མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཨང2020183པའི་ཡིག་ལན།

2022-12-01 00:17:02   |   2587

གྲོས་གཞི་འདོན་མཁན་ཕན་ཚའེ་ཞ་ལགས།

ཁྱེད་ཀྱིས་བཏོན་པའི“མཚོ་སྔོན་པོའི་ལྗོངས་ཁུལ་གྱི་དོ་དམ་དང་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ཐད་ཀྱི་གྲོས་གཞི”འབྱོར་གསལ། ད་ལྟ་ལག་སློག་པ་གཤམ་གསལ་ལྟར།

2020ལོའི་ཟླ7པའི་ཚེས8ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་དང་བེད་སྤྱོད་དོ་དམ་ཅུས་ཀྱིས“མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”གནད་དོན་སྐོར་ལ། ནུབ་མཚོ་གྲོང་རྡལ་ནས་མཐུན་སྦྱོར་སྦྲེལ་མཐུད་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་དང་འཕེལ་རྒྱས་སྐོར་ལ་ཕྱོགས་གཉིས་ཀར“མཚོ་སྔོན་པོའི་སྲུང་སྐྱོང་ཆེན་པོ་བཅོས་སྐྱོང་ཆེན་པོ་མཉམ་འབྲེལ་ཆེན་པོའི་འགུལ་སྐྱོད”དང་མཉམ་འབྲེལ་མཐུན་སྦྱོར་རྐྱེན་སྲོལ་གྱི་གཅིག་མཐུན་ལྟ་བ་གྲུབ་པ་མ་ཟད། 《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་མཚོ་སྔོན་པོའི་ལྗོངས་ཁུལ་བེད་སྤྱོད་དོ་དམ་ཅུའི“མཚོ་སྔོན་པོའི་སྲུང་སྐྱོབ་ཆེན་པོ་བཅོས་སྐྱོང་ཆེན་པོ་མཉམ་འབྲེལ་ཆེན་མོའི”འགུལ་སྐྱོད་ཐད་ཀྱི་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)》དང《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་མཚོ་སྔོན་པོའི་ལྗོངས་ཁུལ་བེད་སྤྱོད་དོ་དམ་ཅུའི་འབྲེལ་གཏུག་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པའི་སྐོར་གྱི་བརྡ་སྦྱོར(བསམ་འཆར་བསྡུ་ལེན་མ་ཟིན)》ཡིག་ཆའི་ཐོག་མའི་མ་ཡིག་བཟོས་ཤིང་། ད་ལྟ་བསམ་འཆར་བསྡུ་ལེན་བྱེད་སྒང་ཡིན།

གཅིག  “མཚོ་སྔོན་པོའི་སྲུང་སྐྱོབ་ཆེན་པོ་བཅོས་སྐྱོང་ཆེན་པོ་མཉམ་འབྲེལ་ཆེན་མོའི”འགུལ་སྐྱོད་གཏིང་ཟབ་སྤེལ་བའི་ཐད་ཀྱི་བསམ་འཆར།

 “མཚོ་སྔོན་པོའི་སྲུང་སྐྱོབ་ཆེན་པོ་བཅོས་སྐྱོང་ཆེན་པོ་མཉམ་འབྲེལ་ཆེན་མོའི”འགུལ་སྐྱོད་སྤེལ་བརྒྱུད། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། རིམ་པ་སོ་སོའི་ལས་བྱེད་པའི་བསམ་བློ་དོན་ངོ་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློའི་ཐོག་གཅིག་གྱུར་ཡོང་བ་དང་། ཞིང་ཆེན་ཏང་ཨུ་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་ཐག་གཅོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། འགན་ལེན་བསམ་པ་དང་འགན་འཁྲི་བསམ་པ། ཛ་དྲག་བསམ་པ་བཅས་ལ་སྔར་བས་ཤུགས་སྣོན་དང་། ཆབ་སྲིད་ལངས་གནས་ཇེ་མཐོ། ཡང་དག་ཁ་ཕྱོགས་ཇེ་བརྟན་བཅས་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོ་དང་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱེད་པར་གཞིར་བཟུང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་བའི་སྲུང་སྐྱོང་སྐུལ་འདེད་དང་། འགན་དབང་གསལ་བོར་ཡིན་པའི་སྒྲིག་སྲོལ་རྐྱེན་སྲོལ་དང་ཁེ་ཕན་མཉམ་རོལ་གྱི་མཐུན་སྦྱོར་འཕེལ་རྒྱས་རྐྱེན་སྲོལ་མྱུར་དུ་འཛུགས་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་བརྟན་བརླིང་སྒོས་སྐུལ་འདེད་བཏང་ནས། མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བར་སྲ་ཞིང་བརྟན་པའི་རྨང་གཞི་གཏོང་དགོས། འགན་འཁྲི་གཙོ་བོ་ནི། གཅིག་ནི་མཉམ་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་བ་རྩོམ་པ། 《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་བཀོད》རྩོམ་སྒྲིག་དང་རིགས་སྒྲུབ་ལས་དོན་སྤེལ་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དང་བྱེད་ནུས་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་ཁེལ་བྱེད་པ། མཚོ་སྔོན་པོའི་བཞུར་རྒྱུན་གྱི་རང་བྱུང་ཐོན་ཁུངས་དང་སྤྱི་ཚོགས་དཔལ་འབྱོར་གྱི་རང་ས་གནས་ལ་མཉམ་དུ་བརྟག་ཞིབ་བྱེད་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཡུལ་གནས་སྤོར་བ་བྱ་བ་གཅིག་གྱུར་འཆར་འགོད་བྱེད་པ། གཉིས་ནི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས། ནུས་པའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ། ཆུའི་སྐྱེ་ཁམས་སྲུང་སྐྱོང་མཉམ་དུ་ལེགས་པོར་སྒྲུབ་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་སླར་གསོའི་སྤེལ་བ། རི་སྐྱེས་སྲོག་ཆགས་སྐྱེ་དངོས་ཀྱི་སྲུང་སྐྱོང་ལ་ཤུགས་སྣོན་པ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད། རྨང་གཞིའི་སྒྲིག་བཀོད་ཆ་ཚང་དང་སྲུང་སྐྱོབ་བྱེད་པ། མཚོ་སྔོན་པོ་འཛུགས་སྐྲུན་དང་བཀོད་འདོམས། ཚན་རིག་གི་འདེགས་སྐྱོར་ནུས་པ་ཇེ་མཐོར་བཅས་གཏོང་དགོས། གསུམ་ནི་བཅོས་སྐྱོང་ཆེན་པོའི་ནུས་པ་མཉམ་དུ་འདོན་སྤེལ་བྱས་ནས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་གསར་བ་བསྐྲུན་དགོས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ལྡོག་ལན་བསམ་འཆར་གྱི་ལེགས་བཅོས་མཉམ་དུ་སྤེལ་བ་དང་། མཉམ་འབྲེལ་ཁྲིམས་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་གནས་སྐོར་ཁྲོམ་རའི་བཅོས་སྐྱོང་བྱེད་པ། སྤྱི་ཚོགས་བདེ་འཇགས་འཆམ་མཐུན་སྲུང་སྐྱོང་བྱེད་པ། སྡེ་ཁུལ་གཅིག་གྱུར་དོ་དམ་ལ་སྐུལ་འདེད་བཅས་གཏོང་དགོས། བཞི་ནི་ས་ཁུལ་གྱི་མཉམ་འབྲེལ་རྣམ་པ་གསར་གཏོད་བྱས་ནས། མཉམ་འཛུགས་མཉམ་སྐྱོང་མཉམ་རོལ་གྱི་རྣམ་པ་གསར་བ་འཛུགས་དགོས། ས་ཁུལ་འབྲེལ་གཏུག་མཐུན་སྦྱོར་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཏང་འཛུགས་དང་མཉམ་འབྲེལ་མཉམ་བསྐྲུན་གྱི་རྐྱེན་སྲོལ་འཛུགས་པ། ཤེས་ལྡན་མི་སྣའི་གསོ་སྐྱོང་དང་ནང་འདྲེན་ལ་ཤུགས་སྣོན་པ། དྲིལ་སྒྲོག་སློབ་གསོ་རྒྱ་ཁྱབ་སྒོས་སྤེལ་ནས། “ང་ནི་མཚོ་སྔོན་པོ་སྲུང་སྐྱོང་བྱེད་པའི་དང་བླངས་པ་ཡིན”ཞེས་པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་དགོས། ལྔ་ནི་དམངས་འཚོ་ལེགས་བཅོས་གཏོང་བ་ཕྱོགས་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། སྡེ་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་དང་། སྐྱེ་ཁམས་ཕྱུགས་ལས་ལ་འཕེལ་རྒྱས། སྐྱེ་ཁམས་གནས་སྐོར་ལ་འཕེལ་རྒྱས་བཅས་བཏང་ནས་དམངས་འཚོ་ལེགས་བཅོས་གཏོང་བར་འབད་བརྩོན་བྱེད་དགོས།

གཉིས། འབྲེལ་གཏུག་མཐུན་སྦྱོར་བྱ་བའི་རྐྱེན་སྲོལ་འཛུགས་པའི་ཐད་ཀྱི་བརྡ་སྦྱོར།

མཚོ་བྱང་ཁུལ་སྲིད་གཞུང་དང་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའི་མགོ་ཁྲིད་ཀྱིས་ཙུའུ་ཀྲང་གི་འགན་འཁུར་བ་དང་། ལས་བགོས་མགོ་ཁྲིད་ཀྱིས་ཙུའུ་ཀྲང་གཞོན་པའི་འགན་འཁུར་བ། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའི་ཚན་ཁག་སོ་སོའི་འགན་འཁུར་མི་སྣ་ཁོངས་མི་ཡིན་པའི་ལས་དོན་མགོ་ཁྲིད་ཚན་ཆུང་འཛུགས་པ་དང་། འབྲེལ་གཏུག་ཚོགས་འདུ་དང་བྱ་བའི་བརྡ་ཁྱབ་ལམ་ལུགས་དང་། ཆ་འཕྲིན་མཉམ་འབྲེལ་མཉམ་སྤྱོད་ཀྱི་རྐྱེན་སྲོལ་བཙུགས་ནས། བྱ་བ་ལག་ཏུ་བསྟར་བར་ཁག་ཐེག་བྱས། དེའི་འགན་འཁྲི་གཙོ་བོ་ནི། གཅིག་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་“ཏན་ཏན་ཏིག་ཏིག་བཞིའི”གལ་ཆེའི་བླང་བྱ་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་སྲིད་གཞུང་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་སྲིད་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། མཚོ་སྔོན་པོའི་སྲུང་སྐྱོབ་བེད་སྤྱོད་བྱ་བ་གཅིག་གྱུར་སྐུལ་འདེད་དང་། མཚོ་སྔོན་པོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་མུ་མཐུད་དུ་སྐུལ་འདེད་གཏོང་བ། གཉིས་ནི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་བ། གསུམ་ནི་སྐྱེ་ཁམས་སྲུང་སྐྱོང་གི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་བ་མཉམ་དུ་ལེགས་པོར་བསྒྲུབ་པ། བཞི་ནི་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་བ་དང་། “ལྗང་ཕུབ”ཆེད་དོན་འགུལ་སྐྱོད་མཉམ་དུ་སྤེལ་བ། སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བྱེད་པ་དང་། ཁྲིམས་འགལ་ངང་གནས་སྐོར་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྒོ་སྤེལ་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ། ལྔ་ནི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་ལེགས་པོར་བསྒྲུབ་པ། ས་ཁུལ་གྱི་མཉམ་འབྲེལ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་གྱི་ལྡོག་ལན་ལས་མཚོ་སྔོན་པོའི་གནད་དོན་བཅོས་སྒྲིག་བྱ་བ་སྤུས་ཚད་མཐོ་བའི་ངང་ལེགས་འགྲུབ་བྱེད་པ། དྲུག་ནི་མཚོ་སྔོན་པོའི་སྡེ་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་ནས། མཚོ་སྐོར་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་བྱ་བ་སྐུལ་འདེད་གཏོང་བ།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་མཉམ་འབྲེལ་སྒོས་མཐུན་སྦྱོར་བྱ་བའི་རྐྱེན་སྲོལ་དང་། མཚོ་སྔོན་པོའི་སྲུང་སྐྱོང་ཆེན་པོ་བཅོས་སྐྱོང་ཆེན་པོ་མཉམ་འབྲེལ་ཆེན་མོའི་འགུལ་སྐྱོད་སྤེལ་བ་བརྒྱུད། སྲུང་སྐྱོང་ཆེན་པོ་མཉམ་དུ་སྒྲུབ་པ་དང་བཅོས་སྐྱོང་ཆེན་པོ་མཉམ་དུ་སྐུལ་འདེད་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་གྱི་རྨང་གཞི་མུ་མཐུད་དུ་ཇེ་བརྟན་དུ་བཏང་ནས། མཚོ་སྔོན་པོ་དེ་སྐྱེ་ཁམས་ཁོར་ཡུག་དང་ལྗང་མདོག་འཕེལ་རྒྱས་ཀྱི་མ་དཔེ་རུ་བསྐྲུན་པར་ཧུར་བརྩོན་བྱེད་དགོས།

ཁྱེད་ཀྱིས་གནས་སྐོར་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་དཀའ་དྲིན་ཞུས་པ་ཡིན།

འབྲེལ་གཏུག་བྱེད་ས། ཐུའོ་ཞིང་ཅུན། འབྲེལ་གཏུག་ཁ་པར། 0970-8644056

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ9ཚེས15ཉིན།


མཉམ་སྤྱོད།