དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབུར་ལུགས་གངས་རིའི་འཁྱགས་ཐང་ནི་མདོ་དབུས་མཐོ་སྒང་གི་ཆེས་མཐུག་པའི་འཁྱགས་ཀླུང་ཡིན་པ་ཤེས་རྟོགས་བྱུང་།

2024-10-16 09:56:23   |   276

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


图片1.jpg

ཉེ་ལམ།  གསར་འགོད་པས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་ཁོངས་ཀྱི་མདོ་དབུས་མཐོ་སྒང་ཚན་ཞིབ་ཐེངས་གཉིས་པའི་འབུར་ལུགས་གངས་རིའི་འཁྱགས་ཐང་སྒར་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  རང་རྒྱལ་གྱི་ཚན་རིག་པས་འབུར་ལུགས་གངས་རིའི་འཁྱགས་ཐང་ནི་མདོ་དབུས་མཐོ་སྒང་གི་ཆེས་མཐུག་པའི་འཁྱགས་ཀླུང་ཡིན་པ་ཤེས་རྟོགས་བྱུང་།

གངས་བགྲོད་སྦག་སྦག་གི་ཐོག་ཏུ་རེག་བརྡའི་སྒྲིག་ཆས་ཁྱེར་ནས་མདུན་དུ་བསྐྱོད་ཅིང་།  མཐུག་ཚད་འཇལ་གནས་སུ་འཕེན་གཏོང་འཕྲུལ་ཆས་ཀྱིས་འཕངས་པའི་གློག་སྡུད་རླབས་གངས་རིམ་གྱི་ཟབ་ཚད་མི་འདྲ་བའི་འཁྱགས་རོམ་དང་བྲག་རྡོ་སོགས་ལ་འཕྲད་རྗེས་ལྡོག་འཕྲོ་བྱས་ཏེ།  བརྡ་རྟགས་བསྡུ་ལེན་འཕྲུལ་ཆས་ཀྱིས་རེ་རེ་བཞིན་བསྡུ་བ་ཡིན། 

图片2.jpg

ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞུས་པའེ་ཆིང་གིས“རླབས་འགྱེད་འཕྲུལ་ཆས་ཀྱི་ངོས་ནས་འཁྱགས་རོམ་དང་བྲག་རྡོ་ལས་ལྡོག་འཕྲོ་བྱས་པའི་གློག་སྡུད་རླབས་མཐོང་ཐུབ་ཅིང་།  འགུལ་ཚད་ལ་ཧེ་བག་མངོན་གསལ་ཡོད།  ང་ཚོས་ཧེ་བག་བྱུང་སའི་ཟབ་ཚད་ལས་འཁྱགས་ཀླུང་གི་མཐུག་ཚད་ཤེས་ཐུབ”ཅེས་ངོ་སྤྲོད་བྱས། 

ཉེ་ལམ་འཇལ་བའི་འཁྱགས་ཀླུང་གི་མཐུག་ཚད་ཆེས་ཆེ་བའི་ཁག་ནི་འཁྱགས་ཐང་ཨང10བའི་འཁྱགས་ཀླུང་གི་མཚོ་འཕགས་སྨི6100གི་མཚམས་སུ་ཡོད་ལ།  མཐུག་ཚད་ལ་སྨི400ཙམ་ཡོད། 

图片3.jpg

དེ་སྔོན།  ཟིན་ཐོ་འདི་ནི་མངའ་རིས་ས་ཁུལ་གྱི་ཁུ་ནུ་རི་བོ་ནུབ་མའི་འཁྱགས་ཀླུང་གིས་སྲུང་འཛིན་བྱས་ཡོད་ལ།  ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཚན་རིག་པས1992ལོར་དེ་རུ་རིང་ཚད་ལ་སྨི308.6དང་ལོ་རབས་བརྒལ་ཚད་ལོ་ངོ་ཁྲི70ཅན་གྱི་འཁྱགས་སྙིང་ཞིག་ལེན་ཐུབ་པ་བྱུང་ཞིང་།  དེ་ནི་མིག་སྔར་འཕྲེད་ཚད་འབྲིང་དམའི་ས་ཁུལ་གྱི་ཆེས་ཟབ་པ་དེ་ཡིན། 

1999ལོར་འབུར་ལུགས་གངས་རིའི་འཁྱགས་ཐང་གསར་རྙེད་བྱུང་བ་ནས་བཟུང་།  དེ་ཉིད་རྒྱལ་སྤྱིའི་མདོ་དབུས་མཐོ་སྒང་ཞིབ་འཇུག་གི་ཚ་ཤོས་གསར་བ་ཞིག་ཏུ་གྱུར།

图片4.jpg

ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་དང་མདོ་དབུས་མཐོ་སྒང་ཚན་ཞིབ་རུ་ཁག་གི་རུ་གཙོ་ཡའོ་ཐན་ཏུང་གིས་ངོ་སྤྲོད་བྱ་རྒྱུར།  ཐེངས་འདིའི་ཚན་ཞིབ་མགོ་བརྩམས་པ་ནས་བཟུང་།  ཚན་ཞིབ་རུ་མི་རྣམས་ཀྱིས་འབུར་ལུགས་གངས་རིའི་འཁྱགས་ཐང་གི་ས་ཁུལ་མི་འདྲ་བ་ནས་འཁྱགས་ཀླུང་དེང་རབས་གོ་རིམ་རྟོག་འཇལ་དང་འཁྱགས་སྙིང་ལེན་པ།  མཚེའུ་དང་བཞུར་ཆུའི་འགུལ་རྣམ་རྟོག་འཇལ་སོགས་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱས་ཏེ།  གོམ་གང་མདུན་སྤོས་ངང་ནམ་ཟླའི་འགྱུར་ལྡོག་གིས་འཁྱགས་ཀླུང་ཞུ་བ་དང་བཞུར་ཆུའི་འགྱུར་ལྡོག  མཚེའུ་རྒྱ་སྐྱེད་པ་སོགས་ལ་ཤུགས་རྐྱེན་ཐེབས་ཚུལ་གསལ་འགྲེལ་བྱས་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན།  གསར་རྙེད་འདིས་མདོ་དབུས་མཐོ་སྒང་གི་ཚན་ཞིབ་ཐེངས་གཉིས་པའི་ཐང་གཅིག་དང་མཚེའུ་གཉིས།  ཆུ་བོ་གསུམ(འབུར་ལུགས་གངས་རིའི་འཁྱགས་ཐང་།  གསེར་གླིང་མཚོ་དང་གནམ་མཚོ།  འབྲི་ཆུའི་མགོ་ཁུངས་དང་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས།  ཉག་ཆུའི་མགོ་ཁུངས།)གྱི་ཚན་རིག་རྟོག་ཞིབ་བྱ་འགུལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་མཚོན་ནོ།


མཉམ་སྤྱོད།