མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས24ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་གཞི་ཨང2020067པའི་ཡིག་ལན།

2022-12-01 01:08:10   |   4208

ཀྲུང་གོའི་དམངས་གཙོ་མནའ་མཐུན་ཚོགས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ཁང་།

ཁྱེད་ཀྱིས་བཏོན་པའི“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་ལ་ཉམས་ལེན་རྣམ་པའི་སྒོ་ནས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི”འབྱོར་བྱུང་བས། ད་ལྟ་ལན་འདེབས་པ་གཤམ་གསལ་ལྟར།

“གསར་བརྗེའི་ཐོན་ཁུངས་ཡག་པོར་སྤྱོད་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པ། གསར་བརྗེའི་རི་ཀླུང་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། ཉེ་བའི་ལོ་འགའི་རིང་ང་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི“བསམ་པའི་དར་ཆ་བརྟན་པོ་བསྒྲེངས་བའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། “ཐབས་ཤེས་དང་བྱེད་ཐབས”“གཏམ་རྒྱུད་ཡག་པོ་བརྗོད་པ”གཞི་གཅིག་ཏུ་གསར་གཏོད་དང་། “སྤུས་རྟགས་སྐྱེད་སྲིང་བྱེད་པ”དང“རིག་གནས་བརྒྱུད་སྤེལ”ཟུང་འབྲེལ་དམ་ཟབ་བྱས་ཏེ། གསེར་དངུལ་ཐང་དང་རྡུལ་ཕྲན་གྲོང་གི་མཛེས་ལྗོངས་ཁུལ་དེ་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་གསར་བརྗེའི་ཡུལ་སྐོར་སྤུས་ལེགས་མཛེས་ལྗོངས་ཁུལ་དུ་ནུས་ཤུགས་ཡོད་རྒུས་གཏོད་ཡོད།

གཅིག ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ནས། རྟེན་གཞིའི་གནས་རྙིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོ་ནི་མཚོ་བྱང་ཁུལ་གྱི་གསར་བརྗེའི་གནས་སྐོར་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་དང་། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྲོང་མཛེས་ལྗོངས་ཁུལ་གྱི་གཞི་རྩའི་ནང་དོན་ཞིག་རེད། ཉེ་བའི་ལོ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་མཚོ་བྱང་ཁུལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོ་སྲུང་སྐྱོང་བེད་སྤྱོད་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁུལ་དཔོན་གྱིས་ཚན་གཙོའི་འགན་འཁུར་བའི་ཁུལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཡང་དག་པའི་སྣེ་ཁྲིད་འོག《མཚོ་བྱང་ཁུལ་གྱི“ལྔ་བཅུ་བཞིའི”རིག་གནས་ལུས་རྩལ་གནས་སྐོར་རླུང་འཕྲིན་བརྙན་འཕྲིན་འཕེལ་རྒྱས་འཆར་འགོད》དང《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་དོ་དམ་སྲོལ་ཡིག》གི་བླང་བྱ་གཞིར་བཟུང་། “རིག་དངོས་སྲུང་སྐྱོང་དང་སྙིང་སྟོབས་དར་སྤེལ། ཐོན་ལས་འཕེལ་རྒྱས་བཅས་གཏོང་ཐུབ་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་བརྟན་པོ་བཏང་།

གཉིས། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱས་ནས། འཕེལ་རྒྱས་ཀྱི་རྨང་གཞིའི་ཞན་ཆ་ཁ་གསབ་བྱས།

ཉེ་བའི་ལོ་འགའི་རིང་། གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་གྱི་ཁྱབ་ཁོངས་ནང་སྲིད་གཞུང་སྡེ་ཁག་དང་རིག་གནས་ཡུལ་སྐོར་ཁེ་ལས་བརྒྱུད“མདེལ་གཉིས་སྐར་གཅིག”གི་ཕུགས་འདུན་དད་སེམས་སློབ་གསོའི་སློབ་གླིང་དང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། དུས་རབས་ཀྱི་མིག་དཔེའི་དྲན་གསོ་ཁང་། རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སོགས་རྣམ་གྲངས་གཙོ་གནད་དོན་འཁྱོལ་བྱས་ཡོད། 2021ལོར་རྒྱལ་ཁབ་རིག་དངོས་ཅུ་དང་ཞིང་ཆེན་རིག་དངོས་ཅུས་ཤུགས་ཆེའི་རྒྱབ་སྐྱོར་འོག་མ་དངུལ་སྒོར་ཁྲི9931བཏང་བའི་རིག་དངོས་སྲུང་སྐྱོང་རྣམ་གྲངས10དོན་འཁྱོལ་དང་ལག་བསྟར་བྱས། ད་ལོ་རིག་དངོས་ཀྱི་ཉམས་གསོའི་རྣམ་གྲངས13དང“སྔོན་འགོག་གསུམ”གྱི་རྣམ་གྲངས11 ཁོར་ཡུག་བཅོས་སྒྲིག་རྣམ་གྲངས2བཅས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་། ཉེ་བའི་ལོ་འགའི་རིང་ཁུལ་དང་རྫོང་གིས་མཉམ་སྐྲུན་བྱས་པ་བརྒྱུད། སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར6ཙམ་བཏང་ནས་རིག་དངོས་སྲུང་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་བཅོས་སྒྲིག གྲོང་ཁྱེར་འཛུགས་སྐྲུན། མཉེན་ཆས་ཞབས་ཞུ་སོགས་ཐད་ཀྱི་ཞན་ཆར་ཁ་གསབ་བྱས་ནས་གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་འཕེལ་རྒྱས་གཏོང་བའི་ས་རྒྱུ་རྒྱུན་ཆད་མེད་པར་བརྟན་དུ་བཏང་།

གསུམ། འགྲེམ་སྟོན་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས། རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།

གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་གྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་བའི་ལོ་འགའི་རིང་། ང་ཚོས་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་། “མདེལ་གཉིས་སྐར་གཅིག”ཕུགས་འདུན་དད་སེམས་སློབ་གསོའི་སློབ་གླིང་སྲོག་ཤིང་དུ་བྱས་པ་དང་། རིག་དངོས་གནས30ཡི་ཁྱད་ཆོས་འགྲེམས་སྟོན་ཚོགས་པ་བཙུགས་ཏེ། “མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། “མདེལ་གཉིས་སྐར་གཅིག”གི་ཕུགས་འདུན་དད་སེམས་སློབ་གསོའི་སློབ་གླིང་དུ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཕུགས་འདུན་དད་སེམས། རྒྱལ་སྲུང་བདེ་འཇགས། སྐྱེ་ཁམས་དཔལ་ཡོན། མི་རིགས་མཐུན་སྒྲིལ་ཡར་ཐོན”བཅས་ཀྱི་སློབ་ཁྲིད་དུམ་བུ་ཆེན་པོ་ལྔ་བཏོད་པ་མ་ཟད། ཆེད་དོན་རིགས་དང་ཡུལ་དངོས་རིགས། ཉམས་ལེན་རིགས། གནས་ལྗོངས་རིགས་སོགས་རིགས5ཡི་སློབ་ཁྲིད་མ་ལག་གྲུབ་ཡོད། ཉིང་རྡུལ་མཚོན་ཆའི་ཞིབ་བཟོའི་རྟེན་གཞིའི་གནས་རྙིང་གི་རྒྱལ་ཁོངས་ཀྱི་རིག་དངོས་སྲུང་སྐྱོང་ལས་ཁུངས་བེད་སྤྱད་དེ་ཡུལ་དངོས་ཀྱི་སློབ་སྦྱོང་གནས་ཡུལ10ལྷག་གསར་སྤེལ་བཏང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་བཤད་ཚོགས་པ་དང་ཞིང་ཆེན་ཕྱི་ནང་གི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་ངོ་སྤྲོད་ཚོགས་འདུ་ལ་བརྟེན་ནས། “མདེལ་གཉིས”ཀྱི་གསར་བརྗེའི་གཏམ་རྒྱུད་ཡག་པོར་བརྗོད་པ་དང་། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་དར་སྤེལ་བཏང་། 《རྟེན་གཞིའི་གནས་རྙིང་གི་རིག་གནས་ལོ་རྒྱུས་དཔྱད་ཡིག་དང་རིག་དངོས་སྲུང་སྐྱོང་དོ་དམ་ལམ་ལུགས》ལག་བསྟར་ནན་ཏན་བྱས་ནས། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་གཞི་རྒྱུའི་མཛོད་ཁང་རྣམ་གྲངས་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་གསར་བརྗེའི་རིག་གནས་འགྲེམས་སྟོན་གཞི་རྟེན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་།

བཞི། གསར་བརྗེའི་བརྩམས་ཆོས་སྤུས་དག་གསར་སྐྲུན་དང་། བྱ་གཞག་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་།

གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་དེ་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྐྱེད་སྲིང་བྱེད་ཆེད། ང་ཚོས་གོང་རིམ་ལས་སྒོའི་མཛུབ་ཁྲིད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས། “ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གསང་བ་འཚོལ་ཞིབ་བྱེད་པའི་ཉིན་གཉིས་པའི་ཡུལ་སྐོར”སོགས་གསར་བརྗེའི་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་ཧུར་ཐག་བཏོད་དེ། མཛེས་ལྗོངས་ཁུལ་གྱི་འགྲུལ་པ་དང་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་གྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་གཏོད་པའི་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུས་ནས་ཀྲོའུ་དང་རྫོང་རིག་གནས་ཡུལ་སྐོར་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དུས་རབས་གསར་པར་གསར་བརྗེའི་སྙིང་སྟོབས་དང་ལེན་དང་མཚོ་སྔོན་གྱི་སྙིང་སྟོབས་དར་སྤེལ་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལ་གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི408.39ལ་སྣེ་ལེན་ཞུས་པ་དང་། མདའ་བཞི་རྫོང་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཀྱི་གསུམ་ཆ་གཅིག་ལས་བརྒལ་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.27བྱུང་ཡོད།

གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་དུ་གནས་པའི་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་རྐྱང་པ་དང་། ཐོན་རྫས་སྤེལ་རེས་རང་བཞིན་ཞན་པ། སྤུས་རྟགས་ཀྱི་གསལ་ཚད་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། གོམ་སྟབས་རྗེས་མར་ང་ཚོས་གཙོ་གནད་ཕྱོགས་གསུམ་ནས་འགོ་བཙུགས་ཏེ་འཕེལ་རྒྱས་ཀྱི་འགག་སྒོ་གཏོར་རྒྱུ་ཡིན་ཞིང་། གཅིག་ནི་གསོན་ཉམས་ལྡན་པའི་སྒོ་ནས་རིག་དངོས་ཐོན་ཁུངས་བེད་སྤྱོད་བྱེད་དགོས། རྡུལ་ཕྲན་མཁར་དྲན་གསོ་ཁང་དང་ཡན་ལག་བཟོ་གྲྭ22ཀྱི་ཧེ་བག་ཅན་གྱི་བེད་སྤྱོད་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “བཟོ་གྲྭ་རེར་བརྗོད་བྱ་གཙོ་བོ་རེ་དང་བཟོ་གྲྭ་རེར་འཆར་འགོད་རེ། བཟོ་གྲྭ་རེར་ཁྱད་ཆོས་རེ”བཅས་ཀྱི་བསམ་ཕྱོགས་ལ་དམིགས་ནས། ལག་བསྟར་རྣམ་གྲངས་ཇུས་འགོད་བྱས་ཏེ་རིག་དངོས་བེད་སྤྱོད་ཡག་པོ་ཡོང་བ་བྱེད་པ། གཉིས་ནི་ཐོན་ཁུངས་གཅིག་གྱུར་གྱིས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་འོག་བསྐྱར་སྒྲིག་བྱས་པའི་མཚོ་བྱང་ཁུལ་རིག་གནས་ཡུལ་སྐོར་ཚོགས་པ་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། འབར་གས་ཀྱི་ཚོད་ལྟ་ཁང་དང་ཡན་ལག་བཟོ་གྲྭ་གཉིས་པ། བཟོ་གྲྭ་བཞི་པ། ས་འོག་བཀོད་འདོམས་ལྟེ་གནས་བཅས་ཀྱི་གཏོགས་ཁོངས་དབང་ཆའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་གཅིག་གྱུར་དོ་དམ་དང་། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་གསར་སྤེལ་བཅས་ལ་སྐུལ་འདེད་གཏོང་བ། གསུམ་ནི་དྲིལ་བསྒྲགས་མཐོར་འདེགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། ཀྲུང་གོའི་ཧ་ཡང་གིས་མཚོ་སྐྱོར་དང་མཚོ་སྐྱོར་རིག་གནས་ཡུལ་སྐོར་མནའ་འབྲེལ་སོགས་ལས་སྟེགས་གང་ལེགས་སྤྱད་དེ། གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱི་མཛེས་ལྗོངས་ཁུལ་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་གསར་གཏོད་བྱས་ནས་གསར་བརྗེའི་ཐོན་ཁུངས་དྲིལ་བསྒྲགས་དང་གསར་བརྗེའི་ཐོན་རྫས“དྲ་ཐོག”ཕྱིར་འཚོང་། གསར་བརྗེའི་བརྗོད་དོན་གཙོ་བོའི་གཞི་རྒྱུ་དང་མང་ཚོགས་ཀྱི་འཚོ་བ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། གསར་བརྗེའི་གནས་སྐོར་གྱི་སྣོལ་སྦྲེལ་རང་བཞིན་ལ་ཤུགས་སྣོན་དང་། གསེར་དངུལ་ཐང་གི་རྡུལ་ཕྲན་མཁར་གྱི་ལྗོངས་ཁུལ་གྱི་ཤེས་རྟོགས་བྱས་ཚད་དང་ཤུགས་རྐྱེན་ནུས་པ་ཕྱོགས་བསྡུས་སྒོས་མཐོ་རུ་བཏང་ནས། མཚོ་བྱང་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ཡུལ་དུ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བའི་ནང་ཡོངས་སུ་འདྲེས་པར་རོགས་འདེགས་བྱ་རྒྱུ་ཡིན།

ཁྱེད་ཀྱིས་མཚོ་བྱང་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྗེས་ཕྱོགས་ད་དུང་མུ་མཐུད་དུ་བསམ་འཆར་དང་གྲོས་གཞི་འདོན་པར་དགའ་བསུ་ཞུས་པ་ཡིན།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ9ཚེས15ཉིན།


མཉམ་སྤྱོད།