དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གེ་སར་སྒྲུང་གི་ལག་བྲིས་པར་མའི་དཔེ་ཚོགས་འགྲེམས་སྤེལ་བྱས།

2024-09-14 15:20:05   |   86

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


  སྤྱི་ཟླ9པའི་ཚེས13ཉིན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་པར་མའི་དཔེ་ཚོགས་ལྷ་སར་འགྲེམ་སྤེལ་བྱས་ཡོད། གསར་འགོད་པར་འགྲེམས་སྤེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༼གླིང་རྗེ་སར་རྒྱལ་པོའི་སྒྲུང་༽གི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ལག་བྲིས་པར་མ་བསྐྱར་དུ་ལེགས་སྒྲིག་བྱས་ནས་ད་ཐེངས་དངོས་སུ་སྒྲུང་དཔེ24དང་དེབ་གྲངས29 ཡིག་འབྲུ་ཁྲི803བཅས་ལས་གྲུབ་པའི་དཔེ་ཚོགས་དངོས་སུ་པར་སྐྲུན་བྱས་ཡོད།

图片2.png

༼གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་༽ནི་སྤྱི་ལོ2006ལོར་དངོས་སུ་རྒྱལ་ཁབ་ཀྱི་ཁག་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། སྤྱི་ལོ2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ནང་བཅུག་ཡོད། ༼གླེང་རྗེ་གེ་སར་རྒྱལ་པོའི་སྒྲུང་༽དང་། སོག་རིགས་ཀྱི༼ཅང་གེར༽ ཁོར་ཁོ་ཙི་རིགས་ཀྱི༼མཱ་ནཱ་སི༽བཅས་གསུམ་པོར་ཀྲུང་གོའི་དཔའ་བོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ་ཞེས་འབོད་པ་དང་། དེའི་ནང་ནས་བོད་རིགས་ཀྱི༼གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་༽ལ་ཤར་ཕྱོགས་ཀྱི་ཧོ་མཱ་ལོ་རྒྱུས་སྙན་རྩོམ་ཞེས་ཀྱང་འབོད་སྲོལ་ཡོད། དེ་ནི་མིག་སྔའི་ཆར།

མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྒྲུང་རིང་ཤོས་དང་ནང་དོན་ཕུན་སུམ་ཚོགས་ཤོས་ཀྱི་ལོ་རྒྱུས་སྙན་རྩོམ་ཞིག་རེད།

图片3.png

 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་པ་སངས་དབང་ཆེན་གྱིས། ལག་བྲིས་པར་མ་ནི་དཔེ་རྒྱུན་དཀོན་རིགས་ཀྱི་གྲས་སུ་གཏོགས་པ་མ་ཟད་དཔེ་ཆ་དེ་རང་ལས་མེད་པས་དེར་འཚོལ་བསྡུ་དང་ལེགས་སྒྲིག དཔེ་སྐྲུན་བྱེད་པའི་རིན་ཐང་ཆེན་པོ་ཡོད། དུས་མཚུངས་དེ་ནི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་ཡིད་དབང་འཕྲོག་ཤུགས་དང་རིན་ཐང་མངོན་ཚུལ་གཞན་ཞིག་ཀྱང་རེད། དེར་བརྟེན། དཔེ་ཚོགས་དེ་ནི་ལག་བྲིས་པར་མར་གཞི་བཅོལ་ནས་ལེགས་སྒྲིག་དང་རྩོམ་སྒྲིག ཞུ་དག་བཅས་བརྒྱུད་པར་སྐྲུན་བྱས་པ་ཞིག་རེད། དཔེ་ཚོགས་དེའི་ནང་། གླིང་རྗེ་གེ་སར་རྒྱལ་པོས་ཉམ་ཐག་སེམས་ཅན་སྐྱོབ་པའི་ཆེད་དུ་མི་ཡུལ་དུ་བྱོན་པ་ནས་ཚོ་པའི་དཔུང་སྣེ་ཁྲིད་དེ་བཙན་པོའི་གཉའ་ནས་གནོན་ཞིང་སྙོམ་ཆུང་སྐྱོང་བར་གནང་ཐོག་འབངས་རྣམས་འཆམ་མཐུན་མཉམ་གནས་ཡོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་གཏམ་རྒྱུད་བརྗོད་ཡོད་ཅེས་གསུངས།

图片4.png

 སྲི་ཐར་རྡོ་རྗེ་ནི་རྒྱལ་ནང་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གནས་ཐོབ་པའི་སྒྲུང་པ་དང་པོ་ཡིན་པ་དང་། ཁོང་གིས། དཔེ་ཚོགས་དེ་པར་སྐྲུན་བྱས་པ་དེས༼གླེང་རྗེ་གེ་སར་རྒྱལ་པོའི་སྒྲུང་༽རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ལ། ལྷག་པར་དུ་གེ་སར་སྒྲུང་ནང་ཁོངས་ཀྱི་ལོ་རྒྱུས་དང་། རྩོམ་རིག སྒྱུ་རྩལ་སོགས་ཀྱི་ཐད་ལའང་ཞིབ་འཇུག་སྔར་བས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་རེད་ཅེས་གསུངས་ཡོད།


མཉམ་སྤྱོད།