མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཨང2020125པའི་ཡིག་ལན།

2022-11-30 23:55:42   |   2669

ཨུ་ཡོན་ཧན་ཏེ་ཧུའེ་ལགས།

ཁྱེད་ཀྱིས་བཏོན་པའི“རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གསར་འཛུགས་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་གྲོས་གཞི”འབྱོར་གསལ་བྱུང་ཞིང་། འདིར་ལན་སློག་པ་གསམ་གསལ་ལྟར།  

2014ལོའི་ཟླ10པར།   རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་དང་ནོར་སྲིད་པུ།  དེ་སྔའི་རྒྱལ་ཁོངས་ཐོན་ཁུངས་པུ།  དེ་སྔའི་ཞིང་ལས་པུ། དེ་སྔའི་རྒྱལ་ཁབ་ནགས་ལས་ཅུ་སོགས་པུ་ཨུ་དྲུག་གིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ།   མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་དཔེ་སྟོན་ཞིང་ཆེན་ཁག་དང་པོའི་གྲས་སུ་གཏན་འཁེལ་བྱས་ཤིང་། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་དངོས་སུ་བསྒྱུར་ཡོད། ཉེ་བའི་ལོ་ཤས་རིང་།  རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།   “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ལག་བསྟར་ནན་ཏན་བྱེད་པ།   “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།   ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལས་དོན་གྱི་སྤྱིའི་གཞི་གདངས་སྟངས་འཛིན་བྱེད་པ།  རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་སྤྱི་འདོམས་སུ་བྱེད་པ།  “སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་བྱེད་པ”ལག་བསྟར་བྱེད་པ་མཐའ་འཁྱོངས་བྱེད་པ།  སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་ཧུར་ཐག་གིས་གཏོད་པ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།  ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་པས། གཙོ་གནད་ལས་འགན་ཁག་ལ་གྲུབ་འབྲས་ངེས་ཅན་བླངས་ཡོད།   རྒྱལ་ཁོངས་བར་སྟོང་གསར་སྤེལ་གྱི་རྣམ་པ་སྔར་བས་ལེགས་སྒྱུར་དང་།  སྐྱེ་ཁམས་དང་ཐོན་ལས།  གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་ཀྱི་གནས་སྟངས་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་ཡོད། སྐྱེ་ཁམས་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་།  མདོ་ལ་རིང་མོ་དང་མཚོ་སྔོན་པོ་སོགས་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་ལས་གྲྭར་གྲུབ་འབྲས་མངོན་གསལ་བླངས་ལ།  སྐྱེ་ཁམས་རྒྱུན་མཐུད་ངང་ཞན་དུ་འགྲོ་བ་བཀག་འགོག་ནུས་ལྡན་ཐུབ་ཡོད།   ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན་ཞིང་།  ཆུ་སྤུས་དང་རླུང་ཁམས་ཆེ་མོའི་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་པ་དང་།  སྦགས་བཙོག་དངོས་པོ་ཚད་གཞི་ལྟར་ཕྱིར་འབུད་བྱས་པ།  བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་ཚད་ཇེ་མཐོར་ཕྱིན་པ།  སྤྱི་པའི་ས་ལྗང་རྒྱ་ཁྱོན་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།   ཐོན་ཁུངས་གྲོན་ཆུང་ལ་གྲུབ་འབྲས་བླངས་པ་དང་།  རྩིས་གཞིའི་ཐོན་རྫས་རིན་ཐང་གི་ནུས་ཁུངས་ཟད་གྲོན་དང་ཆུ་སྤྱོད་ཚད་རྒྱུན་ཆད་མེད་པར་མར་ཆག་པ།  འཁོར་རྒྱུག་དཔལ་འབྱོར་གྱི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།   སྐྱེ་ཁམས་ལམ་ལུགས་ཀྱི་མ་ལག་སྤྱིར་ཆ་ནས་བཙུགས་པ་དང་།  བར་སྟོང་རྟོག་དམ་དང་སྐྱེ་ཁམས་ཁ་གསབ།  རང་བྱུང་རྒྱུ་ནོར་གྱི་བདག་དབང་སོགས་ལམ་ལུགས་མང་པོ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ཞིང་།  རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཏོད་པའི་ལས་དོན་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ལ།  སྐྱེ་ཁམས་དཔལ་ཡོན་གྱི་བླང་བྱ་མངོན་པའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་གཞི་རྩའི་ཆ་ནས་གྲུབ་ཡོད།   སྐྱེ་ཁམས་རིག་གནས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།   

“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་མཐོ་ས་གཏོད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་།  ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་མུ་མཐུད་ཆེ་རུ་འགྲོ་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་དུས་བབ་ལ་དམིགས་ཏེ། ཁུལ་ཡོངས་ཀྱིས་ཁྱབ་ཁོངས་མང་པོར་མུ་མཐུད་ཤུགས་རྒྱག་དགོས་ཀྱི་ཡོད།   གོམ་སྟབས་རྗེས་མར་ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ།   སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི་འཕེལ་རྒྱས་ཀྱི་རིགས་ལམ་བརྟན་པོ་འཛུགས་དགོས་ལ།   “རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པའི་མཛེས་སྡུག་ལྡན་པའི་མཚོ་བྱང”བསྐྲུན་རྒྱུའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ།   སྐྱེ་ཁམས་ཀྱི་ནུས་པ་ཆེར་གཏོང་དང་། ཐོན་ཁུངས་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་།  ཁོར་ཡུག་བཅོས་སྐྱོང་དང་སྤུས་ལེགས།  རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་ཇེ་མགྱོགས།  སྐྱེ་ཁམས་ལམ་ལུགས་འཛུགས་སྐྱོང་སོགས་བྱ་སྤྱོད་ཆེ་གྲས་ལྔ་མགྱོགས་མྱུར་སྤེལ་བ་དང་།   2025ལོར་སླེབས་དུས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དེ་དཔལ་འབྱོར་དང་དག་ཐེར། སྤྱི་ཚོགས།  རིག་གནས་བཅས་འཛུགས་སྐྱོང་དང་ཚད་མཐོའི་མཉམ་འདྲེས་ཐུབ་པ་བྱས་ནས། སྐྱེ་ཁམས་ཉམས་ཞན་དང་དར་རྒྱས་བྱུང་མེད་པའི་ས་ཁུལ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་དེ། སྔོན་ལ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་བཀྲག་མདངས་བསྣན་དགོས།

ཁྱེད་ཀྱིས་འཕེལ་སྒྱུར་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་།  སླད་ཕྱིན་གྱི་ལས་དོན་ནང་རྩ་ཆེའི་བསམ་འཆར་དང་གྲོས་གཞི་འདོན་རྒྱུའི་རེ་བ་ཡོད་ལ། ང་ཚོས་ཚད་མཐོའི་མཐོང་ཆེན་དང་དོན་འཁྱོལ་ནན་ཏན་བྱ་ངེས་ཡིན།   

འབྲེལ་གཏུག་པ།  ལི་ཡན་ཧྥེང་། འབྲེལ་གཏུག་ཁ་པར།  0970-8642390 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། 

2022ལོའི་ཟླ9ཚེས15ཉིན།


མཉམ་སྤྱོད།