མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ནུབ་མཚོ་གྲོང་རྡལ་གྱི་ལམ་ཁ་འདི་དག་ནས་འགྲིམ་འགྲུལ་ཁྲིམས་འགལ་ལ་པར་ལེན་རྒྱུ་རེད

2023-02-15 22:16:28   |   349

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གློག་རྡུལ་ཉེན་རྟོག་ཁྲིམས་འགལ་པར་ལེན་སྒྲིག་ཆས་སྤྱོད་མགོ་ཚུགས་པའི་སྐོར་གྱི་སྤྱི་བསྒྲགས།

བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་རླངས་འཁོར་སྐོར་བའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་དང་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ནས། མཚོ་བྱང་ཁུལ་ནུབ་མཚོ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ནུབ་མཚོ་གྲོང་རྡལ་དུ་གློག་རྡུལ་ཉེན་རྟོག་ཁྲིམས་འགལ་པར་ལེན་སྒྲིག་ཆས11བཀོད་སྒྲིག་བྱས་པ་དང་། ད་ལྟ་ཞིབ་ཕྲའི་བཀོད་སྒྲིག་བྱས་པའི་བགྲོད་ལམ་གྱི་མིང་དང་ས་གནས། བེད་སྤྱོད་དོན་ཚན་བཅས་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག བགྲོད་ལམ་གྱི་མིང་དང་ས་གནས།

  • 1   ནུབ་མཚོ་སྲང་ཆེན་དང་རྐང་ཚ་ལམ་གྱི་བཞི་མདོའི་ཤར་ཕྱོགས།

  • 2   ནུབ་མཚོ་སྲང་ཆེན་དང་དམག་དཔོན་ལམ་གྱི་བཞི་མདོའི་ནུབ་ཕྱོགས།

  • 3   དམག་དཔོན་ལམ་དང་ནུབ་མཚོ་སྲང་ཆེན་གྱི་བཞི་མདོའི་ལྷོ་ཕྱོགས།

  • 4   དངུལ་ཐང་ལམ་མཚོ་བྱང་མགྲོན་ཁང་གི་སྒོ་ཁ།

  • 5   དངུལ་ཐང་ལམ་མཚོ་བྱང་རྒྱང་སྒྲོག་གི་སྒོ་ཁ།

  • 6   དངུལ་ཐང་ལམ་དང་མཐོན་པོ་ལམ་གྱི་བཞི་མདོའི་ལྷོ་ཕྱོགས། 

  • 7   གསེར་ཐང་ལམ་ཀྲུང་གོ་དངུལ་ཁང་གི་སྒོ་འགྲམ།

  • 8   གསེར་ཐང་ལམ་ཞིང་ལས་ཚོང་དོན་དངུལ་ཁང་གི་སྒོ་འགྲམ།

  • 9   རྡུལ་ཕྲན་ལམ་དང་དམག་དཔོན་ལམ་གྱི་བཞི་མདོའི་ནུབ་ཕྱོགས།

  • 10 རྡུལ་ཕྲན་ལམ་དང་རྐང་ཚ་ལམ་གྱི་བཞི་མདོའི་ཤར་ཕྱོགས།

  • 11 མཐོན་པོ་ལམ་དང་རྐང་ཚ་ལམ་གྱི་བཞི་མདོའི་ཤར་ཕྱོགས། 

གཉིས། བེད་སྤྱོད་དུས་ཚོད། 

གློག་རྡུལ་ཉེན་རྟོག་པར་ལེན་སྒྲིག་ཆས་དེ2023ལོའི་ཟླ3པའི་ཚེས1ཉིན་དངོས་སུ་སྤྱོད་རྒྱུ་ཡིན་པ་རེད། 

སྤྱི་བསྒྲགས་སྤེལ་ཡུན་ལོན་རྗེས། སྤྱི་བདེ་ལས་ཁུངས་ཀྱིས་གོང་གསལ་གྱི་ལམ་དུམ་སོ་སོའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ཁྲིམས་ལྟར་དམ་འཛིན་དང་པར་ལེན་ཆད་གཅོད་བྱེད་རྒྱུ་ཡིན་པས། རྒྱ་ཆེའི་འགྲིམ་འགྲུལ་ཁ་ལོ་བ་ཚོས་རང་འགུལ་ངང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ནས་བདེ་འཇགས་དང་ཡ་རབས་ངང་སྐྱོད་རྒྱུའི་རེ་བ་ཡོད།  

མཚོ་བྱང་ཁུལ་ནུབ་མཚོ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན། 

2023ལོའི་ཟླ2པའི་ཚེས15ཉིན། 


མཉམ་སྤྱོད།