དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་བྱང་ཁུལ་བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་བྱ་དགའི་བྱེད་ཐབས》ཀྱི་སྲིད་ཇུས་འགྲེལ་བཤད།

2022-10-10 08:37   |   725

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས15ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་བྱུར་རྐྱེན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་།

གཅིག གཏན་འབེབས་བྱེད་པའི་དམིགས་ཡུལ་དང་དགོས་ངེས་ཀྱི་རང་བཞིན།

རྒྱལ་ཡོངས་དང་ཞིང་ཆེན། ཁུལ་ཡོངས་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང“5153”ལས་ཀའི་བྱེད་ཐབས་དོན་འཁྱོལ་གྱི་བླང་བྱར་གཞིར་བཟུང་ནས། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་སྒོས《མཚོ་བྱང་ཁུལ་བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་བྱ་དགའི་བྱེད་ཐབས》བཟོས་པ་ཡིན།

གཉིས། གཏན་འབེབས་བྱེད་པའི་གཞི་འཛིན་ས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང་། བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་ཅུ། ནོར་སྲིད་པུའུ་བཅས་ཀྱི《བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཐེར་འདོན་དང་བྱ་དགའ་སྤྲོད་ཐབས》(བདེ་འཇགས་ལྟ་སྐུལ་སྤྱི་ཁྱབ་རྒྱུ་ནོར〔2018〕ཨང19པ)སོགས་ཀྱི་གཏན་འབེབས་གཞིར་བཟུང་བ་ཡིན།

གསུམ། འཆར་ཟིན་འགོད་པའི་གོ་རིམ།

2022ལོའི་ཟླ3པར་ངེད་ཅུ་ཡིས་བརྟག་ཞིབ་དང་དབྱེ་ཞིབ་ནན་ཏན་བྱས་པའི་རྨང་གཞིའི་ཐོག《བྱེད་ཐབས》ཀྱི་མ་ཟིན་བཀོད་ནས་ཅུའི་ལས་ཁུངས་ཀྱི་ཁོའོ་དང་ཚན་པའི་བསམ་འཆར་བསྡུ་ལེན་བྱས་རྗེས།  ཁུལ་ནོར་སྲིད་ཅུ་དང་འབྲེལ་གཏུག་ཐེངས་མང་བྱས་ཏེ་རང་རེའི་ཁུལ་གྱི་ནོར་སྲིད་གནས་ཚུལ་དང་། སྔོན་རྩིས་བཀོད་སྒྲིག   མ་དངུལ་རེ་ཞུ། བྱ་དགའི་ཆ་རྐྱེན་སོགས་ལ་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག   བསམ་འཆར་གཅིག་མཐུན་བྱུང་རྗེས《མཚོ་བྱང་ཁུལ་བདེ་འཇགས་ཐོན་སྐྱེད་ཐེར་འདོན་བྱེད་ཐབས》(བྱ་དགའི་བསམ་འཆར་བསྡུ་ལེན་མ་ཡིག)འདི་གྲུབ་པ་ཡིན།

བཞི།  བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ།

ཟླ4ཚེས6ཉིན《བྱེད་ཐབས》(བསམ་འཆར་བསྡུ་ལེན་མ་ཟིན)ལ་སྔ་རྗེས་སུ་རྫོང་ཁག་གི་འཚུལ་བསྟུན་དོ་དམ་སྡེ་ཁག་དང་ཁུལ་བདེ་འཇགས་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་མིའི་ཚན་པར་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་ཡིན།  ཟླ4ཚེས8ཉིན་བར་ཡིག་ཐོག་གི་ལྡོག་ལན་བསམ་འཆར་ཁག6འབྱོར་བའི་ནང་རྫོང་འཚུལ་བསྟུན་དོ་དམ་ཅུ3གྱིས་བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་ཁག6བཏོན་ཡོད། བཟོ་བཅོས་རྒྱག་རྒྱུའི་གྲོས་འགོ་ཁག6དེ་དང་ལེན་བྱས་ཡོད།

ལྔ། ནང་དོན་གཙོ་བོ།

《བྱེད་ཐབས》འདིར་ཁྱོན་སྡོམ་དོན་ཚན་ཉེར་ལྔ་ཡོད། དོན་ཚན་དང་པོའི་ནང་འཆར་ཟིན་འགོད་པའི་དམིགས་ཡུལ་དང་གཞི་འཛིན་ས་ཁ་གསལ་བཟོས་ཡོད་པ་དང་། དོན་ཚན་གཉིས་པའི་ནང་། 《བྱེད་ཐབས》སྤྱད་འཐུས་ཁྱབ་ཁོངས་ཁ་གསལ་བཟོས་ཡོད། དོན་ཚན་གསུམ་པར་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བཏང་ཡོད། དོན་ཚན་བཞི་པའི་ནང་ཐེར་འདོན་བདག་སྤྲོད་ཀྱི་རིམ་པ་གཏན་འབེབས་བྱས་ཡོད།   དོན་ཚན་ལྔ་པའི་ནང་བདེ་འཇགས་ཐོན་སྐྱེད་ཀྱི་ཐེར་འདོན་ཐབས་ལམ་དང་ནང་དོན་གྱི་བླང་བྱ་ཁག་སོ་སོར་གཏན་འབེབས་བྱས་ཡོད། དོན་ཚན་དྲུག་པའི་ནང་ཐེར་འདོན་བདག་སྤྲོད་ཀྱི་ཁྱབ་ཁོངས་གཏན་འབེབས་ཁ་གསལ་བཟོས་ཡོད། དོན་ཚན་བདུན་པའི་ནང་ཐེར་འདོན་གྱི་འབྲེལ་ཡོད་སྒྲིག་ལམ་གཏན་འབེབས་བྱས་ཡོད། དོན་ཚན་བརྒྱད་པའི་ནང་བརྩི་སྲུང་བྱེད་དགོས་པའི་རྩ་དོན་འཁོད་ཡོད། དོན་ཚན་དགུ་བའི་ནང་ཐེར་འདོན་བསྒྱུར་སྤྲོད་ཀྱི་བྱེད་ཐབས་ངོ་སྤྲོད་བྱས་ཡོད། དོན་ཚན་བཅུ་བའི་ནང་ཐེར་འདོན་གྱི་ལས་སྒྲུབ་དུས་ཡུན་ཁ་གསལ་བཟོས་ཡོད། དོན་ཚན་བཅུ་གཅིག་པའི་ནང་ཐེར་འདོན་བརྡར་གཅོད་ཀྱི་བླང་བྱ་གཏན་ཁེལ་བྱས་ཡོད། དོན་ཚན་བཅུ་གཉིས་པའི་ནང་བྱ་དགའ་རྩིས་སྤྲོད་ཀྱི་ཚད་ཐིག་གཏན་འབེབས་བྱས་ཡོད། དོན་ཚན་བཅུ་གསུམ་པའི་ནང་སོ་སོའི་བྱ་དགའི་ཚད་ཐིག་གཏན་འབེབས་བྱས་ཡོད། དོན་ཚན་བཅུ་བཞི་པའི་ནང་ཐེར་འདོན་བྱ་དགའི་སྔ་རྗེས་ཀྱི་གོ་རིམ་འཁོད་ཡོད།  དོན་ཚན་བཅོ་ལྔ་པའི་ནང་བྱ་དགའི་མ་དངུལ་ལེན་པའི་བླང་བྱ་ཁ་གསལ་བཟོས་ཡོད་པ་དང་།  དོན་ཚན་བཅུ་དྲུག་པའི་ནང་བྱ་དགའ་སྤྲོད་པར་མི་འཚམ་པའི་གཏན་ཁེལ་གཏན་འབེབས་བྱས་ཡོད། དོན་ཚན་བཅུ་བདུན་པའི་ནང་ཐེར་འདོན་བྱེད་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་སྐོར་གཏན་འབེབས་བྱས་ཡོད། དོན་ཚན་བཅོ་བརྒྱད་པའི་ནང་ཐེར་འདོན་སྤྱི་བསྒྲགས་ཀྱི་བླང་བྱ་གཏན་འབེབས་བྱས་ཡོད། དོན་ཚན་བཅུ་དགུ་པའི་ནང་ཐེར་འདོན་བྱ་དགའི་མ་དངུལ་འགན་སྲུང་གི་འབྲེལ་ཡོད་གཏན་འབེབས་འཁོད་ཡོད། དོན་ཚན་ཉི་ཤུ་བའི་ནང་ཁྲིམས་འགལ་སྒྲིག་འགལ་གྱི་འབྲེལ་ཡོད་གཏན་འབེབས་གཏན་ཁེལ་བྱས་ཡོད། དོན་ཚན་ཉེར་གཅིག་པའི་ནང་ཐེར་འདོན་བདག་སྤྲོད་ཀྱི་སྤྱི་བསྒྲགས་བྱེད་ཐབས་གཏན་འབེབས་བྱས་ཡོད། དོན་ཚན་ཉེར་གཉིས་པའི་ནང་རྫོང་སོ་སོའི་བྱེད་ཐབས་འདི་ལ་ཟུར་བལྟ་བྱས་ཏེ་རྫོང་ཁོངས་གྱི་བྱ་དགའི་བྱེད་ཐབས་བཟོ་ཆོག་པའི་སྐོར་བྲིས་ཡོད། དོན་ཚན་ཉེར་གསུམ་པའི་ནང་བྱེད་ཐབས་འདི་མི་འཚམ་པའི་མངའ་ཁོངས་གཏན་འབེབས་བྱས་ཡོད། དོན་ཚན་ཉེར་བཞི་དང་ཉེར་ལྔའི་ནང་བྱེད་ཐབས་འདིའི་འགྲེལ་བཤད་ཀྱི་དབང་ཆ་དང་སྤྱི་བསྒྲགས་ཀྱི་དུས་ཚོད་གཏན་འབེབས་བྱས་ཡོད། 





མཉམ་སྤྱོད།