དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

«བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་ཞིབ་འཇུག»ཅེས་པའི་དཔེ་དེབ་པར་དུ་བསྐྲུན།

2024-12-31 11:16:17   |   1050

  རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

«བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་ཞིབ་འཇུག»ཅེས་པའི་དེབ་འདི་ནི་སི་ཁྲོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཨ་རིན་ལྕགས་རྒྱལ་འབུམ་གྱིས་ལོ་ངོ་དུ་མར་ཡིག་རྙིང་སློབ་གཉེར་དང་སློབ་ཁྲིད་ཀྱི་ཞོར་དུ། རིག་གཞུང་དུས་དེབ་དང་གསུང་རྩོམ་ཁག་ལས་བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་ཡིག་ཚང་ལ་ཞིབ་འཇུག་གནང་བའི་དཔྱད་རྩོམ་རྣམས་བསྡུས་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན། དེ་དག་ནི་སྤྱི་ལོ1981ལོ་ནས2021ལོའི་བར་གྱི་ཡིན་པ་དང་། རྩོམ་པ་པོའི་རྩོམ་གྱི་བདག་དབང་མཚོན་བྱེད་དུ་དཔྱད་རྩོམ་སོ་སོའི་རྩོམ་པ་པོའི་མཚན་དང་རྩོམ་ཁུངས། དུས་ཚོད། དེབ་གྲངས་སོགས་གསལ་བོར་བཀོད་ཡོད་པ་མ་ཟད། རྩོམ་པ་པོ་གཅིག་ལ་དཔྱད་རྩོམ་དུ་མ་མཆིས་པ་རྣམས་ཅི་ནུས་ཀྱིས་འབྲེལ་གཏུགས་ཀྱང་གནང་ནས་བསམ་འཆར་བསྡུ་ལེན་བྱས་ཡོད།


མཉམ་སྤྱོད།