མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ06ཚེས14ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྐོར་གྱི་ཨང2022228པའི་ཡིག་ལན།

2022-12-01 00:12:25   |   3196

ལིའུ་ཧྭ་ཧྥང་གིས་གྲོས་གཞི་འདོན་མཁན་གཤམ་གསལ།

ཁྱེད་ཀྱིས་བཏོན་པའི་“ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུའི་སྐོར་གྱི་གྲོས་གཞི་”འབྱོར་བྱུང་།  ད་ལྟ་ལན་བཏབ་པ་གཤམ་གསལ་ལྟར།

2022ལོའི་ཟླ་དང་པོར་མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སོགས་སྡེ་ཚན་བརྒྱད་ཀྱིས《མཚོ་བྱང་ཁུལ་གྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་ལེན་ཁེ་དབང་སྲུང་སྐྱོང་བྱེད་པའི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་པ་རེད།《བསམ་འཆར》ནང་འགན་འཁྲི་ཁ་གསལ་བཟོས་ནས་ཁེ་ལས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཕན་ནུས་ཆེ་རུ་གཏོང་བ། ཁེ་དབང་འགན་ལེན་གྱི་ཞབས་ཞུ་ལེགས་སུ་གཏོང་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱས་ཏེ་ཁེ་དབང་འགན་ལེན་གྱི་མཉམ་ཤུགས་གཅིག་སྒྲིལ་དང་ཁྲིམས་སྲོལ་གཞིར་བཟུང་ཁེ་དབང་འགན་ལེན་ལམ་ལུགས་དོན་འཁྱོལ་བྱེད་པའི་ཕྱོགས་བཞིའི་ཐད་ཚད་ལྡན་དུ་བཏང་ནས་མི་སྤྱོད་ཚན་པས་ལག་བསྟར་བྱེད་པའི་འོས་འགན་ཁག་དང་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་འཁུར་དགོས་པའི་འགན་འཁྲི་ཁ་གསལ་བཟོས་ཡོད་པ་རེད།

(གཅིག)“ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་འབྲེལ་བ་ངོས་འཛིན་བྱེད་དཀའ་བ་དང་།ངལ་རྩོལ་པ་ཁག་ཅིག་གི་ལས་ཀར་རང་བདག་གི་རང་བཞིན་ཅུང་ཆེན་ཡོད་པ”《མཚོ་བྱང་ཁུལ་གྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་ལེན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལག་བསྟར་བསམ་འཆར》ནང་།  གཅིག་ནི་མི་སྤྱི་དང་། འགྲིམ་འགྲུལ། ཁྲིམས་ཁང་སོགས་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་ལྟར་ངལ་རྩོལ་འབྲེལ་བ་ཚད་ལྡན་དུ་བཏང་ནས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་རྣམ་པ་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ལས་ཞུགས་བྱེད་སྟངས་ལ་གཞིགས་ནས་ཁེ་ལས་དང་ངལ་རྩོལ་པ་ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོ་དགོས། ངལ་རྩོལ་གྱི་འབྲེལ་བ་གཏན་འཁེལ་བྱེད་པའི་གནས་ཚུལ་དང་མཐུན་པའི་རིགས་ལ། ཁེ་ལས་ཀྱིས་ཁྲིམས་ལྟར་ངལ་རྩོལ་པ་དང་ངལ་རྩོལ་གྱི་གན་རྒྱ་བཞག་ནས་ལས་མི་བཀོལ་སྤྱོད་ཀྱི་འགན་འཁྲི་འཁུར་དགོས། ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པའི་གནས་ཚུལ་དང་ཡོངས་སུ་མི་མཐུན་ཡང་ཁེ་ལས་ཀྱིས་ངལ་རྩོལ་པའི་ངལ་རྩོལ་དོ་དམ་བྱས་ནས། ཁེ་ལས་དང་ངལ་རྩོལ་པའི་བར་ཡིག་ཐོག་ནས་གན་རྒྱ་བཞག་སྟེ་ཁེ་ལས་དང་ངལ་རྩོལ་པའི་ཁེ་དབང་དང་འོས་འགན་ལུགས་མཐུན་གྱིས་གཏན་འཁེལ་བྱེད་པར་མཛུབ་སྟོན་བྱེད་པ་མ་ཟད། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། མི་སྒེར་གྱིས་ལས་སྟེགས་ལ་བརྟེན་ནས་རང་བདག་ངང་གཉེར་སྐྱོང་བྱེད་སྒོ་སྤེལ་བ་དང་རང་མོས་ལས་རིགས་གཉེར་བ་སོགས་ཀྱི་ཐོག་ནས་དམངས་དོན་བཅའ་ཁྲིམས་གཞིར་བཟུང་ཕྱོགས་གཉིས་པོའི་ཁེ་དབང་དང་འོས་འགན་ལེགས་སྒྲིག་བྱེད་དགོས། 

གཉིས་ནས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་དགོས། ངལ་ལས་མངགས་གཏོང་སོགས་ཀྱི་ལས་མི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ལས་སྟེགས་ཁེ་ལས་ཀྱིས་ངལ་ལས་མངགས་གཏོང་བྱེད་སྟངས་སྤྱད་དེ་ལས་མི་བཀོལ་སྤྱོད་བྱས་ན། ཁྲིམས་ལྟར་ལས་མི་བཀོལ་སྤྱོད་སྡེ་ཚན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། ངལ་ལས་མངགས་གཏོང་སྡེ་ཚན་གྱིས་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་བཀོལ་སྤྱོད་སྡེ་ཚན་གྱི་འགན་འཁྲི་འཁུར་དགོས། འགན་གཙང་སྤྲོད་པ་སོགས་མཉམ་ལས་ལས་མི་བཀོལ་སྤྱོད་བྱེད་སྟངས་གཞན་དག་སྤྱད་དེ་ངལ་རྩོལ་པའི་ཁེ་དབང་ལ་གནོད་འཚེ་ཕོག་ན། ལས་སྟེགས་ཁེ་ལས་དང་མཉམ་ལས་ལས་མི་བཀོལ་སྤྱོད་བྱེད་མཁན་ཁེ་ལས་ཀྱིས་ཁྲིམས་ལྟར་བབ་མཚུངས་ཀྱི་འགན་འཁྲི་འཁུར་དགོས། 

གསུམ་ནས་ངལ་གསོའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ལས་རིགས་ཀྱིས་ངལ་རྩོལ་མི་གྲངས་གཏན་འཁེལ་གྱི་བཅད་གྲངས་ཚད་གཞི་ཁ་གསལ་བཟོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་ངལ་རྩོལ་པའི་ལས་འགན་དང་ངལ་རྩོལ་གྱི་ཤུགས་ཚད་སོགས་དང་འཚམ་པའི་གླ་ཕོགས་དོ་དམ་ལམ་ལུགས་དང་ངལ་གསོའི་བྱེད་ཐབས་ལུགས་མཐུན་ངང་བཟོ་རྒྱུར་མཛུབ་ཁྲིད་བྱེད་དགོས། ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱེད་པའི་གནས་ཚུལ་དང་མཐུན་པར་ཁྲིམས་བཀོད་དུས་ཆེན་དང་གུང་གསེང་སྐབས་སུ་ཁེ་ལས་ཀྱིས་ངལ་རྩོལ་པའི་རྒྱུན་ལྡན་གྱི་ལས་ཀ་བྱེད་ཡུན་གྱི་གླ་ཕོགས་ལས་མཐོ་བའི་ཕོགས་ཐོབ་སྤྲོད་དགོས། ངལ་རྩོལ་འབྲེལ་བ་གཏན་འཁེལ་བྱས་པའི་གནས་ཚུལ་དང་ཡོངས་སུ་མི་མཐུན་ན། ཁྲིམས་བཀོད་ཀྱི་དུས་ཆེན་དང་གུང་གསེང་སྐབས་སུ་ཁེ་ལས་སོ་སོས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས།  ངལ་རྩོལ་བར་རྒྱུན་ལྡན་གྱི་ལས་ཀའི་དུས་ཚོད་ཀྱི་ཚད་གཞི་ལས་མཐོ་བའི་ངལ་རྩོལ་གྱི་ཐོབ་ཆ་སྤྲོད་པའམ་ཡང་ན་ངལ་རྩོལ་པར་གུན་གསབ་འཕར་མ་སྤྲད་ཆོག  

བཞི་ནི་མ་མཐའི་གླ་ཕོགས་དང་གཏོང་སྤྲོད་འགན་སྲུང་ལམ་ལུགས་དོན་འཁྱོལ་བྱེད་དགོས།  ཁེ་ལས་ཀྱིས་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་བྱེད་པའི་ངལ་རྩོལ་ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་མི་དམའ་བའི་ངལ་རྩོལ་གྱི་ཐོབ་ཆ་སྤྲོད་རྒྱུར་ལྟ་སྐུལ་བྱས་ཏེ།  དུས་ཐོག་ཏུ་འདང་ངེས་སྤྲོད་དགོས་པ་ལས་འཕྲི་འཐེན་ནམ་རྒྱུ་མཚན་མེད་པར་དུས་འགྱངས་ཆད་ལུས་བྱས་མི་ཆོག  ཁེ་ལས་ཀྱིས་ངལ་རྩོལ་གྱི་ཐོབ་ཆ་ལུགས་མཐུན་ངང་འཕར་བའི་ནང་རྐྱེན་འཛུགས་པར་ཁྲིད་སྟོན་བྱས་ནས་ངལ་རྩོལ་གྱི་ཐོབ་ཆའི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།

(གཉིས)“རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་ཐོག་རྨས་སྐྱོན་འགན་བཅོལ་ལམ་ལུགས་ནི་སྲོལ་རྒྱུན་གྱི་ལས་མི་བཀོལ་སྤྱོད་བྱེད་སྟངས་ལ་དམིགས་ནས་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། ངལ་རྩོལ་འབྲེལ་བའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་པས།  ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁག་གཅིག་ལམ་ལུགས་ཀྱི་འགན་སྲུང་ཁྱབ་ཁོངས་སུ་འཇུག་ཐབས་བྲལ་བ་དང་། ཕྱི་ཚོང་བྱས་ནས་ཕུ་བོ་ཆུང་བ་སོགས་ལས་ཞུགས་ངལ་རྩོལ་པར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་སྐབས་འགན་སྲུང་གནད་ལ་འཁེལ་མེད་པའི་གནད་དོན་ལྷག་ཡོད”《མཚོ་བྱང་ཁུལ་གྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་སྲུང་ཁེ་དབང་སྲུང་སྐྱོང་བྱེད་པའི་ལག་བསྟར་བསམ་འཆར》ནང་ཁེ་ལས་ཀྱིས་ཁྲིམས་ལྟར་ངལ་རྩོལ་འབྲེལ་བ་བཙུགས་པའི་ངལ་རྩོལ་པ་ལས་རྨས་འགན་བཅོལ་ནང་ཞུགས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།  ལས་སྟེགས་ཁེ་ལས་ཀྱིས་ངལ་ལས་མངགས་གཏོང་དང་ལས་མི་བཀོལ་སྤྱོད་བྱེད་སྟངས་སྤྱད་ན།  ངལ་ལས་མངགས་གཏོང་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་མངགས་གཏོང་བྱས་པའི་ངལ་རྩོལ་པ་ལས་རྨས་འགན་བཅོལ་ནང་ཞུགས་རྒྱུ་མ་ཟད།  སྤྱི་ཚོགས་འགན་བཅོལ་དངུལ་འབབ་འཇལ་སྤྲོད་བྱེད་དགོས། ལས་སྟེགས་ཁེ་ལས་ཀྱིས་འགན་གཙང་གཞན་སྤྲོད་དང་འགན་གཙང་བགོས་ནས་ལས་མི་བཀོལ་སྤྱོད་བྱེད་པོའི་ཐོབ་ཐང་མི་ལྡན་པའི་རྩ་འཛུགས་སམ་ཡང་ན་སྤྱི་དམངས་ལ་སྤྲད་ན།  ལས་སྟེགས་ཁེ་ལས་ཀྱིས་ཁྲིམས་ལྟར་ལས་རྨས་འགན་བཅོལ་འགན་འཁྲི་འཁུར་དགོས། མྱུར་སྐྱེལ་ཁེ་ལས་ཀྱིས་ལས་མི་སྟབས་བསྟུན་དང་འཁོར་རྒྱུག་རང་བཞིན་ཆེ་བའི་གཞི་རིམ་གྱི་མྱུར་སྐྱེལ་དྲ་ཚིགས་ལ་སྔོན་ལ་ལས་རྨས་འགན་བཅོལ་ནང་ཞུགས་རྒྱུ་རེད།   ལས་སྟེགས་སྟབས་བསྟུན་ལས་ཞུགས་མི་སྣའི་ལས་རིགས་གནོད་འཚེ་འགན་ལེན་བྱེད་པར་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཕྱིར་སྐྱོད་དང་། ཕྱིར་ཚོང་། དུས་ཐོག་ཏུ་སྡེབ་སྐྱེལ། གྲོང་ཁྱེར་གཅིག་པའི་ཟོག་འདྲེན་སོགས་ལས་རིགས་ཀྱི་ལས་སྟེགས་ཁེ་ལས་གཙོ་གནད་དུ་བྱས་ནས་ལས་སྟེགས་སྟབས་བསྟུན་ལས་ཞུགས་མི་སྣའི་ལས་རིགས་གནོད་འཚེ་འགན་ལེན་ཚོད་ལྟ་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད།  ལས་སྟེགས་ཁེ་ལས་ཀྱིས་མི་ལུས་ཀྱི་བསམ་ཡུལ་ལས་འདས་པ་དང་གླ་བདག་གི་འགན་འཁྲི་སོགས་ཚོང་ལས་འགན་བཅོལ་ཉོ་སྒྲུབ་བྱས་པ་བརྒྱུད་ལས་སྟེགས་སྟབས་བསྟུན་ལས་ཞུགས་མི་སྣའི་འགན་ལེན་ཆུ་ཚད་མཐོ་རུ་གཏོང་དགོས། མིག་སྔའི་བར་ཁུལ་དེ་ཡོངས་ཀྱི“མྱུར་སྐྱེལ་ཕུ་བོ་ཆུང་ཆུང”208ལས་རྨས་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་ནང་་བཅུག་ནས་རང་རྒྱལ་ཁུལ་གི་“མྱུར་སྐྱེལ་ཕུ་བོ་ཆུང་ཆུང”གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

(གསུམ)“ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་མང་ཆེ་བ་ཕྱི་རོལ་དུ་ངལ་རྩོལ་བྱེད་བཞིན་ཡོད་པ་དང་། འཐུང་ཆུ་དང་། ཟ་མ་ཟ་བ།  གསང་སྤྱོད་དང་ངལ་གསོ་སོགས་ཀྱི་དཀའ་གནད་འཚེ་འཕྲད་ཡོད”《མཚོ་བྱང་ཁུལ་གྱི་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ངལ་རྩོལ་འགན་ལེན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལག་བསྟར་བསམ་འཆར》ནང་།  གཅིག་ནི་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས། རྫོང་ཁག་མི་དམངས་སྲིད་གཞུང་བཅས་ཀྱིས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཞབས་ཞུའི་དྲ་ཚིགས་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་ཚན་པ།  སྡེ་ཁུལ་བཅས་དང་མཐུན་སྦྱོར་བྱས་ཏེ།  ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་གཅིག་སྡུད་སྡོད་ཁུལ་དང་ཚོང་ལས་ཁུལ་དུ་གནས་སྐབས་ངལ་གསོ་རྒྱག་ས་གཉིས་ནས་ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་ངལ་རྩོལ་བདེ་འཇགས་འཕྲོད་བསྟེན་སྲུང་སྐྱོང་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་དང་།  ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། ལས་བཟོ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ།  བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ལམ་ལུགས་དང་བཀོལ་སྤྱོད་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གནམ་གཤིས་ངན་པ་སོགས་དམིགས་བསལ་གནས་ཚུལ་འོག་ངལ་རྩོལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་དང་ལས་རིགས་ནད་ཀྱི་གནོད་འཚེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།

འབྲེལ་གཏུག་མི་སྣ། ཁྲེན་ཀོང་ཧྲེང་གི་འབྲེལ་གཏུག་ཁ་པར། 0970-8643886

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ9ཚེས15ཉིན།


མཉམ་སྤྱོད།