དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གླིང་སྒྲུང་། དམྱལ་གླིང་རྫོགས་པ་ཆེན་པོ།

2024-12-31 08:39:39   |   893

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། སྡེ་དགེ་རྫོང་གེ་སར་རིག་གནས་ཞིབ་འཇུག་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


图片2.png

དཔེ་རྙིང་འདིའི་གླེགས་ཤིང་དང་གླེགས་ཐག་ལ་ཡང་གནའ་བོའི་ཁྱད་ཆོས་མ་ཡལ་བར་འདུག

གླིང་རྗེ་གེ་སར་སྐྱེས་བུའི་མཛད་པའི་རྣམ་ཐར་ཀུན་གྱི་རྩེར་གྲས་སུ་གྱུར་པ། ཐུན་མོང་དང་ཐུན་མིན་གྱི་ཟབ་མོའི་གངམས་ངག་དང་འབྲེལ་བའི་དམྱལ་གླིང་རྫོགས་པ་ཆེན་པོའི་ཤིང་པར་རི་མོའི་སྒྲུང་རྙིང་འདི་ནི་སྔོན་ཁྲོ་ཐུང་སྡེ་བ་ཆགས་ནས་ཡུན་རིང་མ་ལོན་པའི་སྐབས་ཙམ་ནས་ཡོད་པའི་སྟག་རོང་བསྟན་འཛིན་ནོར་བུ་ཞུ་བའི་ཁྱིམ་ཚང་དེའི་ཡིན། བསྟན་འཛིན་ནོར་བུའི་ཕ་རྒན་ཚང་པ་ཟེར་བ་ཞིག་ཡོད་པ་དེས་ཐོག་མར་ལོན་ཡོང་བར་བཤད། ཁྱིམ་ཚང་དེ་ལ་མཚོན་ན་གླིང་གི་དུས་སུ་སྟག་རོང་ཚང་གི་མི་རྒྱུད་ལས་ཆད་པར་ཡིན་པར་བཤད་ཅིང་། ཁྱིམ་ཚང་དེའི་མི་རབས་བར་མ་ཆད་དུ་བྱུང་བ་རྣམས་ཀྱིས་ཁྱིམ་རྟེན་དུ་བཅངས་ནས་ད་ལྟའི་བར་དུ་ཉར་ཚགས་བྱས། རིམ་བཞིན་སྒྲུང་ཡིག་འདི་ལ་དོ་སྣང་བྱེད་མཁན་ཡང་ཇེ་མང་དུ་སོང་སྟེ་རིན་ཐང་དང་རྩ་བ་ཆེན་པོར་གྱུར་སོང་བ་ཡིན། དེ་ནས་བར་སྐབས་ཤིག་ལ་ཁྱིམ་རྒྱུད་དེ་ལ་ད་སྐབས་ཡོད་པའི་ཇོ་མོ་ཁྱི་ལོད་དང་། མིང་པོ་བསྟན་པ་དར་རྒྱས་གཉིས་ཀྱིས་ཞིབ་གྲོས་བྱས་ཏེ། བཀྲ་ཤིས་ཁྲི་གླིང་གེ་སར་རིག་གཞུང་ཁང་དུ་ཕུལ་རྒྱུའི་ཐག་བཅད་དེ། སྤྱི་ལོ2024ལོར་རིག་གཞུང་ཁང་དུ་ཕུལ་བ་ཡིན། འདི་ཡི་མ་དཔེ་ཤིང་པར་དང་། པར་གཞི་ནི་བོད་ཤོག་དག་མ་རིན་ཐང་ཧ་ཅང་ཆེ་བ་ཞིག་དང་། པར་བྱེད་སྣག་ཚལ་དང་། པར་ནས་ལོ་བརྒྱ་ཕྲག་འགའ་བརྒལ་ཟིན་པ་དང་། དཔེ་ཤིང་དང་། གླེགས་ཆབ། དཔེ་ཐག་ཀོ་རྒྱུན་སོགས་ལ་བརྟགས་ཀྱང་གནའ་རྫས་ཀྱི་རིན་ཐང་ལྡན་པ་རིག་དངོས་རྩ་ཆེན་ཞིག་ཏུ་གྱུར་ཡོད་དོ།།

图片3.png

ཞིབ་འཇུག་ལྟེ་གནས་སུ་དམྱལ་གླིང་རྫོགས་པ་ཆེན་པོའི་ཤོག་ངོས1ནས6གཅེས་ཉར་བྱས་ཡོད།

图片4.png

ཞིབ་འཇུག་ལྟེ་གནས་སུ་དམྱལ་གླིང་རྫོགས་པ་ཆེན་པོའི་ཤོག་ངོས223ནས228གཅེས་ཉར་བྱས་ཡོད།


图片5.png图片6.png

དཔེ་རྙིང་གི་ཤོག་བུའི་སྤུས་ལེགས་ཤིང་། ནང་དོན་ཚང་། ཡིག་འབྲི་གསལ།
图片7.png

图片8.png

ཞིབ་འཇུག་ལྟེ་གནས་ཀྱི་དམྱལ་གླིང་རྫོགས་པ་ཆེན་པོ་ཤིང་བརྐོས་ཤིང་དཔར་མ་གཅེས་ཉར་བྱས་ཡོད།

640.jpg

དཔེ་རྙིང་གི་ཤོག་བུའི་སྤུས་ལེགས་ཤིང་། ནང་དོན་ཚང་། ཡིག་འབྲི་གསལ།


མཉམ་སྤྱོད།