དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཀའ་འགྱུར་གྱི་མཚན་ཉིད་ལས་གང་ཞིག་ལ་བཀའི་ཐོག་མ་ཟེར།

2024-09-13 11:38:17   |   94

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ཀྱི་རིག་གནས་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


དེ་ཡང་སྟོན་པ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཕྱིར།  གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་བདེ་བ་ཅན་མའམ་ཨུ་སུ་ར་གསང་བའི་བྲག་ཕུག་ཏུ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་ནས།  སྟོན་པ་བཞུགས་དུས་ཞལ་ནས་གསུངས་པའི་བཀའ་རྣམས་མི་བརྗེད་པའི་གཟུངས་ཐོབ་པའི་དགྲ་བཅོམ་པ་ལྔ་བརྒྱ་ཕྱོགས་གཅིག་ཏུ་བསྡུས་ནས་རྣམ་སྦྱར་བརྩེགས་པའི་གདན་སྟེང་དུ་ཀུན་དགའ་བོ་བཞུགས་ཏེ་ཉིད་ཀྱིས་མདོ་སྡེ་རྣམས་བཀླགས་པས་མདོ་སྡེའི་སྡེ་སྣོད་བསྡུས།  དེའི་རྗེས་སུ་འཕགས་པ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་རྣམས་བཀླགས་པས་འདུལ་བའི་སྡེ་སྣོད་ཕྱོགས་གཅིག་ཏུ་བསྡུས།  དེ་ནས་ཉན་ཐོས་ཆེན་པོ་འོད་སྲུང་གིས་མངོན་པའི་སྡེ་སྣོད་བཅས་སྡེ་སྣོད་གསུམ་གྱི་ཚིག་དོན་ཆད་ལྷག་ལ་བརྟགས་ཏེ་གཏན་ལ་ཕབ་ཅིང་།  བརྗེད་ཐོར་བཀོད་དེ་བཀའ་བསྡུས་པ་ཡིན།  དེ་མི་ནུབ་པའི་རྒྱལ་མཚན་དུ་བཀོད་པ་ལོ་བརྒྱ་ན་གྲོང་ཁྱེར་ཡངས་པ་ཅན་དུ་དགེ་སློང་ལྔ་བརྒྱས་སྡེ་སྣོད་གསུམ་གྱི་དོན་བཀའི་འཁོར་ལོ་དང་པོའི་དགོངས་འགྲེལ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་བམ་པོ་སུམ་བརྒྱ་པ་བརྩམས་པ་ནི་བསྟན་བཅོས་ཀྱི་ཐོག་མ་ཡིན་ནོ།  འོ་ན་བོད་ཀྱི་བསྟན་བཅོས་ཀྱི་ཐོག་མ་གང་ཡིན་ཞེ་ན།  དེ་ནི་ཐོན་མིས་བོད་ཡིག་གསར་དུ་བཟོས་རྗེས།  སྡེབ་སྦྱོར་སྒྲིག་པའི་གཞི་མ་ཐོན་མིའི་མདོ་རྫི་སྒྲ་མདོ་ཞེས་པ་ཞིག་བརྩམས་པ་དེ་ཡིན་ནོ། 


མཉམ་སྤྱོད།