དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《ཧོར་གླིང་གཡུལ་འགྱེད 》(སྟོད་སྨད་ཆ)ཀྱི་པར་གཞི་གསར་བསྒྲིགས་འགྲེམ་སྤེལ་བྱས།

2024-12-17 09:16:23   |   112

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་ཀྱི་གནའ་བོའི་ལྷ་སྒྲུང་དང་། ངག་རྒྱུན། སྙན་ངག གཏམ་དཔེ་སོགས་ཕུན་སུམ་ཚོགས་པའི་དམངས་ཁྲོད་ངག་རིག་གི་རྨང་གཞིའི་སྟེང་རིམ་བཞིན་དར་ཞིང་འཕེལ་རྒྱས་སུ་ཕྱིན་པ་ཞིག་སྟེ། འདིས་བོད་ཀྱི་གནའ་བོའི་ངག་ཐོག་རིག་གནས་ཀྱི་ཆེས་མཐོ་བའི་གྲུབ་འབྲས་མཚོན་གྱིན་ཡོད། 《ཧོར་གླིང་གཡུལ་འགྱེད》(སྟོད་སྨད་ཆ) ལ་ཆ་བཞག་ན། སྒྲུང་དེབ་བརྒྱ་ཕྲག་དུ་མ་ལས་མཆོག་དང་རྩེ་མོ་དང་ཕུལ་དུ་ཕྱིན་པའི་རང་འོད་འཕྲོས་ཏེ་རིན་ཐང་གཞལ་དུ་མེད་པ་མངོན་ཙ་ན། རང་རེའི་ལས་ཁུངས་ཀྱིས་སྤྱི་ལོ1980ལོ་ནས1997ལོའི་བར་དུ་སྔ་ཕྱིར་པར་གཞི་འགའ་བསྒྲིགས་ཏེ་དཔེ་སྐྲུན་འགྲེམས་སྤེལ་བྱས་པར། ཆེད་མཁས་པ་དང་གླིང་སྒྲུང་ལ་མོས་མཁན་ཁྲི་སྟོང་མང་པོས་དགའ་བསུ་ཆེན་པོ་བྱས་པར་མངོན།

图片2.png

ད་རེབ་ངེད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཡང་བསྐྱར《ཧོར་གླིང་གཡུལ་འགྱེད 》(སྟོད་སྨད་ཆ)ཀྱི་པར་གཞི་གསར་དུ་བསྒྲིགས་ནས། སྔར་ལས་ཚད་ལྡན་དུ་བཟོས་པ་དང་། རྩོམ་སྒྲིག་གི་གོ་རིམ་ཁྲོད་དུ། གཙོ་ཆེར་པར་གཞི་སྔོན་མ་དག་ལ་གཞི་བཅོལ་ཏེ་པར་ཞུས་བྱས་མོད། ལ་ལ་ཞིག་བརྗོད་བྱའི་ནང་དོན་ལྟར་ཚན་པ་ཆུང་བ་འགའ་རེ་བསྲེས་པ་དང་འགའ་རེ་སོ་སོར་བཀར་ཡོད་ཅིང་། བར་བཅུག་རི་མོ་ཡང་སྔར་གྱི་དེ་སོར་བཞག་བྱས་པར་མ་ཟད། སྔོན་གྱི་སྒྲུང་དཔེ་དང་བསྡུར་ན་ཤོག་ངོས་སྔ་ཕྱི་སྣུར་བ་སོགས་བགྱིས་པ་ཡིན་ལ། དེ་བཞིན་དུ་མངོན་སུམ་གྱི་ཡིག་ནོར་སྐོར་ཞིག་བཅོས་པའི་དུས་མཚུངས་སུ། མིང་ཚིག་སྔ་ཕྱི་གཅིག་གྱུར་བྱས་ནས་ད་ལྟ་དངོས་སུ་ཁྲོམ་རར་འགྲེམ་སྒང་ཡིན་པས། དེབ་འདི་ལ་དགའ་མོས་ཡོད་མཁན་ཚོས་ངེད་དཔེ་སྐྲུན་ཁང་གི་འགྲེམ་སྤེལ་ཁང་ལ་འབྲེལ་གཏུག་གནོངས་དང་། མདོ་དབུས་ཁམས་སུ་ཀྱི་ས་ཆ་གང་དུའང་བསྐུར་ཐུབ།


མཉམ་སྤྱོད།