མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

《མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ལྟ་སྦྱོང་རྟེན་གཞི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ཀྱི་སྲིད་ཇུས་འགྲེལ་བཤད།

2022-12-22 10:29:19   |   488

གཅིག གཏན་འབེབས་ཀྱི་རྒྱབ་ལྗོངས་དང་བརྒྱུད་རིམ།

རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་།   “བརྟན་པོ་དྲུག”དང་་“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཧྲན་ཏུང་གི་རོགས་སྐྲུན་ལམ་སྲོལ་ལས་སྟེགས་ཀྱི་ནུས་པར་བརྟེན་ནས་སློབ་ཆེན་མཐར་ཕྱིན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཆེད།《ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་སྦྱོར》(མཚོ་སྔོན་མི་སྤྱི་ཐིང་སྤེལ〔2009〕ཨང186པ)དང་《མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》 (མཚོ་སྔོན་ནོར་སྲིད་སྤྱི་ཚོགས〔2020〕ཨང1833པ)སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། དོན་དངོས་དང་ཟུང་འབྲེལ་སྒོས《མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་དང་ལྟ་སྦྱོང་རྟེན་གཞིའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》(བྱང་སྲིད་གཞུང〔2022〕ཨང19པ)གཏན་ཁེལ་བྱས་པ་ཡིན།

གཉིས། ནང་དོན་གཙོ་བོ།

《བྱེད་ཐབས》འདིར་ལེའུ་བརྒྱད་དང་དོན་ཚན་ཉེར་བདུན་ཡོད། གཅིག་ནི་སྤྱིའི་རྩ་དོན་ཡིན་ལ།  《བྱེད་ཐབས》གཏན་ཁེལ་གྱི་གཞི་འཛིན་ས་དང་ལས་ཞུགས་ལྟ་སྦྱོང་གི་རྩ་དོན། དམིགས་ཡུལ་བཅས་ཁ་གསལ་བཟོས་ཡོད།  གཉིས་ནི་རྩ་འཛུགས་དོ་དམ་དང་འགན་འཁྲིའི་སྐོར་ཡིན།  ཁུལ་དང་རྫོང་གི་མི་སྤྱི་སྡེ་ཁག་དང་ལས་ཞུགས་སྡེ་ཁག་གི་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོས་ཡོད། གསུམ་ནི་ལྟ་སྦྱོང་རྟེན་གཞིའི་རེ་ཞུ་དང་ངོས་འཛིན་ཡིན། རྟེན་གཞིའི་རེ་ཞུའི་བརྒྱུད་རིམ་དང་འབུལ་དགོས་པའི་དཔྱད་ཡིག་ཁ་གསལ་བཟོས་ཡོད། བཞི་ནི་ལས་ཞུགས་ལྟ་སྦྱོང་ནང་ཞུགས་རྒྱུའི་རྩ་འཛུགས་ཀྱི་སྐོར་ཡིན།  ལྟ་སྦྱོང་རྩ་འཛུགས་ཀྱི་བརྒྱུད་རིམ་དང་བླང་བྱ་ཁ་གསལ་བཟོས་ཡོད། ལྔ་ནི་ལྟ་སྦྱོང་དོ་དམ་ཡིན།  རྟེན་གཞིའི་འགན་འཁྲི་དང་ཕྱིར་འཐེན་གྱི་བླང་བྱ་ཁ་གསལ་བཟོས་ཡོད། དྲུག་ནི་ལྟ་སྦྱོང་ཁ་གསབ་མ་དངུལ་གྱི་འགན་ལེན་ཡིན་ཞིང་། མ་དངུལ་ཡོང་ཁུངས་དང་ཁ་གསབ་ཚད་གཞི། དེ་བཞིན་རེ་ཞུའི་བླང་བྱ་བཅས་ཁ་གསལ་བཟོས་ཡོད། བདུན་ནི་ཞིབ་བཤེར་དཔྱད་དཔོག་ཡིན། ཞིབ་བཤེར་དང་དཔྱད་དཔོག་གི་ནང་དོན་དང་བླང་བྱ་ཁ་གསལ་བཟོས་ཡོད། བརྒྱད་ནི་ཞར་བྱུང་དོན་ཚན་ཡིན། འགྲེལ་བཤད་བྱེད་དབང་དང་ཚོད་ལྟའི་དུས་ཚད་ཁ་གསལ་བཟོས་ཡོད།

གསུམ། ཞབས་ཞུ་བྱ་ཡུལ།

ལྟ་སྦྱོང་རྟེན་གཞིས་གཙོ་བོ་སློབ་གྲྭ་ནས་ཁ་བྲལ་ནས་ལོ2ནང་ལས་ཞུགས་བྱས་མེད་པའི་སྐྱེ་ཁུངས་མཚོ་བྱང་ནས་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མར་ལས་ཞུགས་ལྟ་སྦྱོང་གི་ལས་གནས་མཁོ་འདོན་བྱ་རྒྱུ་མ་ཟད།  “ཞིང་ཆེན་རིམ་པའི་ལས་ཞུགས་ཁ་གསབ་མ་དངུལ་ཚང་མ་དོན་འཁྱོལ་དང་། ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་ཁ་གསབ་ནུས་ལྡན་བྱེད་པ། ལྟ་སྦྱོང་མི་སྤྱོད་ཚན་པའི་དེ་མཚུངས་ཁ་གསབ་སྤྲོད་པའི”ལམ་སྲོལ་གཞིར་བཟུང་ནས་ཕྱོགས་གསུམ་གྱིས་མཉམ་དུ་ལྟ་སྦྱོང་མི་སྣའི་འཚོ་བའི་ཁ་གསབ་གྲོན་དངུལ་འགན་ལེན་བྱེད་པ་ཡིན།

བཞི། སྔོན་དཔག་ཕན་འབྲས།

སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་དེ་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་གྱི་ནང་དོན་འགངས་ཆེན་ཞིག་ཡིན་པས་ཁུལ་ཡོངས་ཀྱི་ལས་ཞུགས་དུས་བབ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཡིན། མཚོ་བྱང་ཁུལ་གྱི་བཟོ་ལས་ཀྱི་རྨང་གཞི་ཞན་པ་དང་། དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་ཉུང་བ། གཞི་ཁྱོན་ཆུང་བ། མཁོ་འདོན་བྱེད་ཆོག་པའི་ལས་ཞུགས་ལས་གནས་ལ་ཚད་ཡོད་པས། 《བྱེད་ཐབས》འདི་བཏོན་པ་ལ་གཤམ་གསལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད།

གཅིག་ནས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་གུ་དོག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། སློབ་ཆེན་མཐར་ཕྱིན་སློབ་མས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ།  ལས་ཞུགས་ལས་གནས་དེ་བས་མང་བ་གསར་སྤེལ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཡིན།

གཉིས་ནས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་དུས་བབ་སྔར་བས་བརྟན་དུ་བཏང་ནས་ལྟ་སྦྱོང་རྟེན་གཞིས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བསྡུ་ལེན་བྱེད་པའི་ཧུར་སེམས་སྐུལ་སློང་དང་།  ལྟ་སྦྱོང་གི་གཞི་ཁྱོན་བརྟན་པོ་ཡོང་བ་ཡིན།

གསུམ་ནི་ལས་ཞུགས་ལྟ་སྦྱོང་གིས་སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་དང་ལྟ་སྦྱོང་དཀའ་བ། ཁེ་ལས་ཀྱིས་ལས་མི་བསྡུ་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་ཐུབ།

བཞི་ནས་ཧྲན་ཏུང་གི་རོགས་སྐྲུན་ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་མ་དངུལ་བཙུགས་ནས་ཧྲན་ཏུང་གི་རོགས་སྐྲུན་ལམ་སྲོལ་གྱིས་ལས་ཞུགས་ལས་དོན་ལ་ཆེད་དོན་རྒྱབ་སྐྱོར་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ་ཡིན།



本期证报PDF文件