལ་སྙན་ཞུའི་རེའུ་མིག》སྤྲོད་དགོས་ལ། རྟེན་གཞི་དང་མཐར་ཕྱིན་སློབ་མའི་བར་བཞག་པའི་ངལ་རྩོལ(གདན་ཞུ)གན་རྒྱ། མཐར་ཕྱིན་སློབ་མའི་ལྟ་སྦྱོང་གསལ་འབྱེད་བསམ་འཆར་སོགས་སྤྲོད་དགོས། 

དོན་ཚན་ཉེར་གཉིས། ལས་ཞུགས་ལྟ་སྦྱོང་ཁ་གསབ་མ་དངུལ་དེ་འབྲེལ་ཡོད་གཏན་འབེབས་ལྟར་རེ་ཞུ་དང་གཏོང་སྤྲོད་ནན་པོ་བྱས་ཏེ། མ་དངུལ་ཆེད་དངུལ་ཆེད་སྤྱོད་དང་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་འགན་ལེན་བྱེད་དགོས་པ་དང་། སྡེ་ཁག་དང་མི་སྒེར་གང་རུང་གིས་འཐེན་སྤྱོད་བྱེད་མི་ཆོག ལྟ་སྦྱོང་མི་སྣའི་གྲངས་འབོར་དང་ལྟ་སྦྱོང་དུས་འཁོར་ཟོལ་ཞུ་དང་རྫུན་ཞུ་བྱས་ནས། ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་མ་དངུལ་གཡོ་ཐབས་ཀྱིས་བླངས་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩད་ཆོད་བྱུང་ཚེ། ལྟ་སྦྱོང་རྟེན་གཞིའི་ཐོབ་ཐང་མེད་པར་བཟོ་བ་དང་། འབྲེལ་ཡོདསྡེ་ཁག་དང་འགན་འཁུར་བའི་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་བ། གཡོ་ཐབས་ཀྱིས་བླངས་པའི་ཁ་གསབ་མ་དངུལ་ཕྱིར་ལེན་ཞིང་། ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱེད་པར་རྩིས་སྤྲོད་བྱེད་དགོས། 

ལེའུ་བདུན་པ། ཞིབ་བཤེར་དང་དཔྱད་དཔོག 

     དོན་ཚན་ཉེར་གསུམ། རིམ་པ་སོ་སོའི་མི་སྤྱི་སྡེ་ཁག་གིས་ལས་ཞུགས་ལྟ་སྦྱོང་ལས་དོན་གྱི་ཞིབ་བཤེར་དཔྱད་དཔོག་ལམ་སྲོལ་བཙུགས་ནས་ལོ་རེ་རེར་ལྟ་སྦྱོང་རྟེན་གཞིར་ཞིབ་བཤེར་དང་དཔྱད་དཔོག་བྱེད་དགོས་ལ། ནང་དོན་གཙོ་བོར་ལྟ་སྦྱོང་རྟེན་གཞིའི་སྒྲིག་སྲོལ་ལམ་ལུགས་འཛུགས་སྐྱོང་དང་ལྟ་སྦྱོང་འཆར་གཞི་དོན་འཁྱོལ། ལས་རིགས་བདེ་འཇགས། འཕྲོད་བསྟེན། ལྟ་སྦྱོང་མི་སྣའི་ཁེ་དབང་འགན་སྲུང་དང་ལྟ་སྦྱོང་མི་སྣ་ཉར་འཇོག་བྱེད་ཚད་སོགས་ཀྱི་གནས་ཚུལ་ཚུད་ཡོད། ཞིབ་བཤེར་བྱས་ནས་ཚད་མ་ལོངས་པའི་རིགས་དུས་བཅད་ནང་བཅོས་སྒྲིག་བྱེད་དགོས་པ་དང་། བཅོས་སྒྲིག་བྱས་རྗེས་སྔར་བཞིན་གནད་ལ་མ་ཁེལ་བའི་རིགས་ལ་ལྟ་སྦྱོང་རྟེན་གཞིའི་ཐོབ་ཐང་མེད་པར་བཟོ་དགོས། 

དོན་ཚན་ཉེར་བཞི། ལག་རྩལ་རང་བཞིན་དང་དོ་དམ་རང་བཞིན་གྱི་ལྟ་སྦྱོང་ལས་གནས་མང་བ་དང་ལྟ་སྦྱོང་མི་སྣ་མང་བ། ལྟ་སྦྱོང་ལས་དོན་སྒྲིག་འཛུགས་དོ་དམ་ལེགས་པ། ལྟ་སྦྱོང་མི་སྣ་སྤྱོད་ཚད་མཐོ་བ། ཐོན་ལས་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་དང་མཐུན་ལ་ཚན་རྩལ་འདུས་ཚད་མཐོ་བའི་ལྟ་སྦྱོང་རྟེན་གཞིར་མི་སྤྱི་སྡེ་ཁག་གིས་ཁུལ་རིམ་པའི་ལྟ་སྦྱོང་དཔེ་སྟོན་རྟེན་གཞིར་སྔོན་ཐོབ་ཀྱིས་ཞིབ་དཔྱད་གཏན་ཁེལ་བྱེད་དགོས་པ་མ་ཟད། ཞིང་ཆེན་རིམ་པའི་ལྟ་སྦྱོང་དཔེ་སྟོན་རྟེན་གཞིར་འོས་སྦྱོར་དང་སྙན་ཞུ་འབུལ་དགོས། 

དོན་ཚན་ཉེར་ལྔ། རྫོང་སོ་སོས་རྒྱ་ཁྱབ་ངང་སྐུལ་སློང་དང་དྲིལ་སྒྲོག་ལ་ཤུགས་སྣོན་བརྒྱབ་ནས་སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་ལྟ་སྦྱོང་ནང་ཞུགས་པར་སེམས་ཁུར་བྱེད་པའི་སྤྱི་ཚོགས་ཀྱི་ སྣང་ཚུལ་ལེགས་པོ་གཏོད་དགོས། ལས་ཞུགས་ལྟ་སྦྱོང་སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེན་དང་དེ་བཞིན་ལྟ་སྦྱོང་བྱས་རྗེས་ལས་ཞུགས་ལས་གཏོད་ལེགས་འགྲུབ་བྱུང་བའི་སློབ་ཆེན་མཐར་ཕྱིན་སློབ་མའི་དཔེ་མཚོན་དྲིལ་སྒྲོག་བྱས་ཏེ། སློབ་ཆེན་མཐར་ཕྱིན་སློབ་མ་དེ་བས་མང་བ་ལས་ཞུགས་ལྟ་སྦྱོང་བྱེད་སྒོའི་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས། ལས་ཞུགས་ལྟ་སྦྱོང་ལས་དོན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ཡག་པོ་དུས་ཐོག་ཏུ་ཁྱབ་གདལ་བཏང་ནས་ལས་ཞུགས་ལྟ་སྦྱོང་གི་ལས་འགན་དང་དོ་དམ་ཚད་ལྡན། ཕན་འབྲས་ལེགས་པ་བཅས་ཀྱི་ལྟ་སྦྱོང་རྟེན་གཞིའི་དཔེ་མཚོན་ཁག་གཅིག་བཙུགས་ཏེ། མི་སྤྱོད་ཚན་པ་དེ་བས་མང་བས་རང་འགུལ་ངང་ལྟ་སྦྱོང་གི་ལས་འགན་འཁུར་པར་སྐུལ་འདེད་གཏོང་བ་དང་། སློབ་ཆེན་མཐར་ཕྱིན་སློབ་མ་དེ་བས་མང་བ་ལྟ་སྦྱོང་བརྒྱུད་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས། 

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན། 

དོན་ཚན་ཉེར་དྲུག བྱེད་ཐབས་འདི་མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་འགྲེལ་བཤད་བྱེད་འགན་འཁུར་པ་ཡིན། 

དོན་ཚན་ཉེར་བདུན། བྱེད་ཐབས་འདི་ཁྱབ་སྒྲོག་བྱས་ཉིན་ནས་བཟུང་ཉིན30རྗེས་སུ་ལག་བསྟར་བྱེད་པ་ཡིན། 





མཉམ་སྤྱོད།