དེ་རིང་ནི2025ལོའི་ཟླ05པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

«སེང་ཆེན་ནོར་བུ་དགྲ་འདུལ»ཞེས་པའི་དཔེ་དེབ་འགྲེམ་སྤེལ་བྱས།

2025-05-12 09:29:39   |   143

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་། 


 «སེང་ཆེན་ནོར་བུ་དགྲ་འདུལ»ཞེས་པའི་དཔེ་དེབ་འགྲེམ་སྤེལ་དང་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། ཟླ་ལྔ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་རིག་རྩལ་དཔེ་སྐྲུན་ཁང་གཉིས་ཀྱི་མཉམ་འབྲེལ་པར་སྐྲུན་བྱས་པའི«སེང་ཆེན་ནོར་བུ་དགྲ་འདུལ»ཞེས་པའི་དཔེ་དེབ་འགྲེམ་སྤེལ་དང་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཤིང་། མི་རིགས་རིག་གནས་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་ཁྱབ་ཁོངས་ཀྱི་ཆེད་མཁས་པ་མང་པོ་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད།

640.png

 དཔེ་དེབ་འདི་ནི་སི་ཁྲོན་གྱི་ལོ་རྒྱུས་མི་སྣའི་དཔེ་ཚོགས་ཀྱི་བརྩམས་སྒྲུང་གི་གྲས་ཤིག་ཡིན་ལ། ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བརྩམས་པ་རེད། «སེང་ཆེན་ནོར་བུ་དགྲ་འདུལ»ཞེས་པ་ནི་བོད་ཀྱི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་གི་མཚོན་ཐབས་གསར་པ་ཞིག་དང་། འཛམ་གླིང་གཟུགས་འདས་རིག་གནས་ཤུལ་བཞག་དང་ཀྲུང་ཧྭའི་མི་རིགས་སྣ་མང་རིག་གནས་མཉམ་འདྲེས་ཁྲོད་ཀྱི་ནོར་བུ་ལྟ་བུ་ཞིག་ཡིན། པར་གཞི་གསར་པའི་དཔེ་དེབ་འདིའི་ནང་དུ་རིག་གཞུང་ཞིབ་འཇུག་དང་སྒྱུ་རྩལ་གསར་རྩོམ་འདུས་ཡོད་ལ། ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོའི་རྗོད་བྱེད་ཚིག་གི་ཉམས་ཅི་བཞིན་བཞག་པའི་རྨང་གཞིའི་ཐོག དེང་རབས་ཀྱི་མཐོང་སྣེ་ནས་གསར་རྩོམ་གྱི་ཐབས་ལམ་གསར་བ་གསར་པ་ལག་ལེན་བྱས་པས། མི་རིགས་རིག་གནས་གསར་གཏོད་རང་བཞིན་གྱིས་ལུགས་བསྒྱུར་དང་གསར་སྐྲུན་རང་བཞིན་གྱིས་འཕེལ་རྒྱས་གཏོང་བའི་ལག་ལེན་གྱི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད།

微信图片_20250512093502.jpg

 2020ལོའི་ཟླ་དྲུག་པར། གེ་སར་རྒྱལ་པོ་ནི་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་མིང་ཐོར་ཚུད་ཅིང་། དཔེ་དེབ་འདིའི་ནང་། འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་གཞིར་བཟུང་ནས་གསར་རྩོམ་མཛད་ཅིང་། གཙོ་བོ་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་འདུལ་བའི་དཔའ་བོའི་གཏམ་རྒྱུད་དང་། ཁྱད་པར་དུ་ཉམ་ཆུང་མཐའ་ནས་བསྐྱངས་ཤིང་བཙན་པོའི་ཁ་གནོན་མཛད་དེ་འབངས་རྣམས་བདེ་ལ་བཀོད་པའི་གཏམ་རྒྱུད་གླེང་བཞིན་སེང་ཆེན་ནོར་བུ་དགྲ་འདུལ་གྱི་དཔའ་མཛངས་རྟུལ་ཕོད་དང་། རྒྱལ་ཁམས་བདེ་ལ་བཀོད་པའི་དཔའ་བོའི་སྣང་བརྙན་མཚོན་ཞོར། དྲང་བདེན་ལ་རྒྱལ་ཁ་ཐོབ་ཅིང་། འོད་སྣང་གིས་མུན་པ་ཟིལ་གྱིས་བཅོམ་པའི་རླབས་ཆེན་འཐབ་རྩོད་ལ་བསྟོད་བསྔགས་བྱས་ཡོད།

微信图片_20250512093508.jpg

དེབ་གསར་འགྲེམ་སྤེལ་ཡུལ་དངོས་ནས། མིའི་རིགས་རིག་པའི་ཆེད་མཁས་པ་དང་ལོ་རྒྱུས་ཆེད་མཁས་པ་ཚོས་ལོ་རྒྱུས་སྙན་རྩོམ་རིང་མོའི་འཛིན་སྐྱོང་སྤེལ་གསུམ་གྱི་རིན་ཐང་དང་། པར་སྐྲུན་དོན་སྙིང་། རྩོམ་རིག་གསར་རྩོམ་གྱི་སྐོར་ནས་དཔྱད་འཇོག་གང་མང་གནང་ཞིང་། དེབ་གསར་འདི་གེ་སར་རིག་གནས་ཞིབ་འཇུག་དང་གསར་གཏོད་ལུགས་བསྒྱུར་བྱེད་པའི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞེས་བཤད་པ་རེད།


མཉམ་སྤྱོད།