དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཁོང་ཚོར་ཐོབ་འདུག

2024-10-16 09:15:09   |   985

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་དུས་ཚོད་སྤྱི་ཟླ10པའི་ཚེས14ཉིན་སུའེ་ཏེན་གོང་མ་ཚང་གི་ཚན་རིག་ཁང་ནས། སྤྱི་ལོ2024ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཏ་ལུང·ཨ་ཅེ་མུའུ་ཨའོ་ལུའུ་དང་། ཤིས་མེང·ཡུའེ་ཧན་ཞུན། ཀྲན་མུའུ་སི·ལུའུ་པིན་ཞུན་བཅས་ལ་སྤྲོད་པ་དང་། ཁོང་ཚོས་ལམ་ལུགས་ཇི་ལྟར་གྲུབ་པ་དང་གང་དེས་དཔལ་འབྱོར་དར་རྒྱས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་གྱི་ཞིབ་འཇུག་ཁྱབ་ཁོངས་ཐད་བྱས་རྗེས་མངོན་གསལ་དོད་པོ་བཞག་པར་གཟེངས་བསྟོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

图片1.png

ནོ་པེར་བྱ་དགའ་ཨུ་ཡོན་ལྷན་ཁང་གིས། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་ཡོང་འབབ་ཧེ་བག་ཆེན་པོ་དེ་ཆུང་དུ་གཏོང་རྒྱུ་ནི་ང་ཚོའི་དུས་རབས་འདིའི་འགྲན་སློང་ཆེ་ཤོས་ཤིག་ཡིན་པ་དང་། བྱ་དགའ་ཐོབ་མཁན་འདི་དག་གིས་དམིགས་ཚད་དེ་མངོན་འགྱུར་ཡོང་བར་བྱེད་པའི་ཐད་སྤྱི་ཚོགས་ལམ་ལུགས་ཀྱི་གལ་ཆེའི་རང་བཞིན་ར་སྤྲོད་བྱས་ཡོད་ཅེས་གདེང་འཇོག་བྱས་ཡོད་པ་རེད།


མཉམ་སྤྱོད།