དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསེར་མདོག་གི་བྱེ་ཐང་དུ་ཚེ་སྲོག་གི་བསྟོད་གླུ་ལེན།

2024-10-17 14:45:59   |   291

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


500130140_5a8a5b53-60c5-4bc3-bf7f-0f580912ff12.jpg

500130140_b46b08de-4648-4305-bd6d-ca783ebfb19c.jpg

སྟོན་ཟླ་བཅུ་པར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཀུའོ་ལེ་མུའུ་ཏེ་གྲོང་རྡལ་ཐོ་ལ་ཧའེ་མཚེའུའི་ཁུ་ནུ་རི་རྒྱུད་འདབས་སུ། སྦྱར་པའི་ནགས་ཚལ་གྱིས་གསེར་མདོག་གི་མཛེས་རྒྱན་སྤྲས་ཡོད། མུ་མཐའ་མེད་པའི་བྱེ་ཐང་གི་དབུས་དང་བརྗིད་ཆགས་མཛེས་སྡུག་ལྡན་པའི་གངས་རིའི་འདབས་སུ་སྦྱར་པའི་ནགས་ཚལ་ཚང་ཚིང་དུ་འཁྲིགས་མེད་ནའང་། དུས་ཚིགས་དབྱེར་མེད་དུ་བློ་རྩ་བརྟན་ཞིང་འགྱུར་བ་མེད་པར་ཀྲོང་ངེར་འགྱིང་སྟེ། ས་གཞི་ཆེན་པོའི་སྲུང་སྐྱོང་མཁན་ཞིག་དང་འདྲ་བར་ལོ་ཟླའི་ཁོར་མོ་ཡུག་ལ་བདེན་དཔང་བྱེད་ཀྱིན་ཡོད།  ཉི་མ་ནུབ་རིར་ཡོལ་བ་ན། གསེར་མདོག་གི་མཚམས་སྤྲིན་ས་གཞིར་འཕྲོས་ཏེ། རི་བོའི་རྒྱུད་དང་མཐའ་མེད་པའི་བྱེ་ཐང་དེ་མི་སེམས་རབ་ཏུ་འཕྲོག་པའི་རི་མོ་ཞིག་ཏུ་གྲུབ་འདུག །


མཉམ་སྤྱོད།