མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཨང2020225པའི་ཡིག་ལན།

2022-12-01 01:07:27   |   3320

གྲོས་གཞི་འདོན་མཁན་དབྱང་ཡུང་ཆང་ལགས།

《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་ཆེན་འཐུས་མིའི་བསམ་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》(བྱང་སྲིད་གཞུང་ལས་ཁང〔2022〕ཨང26པ)གྱི“ཞིང་ཆེན་དམངས་ཆེན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་གསུམ་པ། བཞི་པ། ལྔ་པ་བཅས་དང་། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ། གསུམ་པ་བཅས་ཁྲོད་ཀྱི་རིགསBཅན་གྱི་གྲོས་གཞིར་ཡང་བསྐྱར་སྒྲུབ་པའི”བླང་བྱ་ལྟར། དེང་གི་རིམས་ནད་འགོག་སྡོམ་གྱི་དོན་དངོས་ལ་ཟུང་འབྲེལ་སྒོས་ཁ་པར་གྱི་ལམ་ནས་འབྲེལ་གཏུག་དང་འབྲེལ་ཡོད་ཡིག་ཆ་སྐྱེལ་བ། ཁ་པར་གྱི་ལམ་ནས་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་པ། མཉམ་དུ་གྲོས་མཐུན་ལས་སྒྲུབ་བྱ་བའི་བྱེད་ཐབས་སྤྱད་པ་བརྒྱུད་ནས་ཡང་བསྐྱར་ལས་སྒྲུབ་བྱས།

ཡང་བསྐྱར་ལས་སྒྲུབ་བྱེད་པའི་གོ་རིམ་ཁྲོད། ཨུ་ཡོན་དབྱང་ཡུང་ཆང་གིས་ཐོག་དང་པོར་ལས་སྒྲུབ་གནས་ཚུལ་ལ་བསམ་འཆར་བསྡུ་ལེན་བྱེད་སྐབས་སུ་བཏོན་པའི “སྲིད་ཇུས་ཀྱི་ཐོག་ནས་གཞུང་ལམ་བདག་སྐྱོང་ཐད་བཀོལ་བའི་རྒྱུ་ཆ(བྱེ་རྡོ)དང་གཏེར་ཁའི་ཐོན་ཁུངས་གཉིས་སོ་སོར་བཀར་ནས། གཞུང་ལམ་བདག་སྐྱོང་དུ་བཀོལ་བའི་རྒྱུ་ཆ་དཀའ་བའི་གནད་དོན་ཇེ་ལེགས་སུ་གཏོང་བའི་ཐད་ཀྱི”གྲོས་གཞི་ལ་དམིགས་ནས། མིག་སྔར་གྱི་བྱེ་རྡོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་འབྲེལ་ཡོད་སྒྲིག་ཁྲིམས་དང་སྲིད་ཇུས། 《མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བྱེ་རྡོའི་ཐོན་ཁུངས་ཀྱི་ཁྱབ་སྟངས་ལེགས་བཅོས་གཏོང་བའི་ལག་བསྟར་འཆར་གཞི(2020-2023)》(མཚོ་སྔོན་རང་བྱུང་ཐོན་ཁུངས〔2021〕ཨང10པ)དང་སྟོང་སྐོར་གཞུང་ལམ་གསོ་སྐྱོང་སྤྱིའི་དུམ་མཚམས་ཀྱིས་འདོན་སྤྲོད་བྱས་པའི《མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའི“ལྔ་བཅུ་གསུམ”གྱི་རྒྱུ་ཆའི་ར་བའི་འཆར་འགོད》སོགས་ལ་ཡར་བསྐྱར་དབྱེ་བགར་ཞིབ་གཅོད་བྱས། མཚོ་སྔོན་རང་བྱུང་ཐོན་ཁུངས〔2021〕ཨང10པའི་ཡིག་ཆའི་གཏན་ཁེལ་ལྟར། མཚོ་བྱང་ཁུལ་གྱི་བྱེ་རྡོའི་རིགས་ཀྱི་གཏེར་ཁ་སྔོག་འདོན་གྱི་སྤྱི་འབོར་ཚོད་འཛིན་དམིགས་ཚད7ཡོད་པའི་ནང་མདོ་ལ་རྫོང་1དང་། འཇུ་ལག་རྫོང་དུ2 མདའ་བཞི་རྫོང་དུ2 རྐང་ཚ་རྫོང་དུ2བཅས་ཡོད་པ་མ་ཟད། འཛུགས་སྐྲུན་ཐད་སྤྱོད་པའི་བྱེ་མ་དང་འཛུགས་སྐྲུན་ཐད་སྤྱོད་པའི་རྡོ་རའི་བསྡུར་ཚད་ཀྱང་གཏན་ཁེལ་བྱས་ཡོད། རྐང་ཚ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཞིབ་འཇུག་བརྡར་ཤ་བཅད་པ་བརྒྱུད(མཚོ་སྔོན་རང་བྱུང་མ་དངུལ་གྱི་ཨང་10པ)། རྫོང་དེས་ཨར་སྐྲུན་ཐད་སྤྱོད་པའི་བྱེ་མ་དང་རྡོ་སྤྱོད་ར་བ་ཁག1སོ་སོར་བཀོད་སྒྲིག་བྱས་པ་དེ། རྫོང་དེ་གའི་བྱེ་རྡོ་སྔོག་འདོན་དབང་ཆ་བཀོད་སྒྲིག་གི་སྤྱི་འབོར་ཚོད་འཛིན་དམིགས་ཚད་དུ་སླེབས་ཡོད། མདོ་ལ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། འཛུགས་སྐྲུན་ཐད་སྤྱོད་པའི་བྱེ་ར2བཀོད་སྒྲིག་བྱས་པ་དང་། བྱེ་རྡོ་སྔོག་འདོན་དབང་ཆ་བཀོད་སྒྲིག་གི་སྤྱི་འབོར་ཚོད་འཛིན་དམིགས་ཚད་ལས་བརྒལ་བས། མིག་སྔར་གཞུང་ལམ་གྱི་བྱེ་རྡོའི་རྒྱུ་ཆའི་ར་བ་གནས་སྐབས་བཀོད་སྒྲིག་བྱེད་ཐབས་བྲལ། གཞན་ཡང་ཁྱེད་ཀྱིས་མདོ་ལ་རིང་མོ་དང་རྐང་ཚ་རྫོང་དུ་རྒྱུ་ཆ་ཁག5བཀོད་སྒྲིག་བྱེད་རྒྱུའི་གྲོས་གཞི་དེ《བྱེ་རྡོའི་རིགས་ཀྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་དོ་དམ་ལ་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ》(མཚོ་སྔོན་རྒྱལ་ཁོངས་ཐོན་ཁུངས〔2014〕ཨང248པ)ནང་གི་མཛེས་ལྗོངས་གྲགས་ཅན་ཁུལ་དང་ཡུལ་སྐོར་ལམ་ཐིག་གི་གཞོགས་གཉིས་ཀྱི་མཐོང་རུང་ཁྱབ་ཁོངས་ནང་དང་། དེ་བཞིན་གཞུང་ལམ་སོགས་ཁྱབ་ཁོངས་ནང་བྱེ་རྡོ་རིགས་ཀྱི་གཏེར་འདོན་དབང་ཆ་འཛུགས་མི་ཆོག་པའི་འབྲེལ་ཡོད་བླང་བྱ་དང་མི་མཐུན་པས་ཁྱེད་ཀྱི་བསམ་འཆར་དེ་གནས་སྐབས་ད་དུང་སྒྲུབ་ཐུབ་པ་མིན།

ཁྱེད་ཀྱིས་བཏོན་པའི“སྲིད་ཇུས་ཐོག་ནས་གཞུང་ལམ་བདག་སྐྱོང་གི་རྒྱུ་ཆ(རྡོ་རྡོ)དང་གཏེར་ཁའི་ཐོན་ཁུངས་དབྱེ་འབྱེད་བྱས་ནས་གཞུང་ལམ་བདག་སྐྱོང་གི་རྒྱུ་ཆ་སྤྱོད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུའི”གྲོས་གཞིར་དམིགས་ནས་གོམ་སྟབས་རྗེས་མར“ལྔ་བཅུ་བཞིའི”གཏེར་ཁའི་ཐོན་ཁུངས་འཆར་འགོད་ནང་ཕྱོགས་བསྡུས་གཅིག་གྱུར་འཆར་འགོད་བྱས་ཏེ། དབྱེ་བ་ཡོད་པའི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་རྩིས་ཡོད། འོན་ཀྱང་དེ་དང་ཆབས་ཅིག་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཞི་ཨན་ཅུས་ཀྱིས2020ལོར་རང་ཁུལ་གྱི་ཁ་ཤས་མྱུར་བགྲོད་གཞུང་ལམ་ཡིན་པའི་ཆ་སྡེབ་བྱེ་རྡོའི་རྒྱུ་ཆའི་ར་བར་ཚོང་འགུག་མཉམ་འཚོང་གི་བྱེད་ཐབས་སྤྱད་མེད་པར་ཕྱིར་འཚོང་བྱས་པར་བསམ་འཆར་གྲོས་གཞི་བཏོན། རྗེས་སུ་ཞིང་ཆེན་སྲིད་གཞུང་གི《ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྱི་བསམ་འཆར》(མཚོ་སྔོན་སྲིད〔2015〕ཨང76པ)གྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་འགྲེལ་བཤད་བྱས་ཡོད་ལ། འོན་ཀྱང་མཚོ་སྔོན་སྲིད〔2015〕ཨང76པའི་གོ་ཆོད་དུས་ཡུན་ལོ་ལྔ་ཡིན་པ་ཁ་གསལ་བྱས་ཡོད། ད་ལྟ་དུས་ཚོད་ཡོལ་ཟིན་པས་བདག་སྐྱོང་རྒྱུ་ཆ་བཀོད་སྒྲིག་བྱེད་སྐབས་ད་དུང་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཞི་ཨན་ཅུས་ལ་དགོངས་སྐོར་ཞུ་དགོས། ང་ཚོས་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ལྟ་སྐུལ་ཞིབ་བཤེར་ལྟ་བཤེར་ཞི་ཨན་ཅུས་དང་དེ་བཞིན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ཁྲིམས་འཛིན་ཅུ། གཏེར་ལས་དབང་ཆ་དོ་དམ་ཁྲུའུ། གཏེར་རྫས་ཐོན་ཁུངས་སྲུང་སྐྱོང་ལྟ་སྐུལ་ཁྲུའུ་སོགས་ལས་ཁུངས་དང་སྡེ་ཁག་ལ་འབྲེལ་གཏུག་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། གཞུང་ལམ་བདག་སྐྱོང་རྒྱུ་ཆ་དང་རྒྱུ་ཆའི་གནས་ཡུལ་གྱི་འབྲེལ་ཡོད་གནད་དོན་ཞི་ལྷོད་དུ་གཏོང་བའམ་ཡང་ན་ཐག་གཅོད་ཐུབ་པ་བརྩོན་ལེན་བྱ་རྒྱུ་ཡིན།

ཁྱེད་ཀྱིས་རང་བྱུང་ཐོན་ཁུངས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།

འབྲེལ་གཏུག་མི་སྣ། སྐལ་བཟང་ཉི་མ། འབྲེལ་གཏུག་ཁ་པར།18109709102

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ9ཚེས15ཉིན།


མཉམ་སྤྱོད།