དེ་རིང་ནི2025ལོའི་ཟླ12པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་དངོས་སྲུང་སྐྱོང་སྐོར་གྱི་རིག་གཞུང་གླེང་སྟེགས་ཁྲེང་ཏུའུ་ནས་འཚོགས།

2025-12-10 17:21:09   |   68

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཁམས་པ་བརྙན་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཉེ་ཆར། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་དང་སྡེ་དགེ་རྫོང་རྫོང་མགོ་དགོན་དོ་དམ་ཚོགས་པས་མཉམ་འབྲེལ་ཐོག་གཙོ་སྒྲུབ་གནང་བའི་གླིང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་དངོས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་རིག་གཞུང་གླེང་སྟེགས་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས།

རྒྱལ་ཡོངས་ཀྱི་གེ་སར་རིག་གནས་ཞིབ་འཇུག་དང་། རིག་དངོས་སྲུང་སྐྱོབ། མི་རིགས་རིག་པ་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་མཁན་སོགས་མཉམ་དུ་འཛོམས་ཏེ། རྫོང་མགོ་དགོན་གྱི་རྩ་ཆེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་། དུས་རབས་ཀྱི་རིན་ཐང་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ། མི་རིགས་རིག་གནས་རྒྱུན་འཛིན་དང་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ཕུལ།

4.jpg

ཐེངས་འདིའི་གླེང་སྟེགས་ནི2025ལོའི་དབྱར་དུས་དང་སྟོན་དུས་ཀྱི་ཆེད་དོན་རིག་དངོས་རྩད་ཞིབ་ཐེངས་གཉིས་བྱས་པའི་འབྲས་བུ་ཡིན་ལ། རྒྱལ་ཡོངས་རང་བཞིན་གྱི་ཆེད་མཁས་ཚོགས་པ་ཁག་གཉིས་ཀྱིས་དཀར་མཛེས་ཁུལ་སྡེ་དགེ་རྫོང་མགུ་ཟུ་ཞང་བཟང་ཉག་གྲོང་ཚོའི་རྫོང་མགོ་དགོན་པར་རྟོག་ཞིབ་བྱེད་སྐབས། གླིང་ཚང་རྒྱལ་རབས་རིམ་བྱུང་གི་རིག་དངོས་ཤུལ་རྫས་གང་མང་རྙེད་པ་དང་། སྡོམ་རྩིས་བྱས་པར་གཞིགས་ན། དགོན་པའི་ནང་ཐོ་འགོད་བྱས་པའི་འབྲེལ་ཡོད་རིག་དངོས་སྟོང་ཕྲག་ལྷག་ཡོད་པ་དེའི་ནང་ལྷ་སྐུ་དང་། ཡིག་ཆ། འཐག་རྫས། མཆོད་ཆས་སོགས་མང་པོ་འདུས་ཡོད།

ཡུལ་དངོས་ནས་ཁྱབ་བསྒྲགས་བྱས་པའི་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་དངོས་དང་རྗེས་ཤུལ་སྲུང་སྐྱོང་གྲོས་མགོའི་ཡི་གེའི་ནང་རིག་དངོས་སྲུང་སྐྱོང་དང་། རིག་གཞུང་མ་ལག་ལེགས་སྒྲིག ཨང་ཀི་ཅན་གྱི་ཡིག་ཚགས་འཛུགས་པ་བཅས་ལས་གཞི་ཆེན་པོ་གསུམ་གཙིགས་སུ་བཟུང་ནས། རིག་དངོས་ཤུལ་བཞག་སྲུང་སྐྱོང་ལ་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན་པ་ཁ་གསལ་བཟོས་པ་རེད།

9.jpg

ཚོགས་ཞུགས་མི་སྣས་བཤད་པ་ལྟར་ན། ད་ཐེངས་ཀྱི་གླེང་སྟེགས་གཉེར་བ་དེས་གེ་སར་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། མི་རིགས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོང་དང་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་ལ་རིག་གཞུང་སྣེ་ཁྲིད་དང་ལག་ལེན་དོན་འཁྱོལ་ཟུང་འབྲེལ་གྱི་རྣམ་པ་གསར་པ་བསྐྲུན་ནས། ལོ་ངོ་སྟོང་གི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་འདིས་དུས་རབས་གསར་པའི་ནང་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྒྱུན་མཐུད་ངང་འབྲི་རྒྱུར་སྐུལ་ཡོད་ཅེས་བཤད།

10.jpg


མཉམ་སྤྱོད།