དེ་རིང་ནི2024ལོའི་ཟླ10པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་བྱང་ཁུལ་དབུལ་ལོག་སྔོན་འགོག་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་རྐྱེན་སྲོལ་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ཀྱི་སྲིད་ཇུས་འགྲེལ་བཤད།

2022-10-10 08:37   |   646

གཅིག  འཆར་ཟིན་འགོད་པའི་དམིགས་ཡུལ་དང་རྒྱབ་ལྗོངས། གཞི་འཛིན་ས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“མི་ལེན་པ་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།  དབུལ་ལོག་སྔོན་འགོག་གི་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།  ལམ་ལུགས་ཀྱི་ཐོག་ནས་དབུལ་ལོག་གི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་བའི་མ་མཐའ་སྲུང་སྐྱོར་བཅས་བྱེད་ཆེད།  《ཀྲུང་དབྱང་གྲོང་གསེབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་དབུལ་ལོག་སྔོན་འགོག་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་དབུལ་ལོག་སྔོན་འགོག་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི》གཞིར་བཟུང་ནས།  དུས་འགོའི་བརྟག་ཞིབ་དང་དབྱེ་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག  རང་ཅུ་ཡིས《མཚོ་བྱང་ཁུལ་དབུལ་ལོག་སྔོན་འགོག་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་རྐྱེན་སྲོལ་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(མ་ཟིན)བཟོས་པ་ཡིན།  《བྱེད་ཐབས》འདི་ལ་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན།  རྒྱང་རིང་རང་བཞིན་བཅས་ལྡན་པ་བྱེད་ཆེད།  ཐོག་མའི་མ་ཟིན་ལེགས་གྲུབ་བྱུང་རྗེས། རྫོང་ཁག་གི་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་ཁུལ་གྱི་གྲོང་གསེབ་དར་སྤེལ་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་བསྡུ་ལེན་བྱས་པ་དང་།  ཚུར་ལན་བསམ་འཆར་དང་གྲོས་འགོ་བསྡུ་རུབ་བྱས་པར་གཞིགས་ནས《བྱེད་ཐབས》ལ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས《མཚོ་བྱང་ཁུལ་དབུལ་ལོག་སྔོན་འགོག་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་རྐྱེན་སྲོལ་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(ཞིབ་བཤེར་མ་ཟིན)འདི་གྲུབ་པ་ཡིན། 

གཉིས། ནང་དོན་གཙོ་བོ།

《བྱེད་ཐབས》ལ་ཁྱོན་སྡོམ་ལེའུ་དགུ་དང་དོན་ཚན་སོ་བཞི་ཡོད།

ལེའུ་དང་པོ་ནི་སྤྱིའི་རྩ་དོན་ཡིན།(དོན་ཚན1ནས5བར་ཡིན)《བྱེད་ཐབས》གཏན་འབེབས་བྱས་པའི་དམིགས་ཡུལ་དང་དོན་སྙིང་། སྤྱོད་འཐུས་ཆ་རྐྱེན།  བྱེད་ཐབས་གཏན་འབེབས་བྱེད་པའི་རྩ་དོན་གཙོ་བོ་བཅས་རྒྱས་བཤད་བྱས་ཡོད་དེ། ཕྱོགས་ཡོངས་ལ་ཁྱབ་པ་དང་གཙོ་གནད་ཞིབ་བསྡུར་བྱེད་པ་མཐའ་འཁྱོངས་དང་། དངོས་ཐོག་བདེན་འཚོལ་དང་འགུལ་རྣམ་རྟོག་འཇལ་བྱེད་པ་མཐའ་འཁྱོངས།  མཐུན་སྦྱོར་སྐུལ་འདེད་དང་རིགས་དབྱེ་ཇུས་བསྟར་བྱེད་པ་མཐའ་འཁྱོངས། ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱིས་ཁས་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཡིན།  

ལེའུ་གཉིས་པ་ནི་རྟོག་འཇལ་བྱེད་ཡུལ་ཡིན།(དོན་ཚན6པ་ནས7པའི་བར་ཡིན)རྟོག་འཇལ་བྱེད་ཡུལ་གྱི་ཁྱབ་ཁོངས་དང་ཉེན་ཁ་རྟོག་འཇལ་གྱི་རིགས་སྣ་ངོས་ལེནགཏན་ཁེལ་བྱས་ཡོད་དེ། དབུལ་ཐར་བརྟན་པོ་མེད་པའི་དུད་ཚང་དང་བས་མཐའི་དབུལ་པོར་འགྱུར་སླ་བའི་དུད་ཚང་། གློ་བུར་དུ་དཀའ་ངལ་ཚབས་ཆེན་ཡོད་པའི་དུད་ཚང་བཅས་རྟོག་འཇལ་བྱེད་ཡུལ་རིགས3ཡོད་པ་དང་། ནད་དང་སློབ་སྦྱོང་། བདེ་འཇགས་སྡོད་ཁང་། བདེ་འཇགས་འཐུང་ཆུ། དབང་པོ་སྐྱོན་ཅན་དུ་གྱུར་པ། རང་བྱུང་གནོད་འཚེ་ཕོག་པ། བསམ་ཡུལ་ལས་འདས་པའི་ལས་འཛོལ་བྱུང་བ། ཐོན་ལས་རྣམ་གྲངས་ལ་ཕམ་ཉེས་བྱུང་བ། ལས་མི་ལས་ཞུགས་བརྟན་པོ་མེད་པའམ་ལས་ཤོར་བྱུང་བ། ངལ་རྩོལ་ནུས་ཤུགས་མེད་པ་དང་དེ་བཞིན་གཞན་པའི་ཉེན་ཁའི་རིགས་ཡིན། 

ལེའུ་གསུམ་པ་ནི་རྟོག་འཇལ་གྱི་ནང་དོན་ཡིན།(དོན་ཚན8ནས9བར་ཡིན།)རྟོག་འཇལ་གྱི་ནང་དོན་ནི་ཁྱིམ་ཚང་གི་གཏོང་ཡོང་དང་རྒྱུ་ནོར་གྱི་གནས་ཚུལ།  “འགན་ལེན་གསུམ”དང་དེ་བཞིན་འཐུང་ཆུའི་བདེ་འཇགས་ཉེན་ཁའི་གནས་ཚུལ་བཅས་རེད།  

ལེའུ་བཞི་པ་ནི་རྟོག་འཇལ་བྱེད་སྟངས་ཡིན།(དོན་ཚན10པ་ནས་དང14བར་ཡིན)རོང་འབྲོག་དུད་ཚང་གི་རང་བརྟེན་རེ་ཞུ་དང་། གཞི་རིམ་ལས་བྱེད་པའི་གྲལ་བཤེར། སྡེ་ཚན་གྱི་གྲལ་བཤེར་དང་ཆ་འཕྲིན་ཅན་གྱི་སྔོན་ཚུད་ཉེན་བརྡ། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་སྟངས4གཏན་ཁེལ་བྱས་ཡོད།  

ལེའུ་ལྔ་པ་ནི་རྟོག་འཇལ་གྱི་གོ་རིམ་སྐོར་ཡིན།(དོན་ཚན15ནས19པའི་བར་ཡིན།)ཕྱོགས་སོ་སོ་ནས་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་ཉེན་ཁའི་ཆ་འཕྲིན་དེ་གྲོང་ཚོ་རིམ་པས་དཔྱད་མོལ་དང་། ཡུལ་ཚོ་རིམ་པས་ཐོག་མའི་ཞིབ་བཤེར། རྫོང་རིམ་པས་ཞིབ་བཤེར་གཏན་འབེབས་བཅས་ཀྱི་བྱེད་ཐབས་སྤྱད་དེ་དཔྱད་དཔོག་དང་རྟོག་འཇལ་བྱ་ཡུལ་གཏན་ཁེལ་བྱེད་དགོས། རོང་འབྲོག་དུད་ཚང་གིས་སྙན་ཞུ་ཕུལ་བའམ་ཡང་ན་གྲལ་བཤེར་དང་གྲལ་བཤེར་བྱས་པ་བརྒྱུད་ཤེས་རྟོག་བྱུང་བ་དེ། རྟོག་འཇལ་བྱ་ཡུལ་དུ་གཏན་ཁེལ་བྱེད་པར་སྤྱིར་བཏང་དུ་ལས་ཀའི་ཉིན20ལས་མི་བརྒལ་བ་བྱ་རྒྱུ་དེ་ཡིན།  

ལེའུ་དྲུག་པ་ནི་རོགས་སྐྱོར་བྱེད་ཐབས་སྐོར་ཡིན།(དོན་ཚན20ནས22བར་ཡིན།)གོ་རིམ་ལྟར་རྟོག་འཇལ་བྱ་ཡུལ་གྱི་ཁྱབ་ཁོངས་སུ་བཅུག་པ་དེར། “མཉམ་འགོག་མཉམ་རོགས”ཀྱི་ལམ་སྲོལ་སྲིད་ཇུས་སྤྱོད་པ་དང་། རྟོག་འཇལ་བྱ་ཡུལ་གྱི་ཉེན་ཁའི་རིགས་དང་འཕེལ་རྒྱས་ཀྱི་དགོས་མཁོ་སོགས་ལ་གཞིགས་ནས་ལས་ཀའི་ཉིན10ཡི་ནང་དམིགས་གཏད་རང་བཞིན་གྱི་རོགས་སྐྱོར་བྱས་ཏེ། སྔ་ཙམ་ཐེ་གཏོགས་དང་སྔ་ཙམ་རོགས་སྐྱོར་བྱེད་ཐུབ་པ་བྱེད་དགོས།    

ལེའུ་བདུན་པ་ནི་ཉེན་ཁ་སེལ་ཐབས་སྐོར་ཡིན།(དོན་ཚན23ནས28བར་ཡིན།)རྟོག་འཇལ་བྱ་ཡུལ་ལ་དུས་བཀག་ལྟར་རྟོག་འཇལ་དང་འགུལ་རྣམ་དོ་དམ་བྱེད་དགོས། དུས་བཀག་ལྟར་ཞིབ་འཇུག་དང་བརྡར་གཅོད་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་ཆ་རྐྱེན་དང་མཐུན་པའི་“ཉེན་ཁ་སེལ་བའི”ཁ་གཏད་ལ་གོ་རིམ་ལྟར་ཉེན་ཁ་སེལ་བ་དང་ངོས་ལེན་བྱེད་པ་མ་ཟད། ཉེན་ཁ་སེལ་བའི་རྗེས་མཐུད་དོ་དམ་ཡག་པོ་བྱེད་དགོས། རིམ་པ་ཁག་དང་འབྲེལ་ཡོད་ལས་རིགས་སྡེ་ཚན་ཁག་གིས་ཉེན་ཟོན་དཔྱད་ཞིབ་དང་རྟོག་འཇལ་རོགས་སྐྱོར། ཉེན་ཁ་མེད་པ་བཟོ་བ་བཅས་“རྩིས་ཁྲ་གསུམ”བཟོ་དགོས།  

ལེའུ་བརྒྱད་པ་ནི་རྩ་འཛུགས་ཀྱི་འགན་སྲུང་བྱེད་ཕྱོགས་སྐོར་ཡིན།(དོན་ཚན29ནས32བར་ཡིན།)རྫོང་ཁག་གིས་དབུལ་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། དབུལ་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་རྟོག་འཇལ་དང་རོགས་སྐྱོར་གྱི་འབྲེལ་ཡོད་ལས་རིགས་ཀྱི་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཛུགས་པ་བཅས་ཡིན། ཟླ་ཕྱེད་ཕྱོགས་བསྡུས་དང་ཟླ་རེར་ཞིབ་འཇུག་དཔྱད་གཅོད།   ཟླ་གཉིས་ལ་བརྡ་ཁྱབ།  དུས་ཚིགས་རེར་བཀོད་གཏོང་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་དུས་བཀག་ལྟར་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།  

ལེའུ་དགུ་པ་ནི་ཞར་བྱུང་དོན་ཚན་ཡིན།(དོན་ཚན33ནས34བར་ཡིན།)བྱེད་ཐབས་འདི་པར་འགྲེམ་བྱས་ཉིན་ནས་བཟུང་ཚོད་ལྟ་བྱེད་རྒྱུ་དེ་ཡིན།  





མཉམ་སྤྱོད།