དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

《གྱིམ་ཤིང་ཀོང་ཇོ》ཀྲུང་གོའི་ཟློས་གར་རིག་གནས་གཟའ་འཁོར་སྐབས་བརྒྱད་པའི“རྩེར་སོན་ཟློས་གར་ཆེན་མོའི་འགྲེམས་སྟོན”ནང་ཚུད་པ།

2024-08-14 09:35:09   |   524

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྨ་ལྷོ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


640.jpg

ཉེ་ཆར།  མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ་རིག་གནས་དང་གནས་སྐོར་པུ་ཡི་དྲ་ཚིགས་སུ《ཀྲུང་གོའི་ཟློས་གར་རིག་གནས་གཟའ་འཁོར་སྐབས་བརྒྱད་པའི“རྩེར་སོན་ཟློས་གར་ཆེན་མོའི་འགྲེམས་སྟོན”ནང་ཚུད་པའི་མིང་ཐོ》ཡོངས་བསྒྲགས་བྱས་པའི་ཁྲོད། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས་འོས་སྦྱོར་དང་ཞུ་འབུལ་བྱས་པའི་ཟློས་གར་ཆེན་མོ《གྱིམ་ཤིང་ཀོང་ཇོ》རིག་གནས་དང་གནས་སྐོར་པུ་ཡི《ཀྲུང་གོའི་ཟློས་གར་རིག་གནས་གཟའ་འཁོར་སྐབས་བརྒྱད་པའི“རྩེར་སོན་ཟློས་གར་ཆེན་མོའི་འགྲེམས་སྟོན”མིང་ཐོ》ནང་ཚུད་ཅིང་། རྒྱལ་ཡོངས་སུ་བདམས་ཐོན་བྱུང་བའི་ཟློས་གར10མ་གཏོགས་མེད།

640 (1).jpg

རྒྱུས་ལོན་པ་ལྟར་ན།《གྱིམ་ཤིང་ཀོང་ཇོ》ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པས་འཁྲབ་སྦྱོང་བྱས་ཤིང་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རོགས་སྐྱོར་ལས་གཞི་ཐོབ་པའི་ཟློས་གར་ཞིག་ཡིན། ཟློས་གར་ལས་གྱིམ་ཤིང་ཀོང་ཇོ་བོད་ཡུལ་དུ་ཕེབས་པའི་དོན་དེ་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ནས་ཁོ་མོ་བོད་དུ་བསྐྱོད་པའི་བརྒྱུད་རིམ་དང་བོད་དུ་བསྐྱོད་རྗེས་མི་རིགས་མཉམ་བསྲེས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་རླབས་པོ་ཆེ་བཞག་པ་མཚོན་ལ། གྱིམ་ཤིང་ཀོང་ཇོས་མེས་རྒྱལ་གཅིག་གྱུར་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་ལོ་རྒྱུས་ལ་བསྟོད་གླུ་བླངས་ཤིང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་སྤྱོད་བཟང་དར་སྤེལ་དང་མི་རིགས་བར་གྱི་བརྩེ་དུང་གི་འབྲེལ་ཐག་ཇེ་དམ་དུ་བཏང་སྟེ། མི་རིགས་བར་ལ་འཆམ་མཐུན་འབྲེལ་བ་འཛུགས་པ་དང་འཆམ་མཐུན་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་མངོན་ཡོད།

640 (2).jpg


མཉམ་སྤྱོད།