དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་འགྱུར་ཆེན་པོ་བཅུ།

2024-12-26 09:20:38   |   860

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


གཅིག  ཕྱིར་ཤོར་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས56མེས་རྒྱལ་དུ་ཕྱིར་ལོག་པ།

图片1.png

སྤྱི་ལོ2024ལོའི་ཟླ11པའི་ཚེས8ཉིན་གྱི་དགོང་མོར།    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལེ་ལ་དང་མཉམ་དུ་དབྱི་ཐ་ལིས་རྩད་ཆོད་པ་དང་ཀྲུང་གོར་ཕྱིར་སྤྲད་པའི་ཀྲུང་གོ་ནས་ཕྱིར་ཤོར་བའི་རིག་དངོས་ལ་དཔྱད་ཞིབ་གནང་ཞིང་།  ད་ཐེངས་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོར་ཕྱིར་སྤྲད་པའི་རིག་དངོས་སྒྱུ་རྩལ་ཐོན་རྫས་ཁྱོན56ཡོད་པ་རེད། སྤྱི་ལོ2024ལོའི་ཟླ11པའི་བར་དུ་ཁག48གྱི་རིག་དངོས་སྒྱུ་རྩལ་ཐོན་རྫས2113ཀྲུང་གོར་ཕྱིར་ལོག་ཡོད།  

གཉིས། གནའ་རྫས་རྟོག་ཞིབ་པས་ད་ལྟའི་བར་རིམ་པ་མཐོ་ཤོས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་དུར་ས་སྔོག་འདོན་བྱས་པ།

图片2.png

ཨན་ཧུའེ་ཧོའེ་ནན་ཝུའུ་ཝང་ཏུན་བང་སོ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྔོག་འདོན་བྱས་པའི་ད་ལྟའི་བར་གྱི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས་། གྲུབ་ཆ་རྙོག་འཛིང་ཆེ་ཤོས་བཅས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་དུར་ས་ཆེ་གྲས་ཤིག་རེད།     བང་སོའི་བདག་པོ་ནི་ཀྲན་གོའོ་དུས་མཇུག་གི་ཁྲུའུ་ཁའོ་ལེ་རྒྱལ་པོ་ཡིན་པ་གཏན་འཁེལ་ཐུབ་ཡོད།   

གསུམ། སི་ཁྲོན་གྱི་མེང་ཞི་གཙང་པོའི་རྗེས་ཤུལ་ལས་སྔ་དུས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཁྱོན་ཡོངས་ནས་ལངས་གཟུགས་ངང་མཚོན་ཡོད།

图片3.png

སི་ཁྲོན་ཙི་དབྱང་གི་མེང་ཞི་གཙང་པོའི་རྗེས་ཤུལ་ནི་རྒྱལ་སྤྱིའི་ཐོག་མཐོང་དཀོན་པའི་རྡོ་ཆས་དང་། སྲོག་ཆགས་དང་རྩི་ཤིང་འབོར་ཆེན་ལྷག་ལུས་སུ་ཡོད་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྗེས་ཤུལ་ཞིག་ཡིན་ཞིང་།  དེས་དེང་རབས་མིའི་འབྱུང་ཁུངས་ཁྱབ་མཆེད་དུས་རིམ་གྱི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཁྱོན་ཡོངས་ནས་ལངས་གཟུགས་ངང་མཚོན་ཡོད།   

བཞི། ནན་ཅིང་དུ་རྒྱལ་ཁབ་གསུམ་དུས་སྐབས་ཀྱི་ཝུའུ་ཤར་མའི་བློན་ཆེན་ཀྲང་ཀྲའོ་ཁྱིམ་རྒྱུད་ཀྱི་བང་སོ་རྙེད་པ། 

图片4.png

རྒྱལ་ཁབ་གསུམ་དུས་སྐབས་ཝུའུ་ཤར་མའི་བློན་ཆེན་ཀྲང་ཀྲའོ་ཁྱིམ་རྒྱུད་ཀྱི་བང་སོ་ཅང་སུའུ་ནན་ཅིང་ནས་རྙེད་པ་དང་། དེས་ནན་ཅིང་རྒྱལ་རབས་དྲུག་གི་བང་སོ་དང་ལྷག་པར་དུ་སུན་ཝུའུ་སྐུ་དྲག་གི་བང་སོ་ལ་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན་ཡོད།   

ལྔ། མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ལས་རིམ་པ་མཐོ་བའི་རྒྱལ་པོའི་བང་སོ་བསྐྱར་དུ་མངོན་པ།   

图片5.png

མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ལས་མིག་སྔར་གཞི་ཁྱོན་ཆེ་ཤོས་དང་ཚད་གཞི་མཐོ་ཤོས་ཀྱི་བང་སོ་ཤེས་རྟོགས་བྱུང་བ་དང་། བང་སོ་བདག་པོ་ཐོབ་ཐང་དེ་སྔོན་བང་སོའི་ཚོགས་དེའི་ནང་སྔོག་འདོན་གཏན་འཁེལ་བྱས་པའི་ཐུ་བྷོད་དབང་བསྒྱུར་སྐབས་ཀྱི་འ་ཞ་ལས་བརྒལ་ཡོད་པ་རེད།

དྲུག ཀྲེ་ཅང་ཧྲའོ་ཤིང་དུ་ཡུའེ་རྒྱལ་རབས་ཀྱི་རྒྱལ་སའི་རྗེས་ཤུལ་རྙེད་པ།   

图片6.png

ཀྲེ་ཅང་ཧྲའོ་ཤིང་ཅི་ཀྲུང་གནའ་ཤུལ་དུ་ཀྲན་གོ་དུས་སྐབས་ཀྱི་ཡུའེ་རྒྱལ་རབས་ཀྱི་འཛུགས་སྐྲུན་ཆེ་གྲས་ཀྱི་རྨང་གནས་ཡོད་པ་ཐོག་མར་གཏན་འཁེལ་བྱས་པ་དང་། འབྲེལ་ཡོད་ཤུལ་དངོས་དེ་ད་ལྟའི་བར་ལོ་2500ཙམ་ཡོད་ལ།    ཚད་ལྡན་ཡིག་ཆའི་ནང་བཀོད་པའི་ཡུའེ་རྒྱལ་རབས་ཀྱི་རྒྱལ་པོ་ཀོའུ་ཅན་གྱིས་རྒྱལ་ས་བཙུགས་པའི་ལོ་རྒྱུས་དོན་དངོས་ཁུངས་སྐྱེལ་བྱས་ཡོད།   

བདུན། ཉི་ཧོ་མཚོ་ཁུག་གཤོང་སར་ལོ་ངོ་ཁྲི110སྔོན་གྱི་གནའ་མིར་ལག་རྩལ་གྱི་ཆུ་ཚད་དང་ཤེས་རྟོགས་ཀྱི་ནུས་པ་ཅུང་མཐོན་པོ་ལྡན་པ་གསར་རྙེད་བྱུང་བ།

  图片7.png

ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་པས་ཉི་ཧོ་མཚོ་ཁུག་གཤོང་སའི་ལོ་ངོ་ཁྲི110གོང་གི་ཚེན་ཅ་མཚོ་ཁུག་གི་རྗེས་ཤུལ་ལ་ཞིབ་འཇུག་གསར་ཤོས་བྱས་པ་ལས་ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ཆེན་མོའི་སྔ་ཤོས་ཀྱི“རྡོ་ཉིང་གྲ་སྒྲིག་ལག་རྩལ”གསལ་སྟོན་བྱས་པ་དེའི་ཐོག་ནས་ཚེན་ཅ་མཚོ་ཁུག་གི་རྗེས་ཤུལ་ཀྱི་གནའ་མི་ལ་ལག་རྩལ་གྱི་ཆུ་ཚད་དང་ཤེས་རྟོགས་ཀྱི་ནུས་པ་ཅུང་མཐོན་པོ་ལྡན་པ་མཚོན་ཡོད།   

བརྒྱད། ཨན་ཧུའེ་རུ་ཨ་ཤེ་ཡ་ཤར་མའི་ས་ཁུལ་ཤེས་རབ་ཅན་དུ་འགྱུར་བའི་གནའ་བོའི་མིའི་རིགས་སྔ་ཤོས་ཤེས་རྟོགས་བྱུང་བ།

图片8.png

གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལས་གཏན་འཁེལ་བྱས་པ་ལྟར་ན། ཨན་ཧུའེ་ཧྭ་ལུང་དོང་གི་རྗེས་ཤུལ་དུ་རྙེད་པའི་ད་ལྟའི་བར་ལོ་ཁྲི30ཡར་སྔོན་གྱི་ཧྭ་ལུང་དོང་གི་མི་ནི་ད་བར་ཨ་ཤེ་ཡ་ཤར་མའི་ས་ཁུལ་དུ་དེང་རབས་མིའི་ཁྱད་ཆོས་ཆེས་མང་བ་དང་ལོ་རབས་སྔ་ཤོས་ཀྱི་དེང་རབས་མིའི་ཕྱོགས་སུ་བར་བརྒལ་བྱེད་པའི་གནའ་བོའི་མིའི་རིགས་ཤིག་ཡིན་པ་རེད།   

དགུ ཧོ་ནན་ནན་དབྱང་དུ་ཞ་རྒྱལ་རབས་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་རྙེད་པ།

图片9.png

གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཧོ་ནན་ནན་དབྱང་གི་པ་ལི་ཟམ་པའི་རྗེས་ཤུལ་ནི་གནས་ཡུལ་གལ་ཆེ་བ་དང་། གཞི་ཁྱོན་ཆེ་བ། ནང་དོན་ཕུན་སུམ་ཚོགས་པོ་བཅས་ཡོད་རྐྱེན། རིག་གནས་ཀྱི་རྣམ་པ་དེ་ཞ་རྒྱལ་རབས་དུས་མཇུག་གི་རྒྱལ་ས་ཨར་ལི་ཐོའུ་རྗེས་ཤུལ་དང་ཚད་མཐོའི་གཅིག་མཚུངས་ཡིན་པས།   ཞ་རྒྱལ་རབས་ཀྱི་རིམ་པ་ཕལ་པའི་ལྟེ་གནས་འདུས་སྡོད་ཞིབ་འཇུག་གི་སྟོང་ཆ་གསབ་ཡོད།

བཅུ། ཤིས་ཨན་ཅ་ལི་གྲོང་ཚོའི་བང་སོ་ནས་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་ཁྱིམ་རྒྱུད་ཆེན་པོ་གཉིས་ཀྱི་བང་སོ་རྙེད་པ།   

图片10.png

ཧྲའན་ཤིས་ཤིས་ཨན་ཅ་ལི་གྲོང་ཚོའི་བང་སོ་ནས་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས་ཀྱི་ཏུང་ཚང་དང་ལེའང་ཚང་གི་ཁྱིམ་རྒྱུད་ཆེན་པོ་གཉིས་ཀྱི་བང་སོ་གསར་དུ་རྙེད་ཡོད། དེའི་ནང་དུ་ཏུང་ཚང་ཁྱིམ་རྒྱུད་ནི་ཐང་ཞོན་ཙུང་དང་ཏུང་ཀུའེ་ཧྥེང་གི་གཉེན་ཉེ་ཡིན། ལེའང་ཚང་ཁྱིམ་རྒྱུད་ཀྱི་བང་སོའི་ནང་མིང་དུ་གྲགས་པའི་ཡིག་གཟུགས་མཁས་ཅན་ཧྥེང་ཁྲེང་སུའུ་ཡི་བུ་མོ་ཧྥེང་པའོ་ཡི་བང་སོ་རྙེད་ཡོད།   དེས་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་ཆབ་སྲིད་དང་ལོ་རྒྱུས། རིག་གནས། དུར་འཇུག་གོམས་སྲོལ་བཅས་ལ་ཞིབ་འཇུག་བྱ་རྒྱུར་གནའ་རྫས་རྟོག་ཞིབ་ཀྱི་ཁུངས་སྣེ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།   

2024ལོའི་རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་ཀྱི་གསར་འགྱུར་ཆེན་པོ་བཅུ།

གཅིག ཁེན་ནི་ཡ་རུ་ལོ་ངོ་ཁྲི150ཡི་གོང་གི་མིའི་རིགས་ཀྱི་ཁྱུ་ཚོགས་གཉིས་མཉམ་གནས་ཀྱི་དཔང་རྟགས་རྙེད་པ།   

图片11.png

གནའ་རྫས་རྟོག་ཞིབ་མཁས་པས་ཁེན་ནི་ཡའི་བྱང་རྒྱུད་ནས་ད་ལྟའི་བར་ལོ་ངོ་ཁྲི150ཙམ་གྱི་མིའི་རིགས་ཀྱི་རྐང་རྗེས་མང་པོ་རྙེད་པ་དང་རྐང་རྗེས་དེ་དག་ནི་སྔ་དུས་ཀྱི་གནའ་བོའི་མིའི་རིགས་མི་འདྲ་བ་གཉིས་ཀྱི་ཁོངས་སུ་གཏོགས་པ་སྟེ།    པའོ་རྒྱུད་མི་དང་དྲང་ལངས་མི་ཡིན་ཞིང་། ཐེངས་འདིའི་ཤེས་རྟོགས་བྱུང་བ་དེས་མི་རྒྱུད་མི་འདྲ་བའི་མཉམ་གནས་དང་འཕེལ་འགྱུར་ལ་ཞིབ་འཇུག་བྱེད་པར་དཔང་རྟགས་ནུས་ལྡན་མཁོ་འདོན་བྱས་ཡོད།   

གཉིས། ཚན་རིག་མཁས་པ་ཚོས་དེང་རབས་ཀྱི་རྟ་གཞི་ཁྱོན་ཆེན་པོས་ཁྱབ་མཆེད་བྱེད་པའི་དུས་ཡུན་ལོ4200ཡི་གོང་བར་ཁུངས་འདེད་བྱས།

图片12.png

ཞིབ་འཇུག་མི་སྣས་ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ཆེན་མོའི་གནའ་རྫས་རྟོག་ཞིབ་གནའ་ཤུལ་མང་པོ་ནས་གནའ་བོའི་རྟ་ཡིDNAཡི་མ་དཔེ475ལ་དབྱེ་ཞིབ་བྱས་པ་ལས་མངོན་པར། དེང་གི་རྟ་གཞི་ཁྱོན་ཆེན་པོས་ཁྱབ་མཆེད་བྱུང་བ་ནི་ལོ4200ཙམ་གོང་ནས་བྱུང་བ་དང་། དེ་དུས་མིའི་རིགས་ལ་མགྱོགས་མྱུར་སྒུལ་བའི་ནུས་པ་ཐོག་མར་འདོན་སྤྲོད་བྱས་ནས་མིའི་རིགས་སྤྱི་ཚོགས་ལ་གསར་བརྗེས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད། 

གསུམ། ཀེ་རི་སེར་ལོ4000གོང་གི་འཛུགས་སྐྲུན་གནའ་ཤུལ་ཆེ་གྲས་རྙེད་པ།

图片13.png

ཀེ་རི་སེའི་གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་ཁེ་ལི་ཐེ་གླིང་ཕྲན་ནས་མཐོང་དཀོན་པའི་གནའ་རབས་ཀྱི་རྗེས་ཤུལ་ཞིག་རྙེད་པ་དང་། དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ1800ཙམ་ཟིན་ཞིང་། ལྟེ་བ་གཅིག་པའི་སྒོར་གདུབ8ལས་གྲུབ་ཡོད་ལ། འདི་ནི་གླིང་ཕྲན་ཐོག་རྙེད་པའི་སྨི་ནུའོ་སིའི་ཤེས་དཔལ་སྒོར་དབྱིབས་འཛུགས་སྐྲུན་གྱི་རྗེས་ཤུལ་ཐོག་མ་དེ་ཡིན་པས།    སྐབས་དེའི་ཤེས་རིག་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རིམ་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།   

བཞི། སོ་ཏི་ཨ་རབ་ཏུ་ལོ4000གོང་གི་གཡུ་གཤོངས་གནའ་གྲོང་རྙེད་པ། 

图片14.png

གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་སོ་ཏི་ཨ་རབ་ཀྱི་ནུབ་བྱང་རྒྱུད་དུ་ལོ4000གོང་གི་གཡུ་གཤོངས་གནའ་གྲོང་ཞིག་སྔོག་འདོན་བྱས་པ་དང་། མཐའ་འཁོར་དུ་ད་དུང་འགོག་སྲུང་གི་ལས་གྲྭ་ཆེ་གྲས་ཡོད་པ་རེད། གསར་རྙེད་དེས་མེས་པོ་རྣམས་རུ་བ་སྐྱས་སྤོ་ནས་གཞི་ཆགས་སུ་འགྲོ་བའི་བརྒྱུད་རིམ་གསལ་སྟོན་བྱས་ཡོད།

ལྔ། རྒྱ་གར་རུ་གནའ་རབས་ཀྱི་འཐབ་འཁོར་ཐོག་མ་དེ་རྙེད་པ་དང་ད་ལྟའི་ལོ4000ཡི་ལོ་རྒྱུས་ལྡན་པ་ཚད་འཇལ་གཏན་འཁེལ་ཐུབ་ཡོད།

图片15.png

གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་རྒྱ་གར་གྱི་ཞི་རུའེ་ལི་ས་ཁུལ་དུ་ཐོག་མར་རྙེད་པའི་གནའ་རབས་ཀྱི་དམག་འཐབ་འཁོར་གསུམ་ལ་ལོ་འཇལ་བྱས་ནས་དེ་དག་ད་ལྟའི་བར་ལོ4000རིང་གི་ཟངས་དུས་རབས་ནས་ཡིན་པ་གཏན་འཁེལ་བྱས་ཤིང་། འཐབ་འཁོར་དེ་དག་ཉར་ཚགས་ཆ་ཚང་བ་དང་བཟོ་རྩལ་མཛེས་སྡུག་ལྡན་པས་དངོས་སྤྱོད་དམིགས་ཡུལ་དུ་སྤྱོད་པ་མ་ཟད་ད་དུང་གོ་གནས་དང་དབང་ཆ་མཚོན་གྱི་ཡོད།

དྲུག ཨེ་ཁྭ་ཏོར་རུ་ལོ་ངོ2500གོང་གི་ཡ་མ་ཤུན་ཆར་ནགས་ཀྱི་གྲོང་ཁྱེར་ཁྱུ་ཚོགས་ཆེ་གྲས་རྙེད་པ། 

图片16.png  

གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་ཡ་མ་ཤུན་ཆར་ནགས་ཁྲོད་ནས་གནའ་བོའི་གྲོང་ཁྱེར་ཁྱུ་ཚོགས་ཤིག་རྙེད་ཅིང་། ལོ་ངོ2500ཡི་གོང་བར་ཁུངས་འདེད་བྱེད་ཆོག་པ་དང་། དེ་ནི་ཡ་མ་ཤུན་ས་ཁུལ་དུ་ད་ལྟའི་བར་གྱི་གྲོང་ཁྱེར་ཆེ་ཤོས་དང་གནའ་བོའི་གྲོང་ཁྱེར་ཞིག་ཡིན་ལ། ང་ཚོས་ས་ཁུལ་དེའི་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ངོས་འཛིན་པར་འགྱུར་ལྡོག་ཆེན་པོ་བཏང་ཡོད།

བདུན། ཨེ་ཅིབ་ཏུ་ལོ་ངོ2500གོང་གི་གནམ་དཔྱད་ལྟ་ཞིབ་སྟེགས་བུ་ཆེ་གྲས་རྙེད་པ།   

图片17.png

གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་ཨེ་ཅིབ་ཀྱི་གནའ་གྲོང་ཁ་ཕུའུ་ལ་ཞེ་ཧི་ནས་ད་ལྟའི་བར་ལོ2500ཙམ་གྱི་གནམ་དཔྱད་སྟེགས་བུ་ཞིག་རྙེད་ཡོད། དེ་ནི་ས་ཁུལ་དེའི་རིགས་མཐུན་གནམ་དཔྱད་སྟེགས་བུའི་ཁྲོད་གཞི་ཁྱོན་ཆེ་ཤོས་དང་ཆེས་གནའ་བོའི་གནམ་དཔྱད་སྟེགས་བུ་ཞིག་ཡིན་པས། གནའ་བོའི་ཨེ་ཅིབ་མིའི་གནམ་དཔྱད་རིག་པའི་ཐད་ཀྱི་ཕུལ་བྱུང་ནུས་པ་གང་ལེགས་མཚོན་པརབྱས་ཡོད།

བརྒྱད། AIཡིས་གནའ་རྫས་རྟོག་ཞིབ་མཁས་ཅན་ལ་རོགས་རམ་བྱས་ནས་ན་སི་ཁའི་ས་རིས300ལྷག་ཙམ་གསར་དུ་རྙེད་པ། 

图片18.png

ཕེ་རུའི་ན་སི་ཁའི་ས་རིས་ནི་ད་ལྟའི་བར་དུ་ཉུང་མཐར་ཡང་ལོ་ངོ2000ལྷག་གི་ལོ་རྒྱུས་ཡོད་པ་དང་། སྟོང་སྨི་གྲུ་བཞི་མ་བརྒྱ་ལྷག་ཡོད་པའི་ན་སི་ཁ་ས་མཐོའི་སྟེང་དུ་ཁྱབ་ཡོད།    གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་མིས་ཐབས་རིག་ནུས་ལ་བརྟེན་ནས་སྔོན་ལ་གདམ་གསེས་བྱས་ཏེ།  ཟླ་བ་དྲུག་གི་དུས་ཚོད་ནང་ས་རིས303གསར་དུ་རྙེད་ནས་ས་རིས་གསར་རྙེད་ཀྱི་ལས་ཕྱོད་ཆེས་ཆེར་ཕྱིན་ཡོད།   

དགུ ཨུ་ཟེ་བྷེ་ཁི་སི་ཐན་དུ་དུས་རབས་བར་མའི་དར་གོས་ལམ་བུའི་གནའ་གྲོང་གཉིས་རྙེད་པ།

图片19.png

གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་མི་མེད་གནམ་གྲུའི་སྐུལ་འོད་རེག་བརྡའི་ལག་རྩལ་དང་སློབ་སྦྱོང་གཏིང་ཟབ་ལག་རྩལ་སོགས་སྤྱད་དེ་ཨུ་ཟེ་བྷེ་ཁི་སི་ཐན་གྱི་རི་མཐོའི་ས་ཁུལ་དུ་དུས་རབས་བར་མའི་གྲོང་ཁྱེར་གྱི་རྗེས་ཤུལ་གཉིས་རྙེད་ཅིང་། ང་ཚོས་དར་གོས་ལམ་བུར་ཤེས་རྟོགས་དང་གནའ་བོའི་ཉོ་ཚོང་ལམ་རྒྱུད་ཀྱི་ས་བབ་མཐོ་བའི་གཞིས་ཆགས་བྱ་ཡུལ་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

བཅུ་པ། ཀྲུང་གོའི་གནའ་བོའི་ཤེས་རིག་ཞིབ་འཇུག་ཁང་ཀེ་རི་སེའི་ཨ་ཐེན་སིར་བཙུགས་པ།  

图片20.png

སྤྱི་ལོ2024ལོའི་ཟླ11པའི་ཚེས7ཉིན། ཀྲུང་གོ་དང་ཀེ་རི་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་རྒྱབ་སྐྱོར་འོག ཀྲུང་གོའི་གནའ་བོའི་ཤེས་རིག་ཞིབ་འཇུག་ཁང་དངོས་སུ་བཙུགས་པ་རེད།  ཞིབ་འཇུག་ཁང་དེ་ནི་ཀེ་རི་སེར་བཙུགས་པའི་ཨ་ཤེ་ཡའི་རྒྱལ་ཁབ་ཀྱི་གནའ་བོའི་ཤེས་རིག་ཞིབ་འཇུག་ཁང་ཐོག་མ་དེ་ཡིན་པ་དང་། གང་དེའི་དམིགས་ཡུལ་ནི་འཛམ་གླིང་གི་གནའ་བོའི་ཤེས་དཔལ་ལ་ཞིབ་འཇུག་དང་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཤེས་རིག་རྒྱུན་འཛིན་དང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད། 


མཉམ་སྤྱོད།