དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་ནོར་བྷེ་རྩོམ་རིག་བྱ་དགའ་ཁྱབ་སྒྲོག་བྱས།

2024-10-11 09:02:20   |   1095

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.png

2024ལོའི་ཟླ10ཚེས10ཉིན་གྱི་པེ་ཅིན་ཆུ་ཚོད19སྟེང་སུའེ་ཏེན་སློབ་གླིང་གིས2024ལོའི་ནོར་བྷེ་རྩོམ་རིག་བྱ་དགའ་དེ་ལྷོ་ཁོ་རེ་ཡའི་རྩོམ་པ་པོ་ཧན་ཅང(Han Kang韩江)ལ་ཐོབ་པ་ཁྱབ་སྒྲོག་བྱས།

11.jpg

དཔྱད་གཏམ།

མོས་ལོ་རྒྱུས་ཀྱི་རྨ་ཁར་ཐད་ཀར་གདོང་གཏད་ཅིང་། མིའི་རིགས་ཀྱི་ཚེ་སྲོག་གི་ཉམ་ཆུང་མངོན་པར་མཚོན་པའི་ཛ་དྲག་ལྡན་ཞིང་སྙན་ངག་གི་ཉམས་དོད་པའི་ལྷུག་རྩོམ་ལ་གཟེངས་བསྟོད་གནང་།

རྩོམ་པ་པོ་ངོ་སྤྲོད།

ཧན་ཅང་། ལྷོ་ཁོ་རེ་ཡའི་རྩོམ་པ་པོ་གྲགས་ཅན། 1970ལོར་ལྷོ་ཁོ་རེ་ཡའི་ཀོང་ཀྲུའུ་རུ་སྐྱེས། སྔ་ཕྱིར་སྤྱི་ལོ2016ལོ་དང་སྤྱི་ལོ2018ལོར་སྒྲུང་ཐུང《དཀར་ཟས་རིང་ལུགས་པ》དང《དཀར་པོ》ཞེས་པར་བརྟེན་ནས་པུ་ཁེ་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་ཐེངས་གཉིས་ལ་བླངས་པས། བྱ་དགའ་དེ་ཐོབ་མཁན་གྱི་ཡ་གླིང་གི་རྩོམ་པ་པོ་ཐོག་མར་གྱུར། གཞན་སྒྲུང་ཐུང《གཞོན་ནུ་སླེབས་བྱུང》ཞེས་པ་ཡང་རྒྱལ་སྤྱིའིIMPACཏུའུ་པོ་ལིན་རྩོམ་རིག་བྱ་དགའི་རྟིང་རྩོད་འོས་མིང་དུ་ཚུད། 2023ལོར་སྒྲུང་ཐུང་གསར་པ《གྱེས་ཕྱག་མི་འཇོག》ཅེས་པར་ཧྥ་རན་སིའི་མེ་ཏི་ཞི་སི་ཕྱིའི་རྒྱལ་ཁབ་ཀྱི་སྒྲུང་ཐུང་བྱ་དགའ་ཐོབ་པ་དང་། 2024ལོའི་ནོར་བྷེ་རྩོམ་རིག་བྱ་དགའ་ཐོབ་བོ།།

འཐུས་ཚབ་བརྩམས་ཆོས།


མཉམ་སྤྱོད།