དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་ཅི་ཡིན།

2024-09-19 16:47:36   |   859

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ཀྱི་རིག་གནས་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཆོས་ཚུལ་གང་ཞིག་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལས་བྱུང་ཞིང་དོན་གཉིས་སྒྲུབ་པའི་ལམ་ལྡན་དམ་པ་ནི་བཀའ་ཡིན་ནོ།  །  《རྒྱུད་བླ་མ》ལས།  གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་།  །  ཁམས་གསུམ་དག་ན་ཉོན་མོངས་སྤོངས་བྱེད་གསུངས།  །  ཞི་བའི་ཡོན་ཏན་བརྗོད་པར་མཛད་པ་དང་གང་།  དེ་ཉིད་དྲང་སོང་གསུང་ཡིན་ལྡོག་པ་གཞན།  ཆོས་ཚུལ་གང་ཞིག་ལ་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལ་མ་བལྟས་ཤིང་རྒྱུད་གཞན་གྱིས་མ་བསྡུས་པའི་གང་ཟག་གིས་བཀའི་བསྟན་བཅོས་གང་རུང་གི་དགོངས་འགྲེལ་དུ་ཐར་ལམ་གསལ་བྱེད་དུ་བརྩམས་པ་ནི་བསྟན་བཅོས་ཡིན་ཏེ།  དེ་ཉིད་ལས།   གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི ། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད།  ། ཐར་བ་འཐོབ་པའི་ལམ་དང་རྗེས་མཐུན་པ།  དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས།  ། ཞེས་སོ། །


མཉམ་སྤྱོད།