དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སོར་རྩེ་ལས་མཆེད་པའི་བཟོ་རྩལ་གྱི་རྣམ་ཤེས།

2024-12-16 15:43:25   |   61

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

ཟླ12པའི་ཚེས9ཉིན། གཤེགས་བློ་ཡིས་མཉམ་ལས་ཁང་དུ་བོད་ཀྱི་སྲོལ་རྒྱུན་གདོང་འབག་བཟོ་བཞིན་པ།

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོལ་ཤང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྒོ་རའི་ནང་། ལྷ་སའི་འབག་བཟོའི་ལག་རྩལ་གྱི་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་གཤེགས་བློ་དང་དགེ་ཕྲུག་ཚོས་བྲེལ་འཚུབ་ཆེན་པོས་གདོང་འབག་བཟོ་བཞིན་ཡོད་ལ། གདོང་འབག་བཟོ་བའི་ལས་རིམ་ལ་རྙོག་འཛིང་ཆེ་བ་དང་། དེར་བརྐོ་བཟོ་དང་རིམ་དབྱེ། རླུང་སྐམ། ཚོན་གཏོང་བ་སོགས་ལས་རིམ་བཅུ་ལྷག་ཡོད།

2012ལོར་སྲིད་གཞུང་གི་རྒྱབ་སྐྱོར་འོག གཤེགས་བློ་ཡིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་བཙུགས་པ་དང་། གཙོ་བོ་ལྷ་མོའི་ཟློས་གར་གྱི་འབག་བཟོ་བ་དང་ཕྱིར་ཚོང་བྱེད་ཀྱིན་ཡོད་པ་རེད། གཤེགས་བློས་བཟོས་པའི་གདོང་འབག་གི་བཟོ་དབྱིབས་མཛེས་པོ་ཡོད་པས་ལྷ་མོའི་འཁྲབ་སྟོན་ནང་རྒྱ་ཁྱབ་ངང་སྤྱོད་ཀྱིན་ཡོད། “གདོང་འབག་གི་རིན་གོང་སྒོར་བརྒྱ་ཕྲག་ཁ་ཤས་ནས་སྒོར་ཁྲི་ཁ་ཤས་བར་ཡིན་པ་དང་། མངགས་ཐོ་མང་ཆེ་བ་ནི་བོད་ལྗོངས་ཀྱི་ལྷ་མོའི་ཚོགས་པ་ཆེ་གྲས་ཁག་ནས་ཡིན་པ་རེད”ཅེས་གཤེས་བློས་བཤད། ཉེ་བའི་ལོ་ཤས་རིང་། མཉམ་ལས་ཁང་གིས་ས་གནས་དེ་གའི་མང་ཚོགས་མང་པོ་བསྡུས་ནས་འབག་བཟོའི་ལག་རྩལ་གསོ་སྦྱོང་བྱས་པས། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་གོ་སྐབས་བསྩལ་བ་མ་ཟད། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་འགྲོ་བར་སྔར་བས་རོགས་འདེགས་བྱས་ཡོད། །

图片2.png

ཟླ12པའི་ཚེས9ཉིན། མཉམ་ལས་ཁང་གི་ལས་བཟོ་པ་རྣམས་ཀྱིས་མཉམ་པར་ལེན་བཞིན་པ།

图片3.png

ཟླ12པའི་ཚེས9ཉིན། གཤེགས་བློ་ཡིས་མཉམ་ལས་ཁང་དུ་བོད་ཀྱི་སྲོལ་རྒྱུན་གདོང་འབག་བཟོ་བཞིན་པ།

图片5.png

ཟླ12པའི་ཚེས9ཉིན། གཤེགས་བློ་ཡིས་མཉམ་ལས་ཁང་གི་མདུན་དུ་ལས་གྲོགས་དང་མཉམ་དུ་གདོང་འབག་ལ་ཚོད་ལྟ་བྱེད་བཞིན་པ།

图片4.png

ཟླ12པའི་ཚེས9ཉིན། མཉམ་ལས་ཁང་གི་ལས་བཟོ་པས་བོད་ཀྱི་སྲོལ་རྒྱུན་གདོང་འབག་བཟོ་བཞིན་པ།


མཉམ་སྤྱོད།