དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་ལྔ་པ་བདེ་བླག་ངང་མཇུག་རྫོགས།

2024-08-26 16:26:37   |   232

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཟླ8པའི་ཚེས24ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཀྲུང་གུང་རྩེ་ཁོག་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་ཡི་འགན་སྒྲུབ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་རོགས་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དུ་བདེ་བླག་ངང་མཇུག་རྫོགས།

ef9e556c0224b5eb2ff0552e4f72f9fc.jpg

  བོད་ཀྱི་གཏམ་དཔེ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གསར་རྩོམ་བྱས་པའི་ངག་ཐོག་རྩོམ་རིག་གི་རྣམ་པ་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པས། ཚིག་ཉུང་ཞིང་གོ་བདེ་ལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ་རེད། དེའི་ཁྲོད་དུ་བོད་མིའི་འཇིག་རྟེན་ལྟ་ཚུལ་དང༌། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཤེས་ཐུབ་པར་མ་ཟད། ཚིག་རྒྱན་གྱི་མཛེས་པ་དང་། སྡེབ་སྦྱོར་གྱི་མཛེས་པ། ཡུལ་སྐད་ཀྱི་མཛེས་པ་སོགས་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ལ། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་འཚོ་བའི་མཚན་ཉིད་རིག་པའི་གནས་ལུགས་ཀྱང་འདུས་ཡོད།

 འདས་སོང་གི་ལོ་ཟླ་ལ་ཕྱིར་མིག་བལྟས་ཚེ། མི་རིགས་མང་པོ་འགྲོ་འོང་དང་མཉམ་འདྲེས་ཀྱི་གོ་རིམ་ཁྲོད། བོད་ཀྱི་དམངས་ཁྲོད་གཏམ་དཔེ་རིག་གནས་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་། སྣོད་བཅུད་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་ཀུན་ལ་ཕན་ནུས་ཆེན་པོ་ཐོན་གྱིན་ཡོད་པས། འདི་ནི་མཚོ་བོད་མཐོ་སྒང་གི་རིག་གནས་གཅེས་ནོར་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་ཡང་ཡིན།
       ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག ས་ཁུལ་མང་པོའི་བོད་ཀྱི་དམངས་ཁྲོད་གཏམ་དཔེ་རིག་གནས་ནི་རྫོང་དང་ཁུལ། ཞིང་ཆེན། རྒྱལ་ཁབ་རིམ་པ་བཅས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ནང་ཚུད་ཡོད་པ་རེད། དཔེར་ན། རྨ་ལྷོ་རྩེ་ཁོག་གི་བོད་ཀྱི་དམངས་ཁྲོད་གཏམ་དཔེ་དང་། མཚོ་སྔོན་པོ་མདའ་བཞིའི་བོད་ཀྱི་དམངས་ཁྲོད་གཏམ་དཔེ། ཀན་སུའུ་ཞིང་ཆེན་ཐེ་བོ་ས་ཆའི་བོད་ཀྱི་དམངས་ཁྲོད་གཏམ་དཔེ། བོད་ལྗོངས་དམངས་ཁྲོད་གནམ་གཤིས་གཏམ་དཔེ་སོགས་གཏམ་དཔེ་རིག་གནས་མང་པོ་ཞིག་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དཔེ་མཚོན་ལྟ་བུ་རུ་ཆགས་ཡོད།
       ཐེངས་འདིའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི2024ལོའི་རིག་གནས་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། དམིགས་ཡུལ་ནི་བོད་ཀྱི་དམངས་ཁྲོད་གཏམ་དཔེ་རིག་གནས་རྒྱུན་འཛིན་དར་སྤེལ་དང་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཆེད་དུ་ཡིན།
       སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པ་ནི་ད་ལོའི་སྤྱི་ཟླ་བདུན་པའི་ཟླ་སྟོད་ནས་བཟུང་དངོས་སུ་མགོ་བརྩམས་པ་ཡིན་ལ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་གཏམ་བཤད་པ་བདུན་ཅུ་ལྷག་རང་ས་གནས་ཀྱི་ཐོག་མའི་འགྲན་སྡུར་ལ་ཞུགས་པ་དང་། དེ་ལས་གཏམ་བཤད་པ་དང་གདན་ཞུའི་འཁྲབ་སྟོན་པ60ཙམ། ཟླ་འདིའི་ཚེས20ཉིན། སྲིད་པ་གཏམ་གྱི་ཕ་ས། རྩེ་གཞུང་སྨན་ལྗོངས་ཕྱུག་མོ་རུ་འབྱོར་ནས་དུས་ཡུན་ཉིན་བཞིའི་རིང་ལ། བསྐྱར་འགྲན་དང་བསྐྱར་འགྲན་འཕར་མ། རྟིང་རྩོད་དང་མཇུག་མཐའི་རྟིང་རྩོད་བཅས་བརྒྱུད་ནས། ཚེས24ཉིན་བདེ་བླག་ངང་མཇུག་རྫོགས།
       ཐེངས་འདིའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་ལྔ་པའི་སྟེང་གཏམ་བཤད་པ་འཁྱམ་པོ་སྒ་རུ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཐོས་པ་དགའ་དང་སྟག་ཐར་རྒྱལ་གཉིས་ལ་ཨང་གཉིས་པ་ཐོབ། མགོན་པོ་སྐྱབས་དང་དཔའ་སྲུང་། ཇོ་རུ་གསུམ་ལ་ཨང་གསུམ་པ་ཐོབ། གཞན་ད་རུང་། འགྲན་ཞུགས་གཏམ་བཤད་པ་དང་གདན་ཞུའི་འཁྲབ་སྟོན་པ། རྩ་འཛུགས་ལས་ཁུངས་བཅས་ལ། ཕུལ་བྱུང་བྱ་དགའ་དང་རྟིང་སྐུལ་བྱ་དགའ། ཐུན་མོང་བྱ་དགའ། རྩ་འཛུགས་བྱ་དགའ་སོགས་གནང་བ་རེད།

8ac5c0367a61245bb237dd5549e1142e.jpg

ཨང་དང་པོ། འཁྱམ་པོ་སྒ་རུ།

04e270a05100d629100ff0faf95c85b2.jpg

ཨང་གཉིས་པ། ཐོས་པ་དགའ།

cf60d6caf529d54f4d2914dab478a8c5.jpg

ཨང་གཉིས་པ། སྟག་ཐར་རྒྱལ།

9d53cd63469dd65bb67be9fa36e99e41.jpg

ཨང་གསུམ་པ། མགོན་པོ་སྐྱབས། དཔའ་སྲུང་། ཇོ་རུ།

a81fadf6e7291c9161ecfdd78f2ebee3.jpg

ཕུལ་བྱུང་བྱ་དགའ་ཐོབ་མཁན་གཏམ་བཤད་པ་དོ་རིས་སོགས།

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་གདེང་ཚོད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རྒྱས་ཁྲོད་ཆེས་རྨང་གཞི་དང་། ཆེས་གཏིང་ཟབ་པ། ཆེས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་ཞེས་གསུངས་ཡོད།

  དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད། བོད་ཀྱི་དམངས་ཁྲོད་གཏམ་དཔེ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་སྐབས། ང་ཚོས་ངེས་པར་དུ་དུས་རབས་གསར་པའི་གསོན་ཤུགས་གསར་པ་སྣོན་དགོས་ལ། དུས་རབས་གསར་བའི་དྲིལ་སྒྲོག་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། དམངས་ཁྲོད་གཏམ་དཔེ་གཞི་གྲངས་ཅན་དུ་བསྒྱུར་བ་དང་། སྨྱན་སྦྱོར་གསར་བའི་ལག་རྩལ་སྣ་ཚོགས་ལ་བརྟེན་ནས་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་མང་པོ་བེད་སྤྱོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།


མཉམ་སྤྱོད།