དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོའི་བྱང་ངོགས་ཀྱི་གེ་སེར་ཤུལ་རྟེན།

2025-05-02 13:22:19   |   158

རྩོམ་སྒྲིག མཁའ་འགྲོ་མཚོ། བཤེར་འབེབས། རིན་ཆེན་ཚེ་རིང་།


 འབྲུག་མོའི་སླ་ང་།

འབྲུག་མོའི་སླ་ང་ནི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོའི་མདའ་བཞི་སྡེ་བའི་དགུན་སའི་ཆུ་ཁོལ་ཁ་ཟེར་བར་ཡོད་དེ། ཆུ་ཁོལ་གོང་མའི་བྲག་རི་ཆུང་བ་དེའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་གཅིག་ཙམ་གྱི་སར་རི་ཁེར་ཆད་དམའ་མོ་ཞིག་ཡོད་པའི་བྱང་ངོས་ཀྱི་ཐེམ་ཐོག་ཏུ་ཆུ་ཚན་གོར་མོ་ལྷོག་ལྷོག་ཏུ་གདུ་བ་ཞིག་ཡོད་པ་དེ་ཡིན། ངག་རྒྱུན་ལ་དེ་ནི་འབྲུག་མོའི་སླ་ང་ཡིན་ཟེར།

  图片1.jpg

图片2.jpg

 གེ་སར་ཁྲུས་གཞོང་། 

གེ་སར་ཁྲུས་གཞོང་ནི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོའི་མདའ་བཞི་སྡེ་བའི་དགུན་སའི་ཆུ་ཁོལ་ཁ་ཟེར་བར་ཡོད་དེ། ཆུ་ཁོལ་གོང་མའི་བྲག་རི་ཆུང་བ་དེའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་གཅིག་ཙམ་གྱི་སར་རི་ཁེར་ཆད་དམའ་མོ་ཞིག་ཡོད་པའི་བྱང་ངོས་ཀྱི་འབྲུག་མོའི་སླ་ངའི་ནུབ་ཕྱོགས་ཀྱི་ཉེ་སར་ཆུ་ཚན་ཟབ་མོ་གསུམ་ཡོད་པའི་བར་མ་དེ་ཡིན། ངག་རྒྱུན་དུ་དེ་ནི་གླིང་གེ་སར་རྒྱལ་པོའི་ཁྲུས་གཞོང་ཡིན་པར་བཤད། 

图片3.jpg

 འབྲུག་མོའི་ཁྲུས་གཞོང་། 

འབྲུག་མོའི་ཁྲུས་གཞོང་ནི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོའི་མདའ་བཞི་སྡེ་བའི་དགུན་སའི་ཆུ་ཁོལ་ཁ་ཟེར་བར་ཡོད་དེ། ཆུ་ཁོལ་གོང་མའི་བྲག་རི་ཆུང་བ་དེའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་གཅིག་ཙམ་གྱི་སར་རི་ཁེར་ཆད་དམའ་མོ་ཞིག་ཡོད་པའི་བྱང་ངོས་ཀྱི་འབྲུག་མོའི་སླ་ངའི་ནུབ་ཕྱོགས་ཀྱི་ཉེ་སར་ཆུ་ཚན་ཟབ་མོ་གསུམ་ཡོད་པའི་ཞོལ་མ་དེ་ཡིན། ངག་རྒྱུན་དུ་དེ་ནི་གླིང་སེང་ལྕམ་འབྲུག་མོའི་ཁྲུས་གཞོང་ཡིན་པར་བཤད། 

图片4.jpg

འབྲུག་མོའི་ཐོམ་བུ། 

འབྲུག་མོའི་ཐོམ་བུ་ནི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོའི་མདའ་བཞི་སྡེ་བའི་དགུན་སའི་ཆུ་ཁོལ་ཁ་ཟེར་བར་ཡོད་དེ། ཆུ་ཁོལ་གོང་མའི་བྲག་རི་ཆུང་བ་དེའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་གཅིག་ཙམ་གྱི་སར་རི་ཁེར་ཆད་དམའ་མོ་ཞིག་ཡོད་པའི་བྱང་ངོས་ཀྱི་འབྲུག་མོའི་སླ་ངའི་ནུབ་ཕྱོགས་ཀྱི་ཉེ་སར་ཆུ་ཚན་ཟབ་མོ་གསུམ་ཡོད་པའི་གོང་མ་དེ་ཡིན། ངག་རྒྱུན་དུ་དེ་ནི་གླིང་སེང་ལྕམ་འབྲུག་མོའི་ཐོམ་བུ་ཡིན་པར་བཤད།

图片5.jpg

རྟ་རྐྱང་བུའི་ཁྲུས་གཞོང་། 

རྟ་རྐྱང་བུའི་ཁྲུས་གཞོང་ནི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོའི་མདའ་བཞི་སྡེ་བའི་དགུན་སའི་ཆུ་ཁོལ་ཁ་ཟེར་བར་ཡོད་ཅིང་དེ་ནི་ཆུ་ཁོལ་ཞོལ་མ་ཡིན། ཆུ་ཚན་གོར་མོ་ལྷོག་ལྷོག་ཏུ་གདུ་བ་དེ་ངག་རྒྱུན་ལ་གླིང་གེ་སར་རྒྱལ་པོའི་རྟ་རྐྱང་བུའི་ཁྲུས་གཞོང་ཡིན་ཟེར།

图片6.jpg


མཉམ་སྤྱོད།