དེ་རིང་ནི2026ལོའི་ཟླ01པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

«མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང་།»སྒོར་ཐོན་པ།

2026-01-09 09:16:11   |   87

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གཅོད་པ་དོན་གྲུབ་དང་སྙིང་བོ་ཚེ་རིང་། ཕག་མོ་དོན་གྲུབ་བཅས་ཀྱིས་སྒྲིག་རྩོམ་བྱས་པའི་དེབ་གསར«མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང་།»ཞེས་པ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

1.jpg

《མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོང་།》ཞེས་པའི་དེབ་འདི་ནི་མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། སྐོར་ཞིབ་པ། ཞིབ་འཇུག་པ་ཆེན་མོ། གེ་སར་རིག་པའི་ཆེད་མཁས་པ་གཅོད་པ་དོན་གྲུབ་དང་། སྙིང་བོ་ཚེ་རིང་། ཕག་མོ་དོན་གྲུབ་གསུམ་གྱིས་མཉམ་འབྲེལ་གྱིས་བྲིས་ཤིང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅོན་གཉིས་ཀྱིས་གླེང་གཞི་བྲིས། དེབ་ཧྲིལ་པོ་ལེའུ་བརྒྱད་ཀྱིས་གྲུབ་ཅིང་རྒྱ་བོད་ཤན་སྦྱར་དང་ཡིག་རིས་ཟུང་འབྲེལ་ཡིན། ཡིག་འབྲུ་ཁྲི50ལ་ཉེ་བས། མཚོ་བྱང་ས་ཁུལ་ལ་གེ་སར་ཞིབ་འཇུག་གི་ཆེད་དེབ་མེད་པའི་སྟོང་ཆ་བསྐངས་ཡོད།

2.jpg

འདིར་ཡུལ་དངོས་རྟོག་ཞིབ་དང་ཡིག་ཆ་ཞིབ་ཀློག་ཟུང་དུ་སྦྲེལ་ནས་མཚོ་བྱང་ས་ཆའི་གེ་སར་ཤུལ་རྟེན་གཏམ་རྒྱུད་བདུན་ཅུ་ལྷག་དང་། སྒྲུང་པ་བཅུ་གཅིག གེ་སར་ཟློས་གར་ཚོགས་པ་དྲུག་གི་ལོ་རྒྱུས་གསལ་པོར་བཀོད་ཡོད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་དང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གེ་སར་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག་གི་གནས་ཚུལ་གསལ་པོར་བཀོད་ཡོད་པས། དེབ་འདི་པར་ཏུ་སྐྲུན་པ་ལ་བརྟེན་ནས་སྤྱིར་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་སྐུལ་འདེད། ལྷག་པར་མཚོ་བྱང་ས་ཆའི་གེ་སར་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། ཞིབ་འཇུག རིག་གནས་གནས་སྐོར་དང་རིག་གནས་ཐོན་ལས་གསར་སྤེལ་ལ་རིག་གཞུང་གི་རོགས་འདེགས་གང་ལེགས་བྱ་ནུས་པར་གདོན་མི་ཟའོ། །


མཉམ་སྤྱོད།