དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་དབུས་མཐོ་སྒང་གི་ཚན་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཆེན་མོ་བཅུ།

2024-08-11 16:23:21   |   170

རྩོམ་སྒྲིག   སངས་དོན།   ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།      བཤེར་འབེབས།   རིན་ཆེན་ཚེ་རིང་།


མདོ་དབུས་མཐོ་སྒང་ནི་ཀྲུང་གོ་དང་ཨེ་ཤ་ཡ། ཐ་ན་གོ་ལ་ཧྲིལ་བོར་མཚོན་ནའང་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས། ཚན་རིག་པ་རྣམས་ཀྱིས་དུས་ཡུན་རིང་བོར་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པ་དང་། ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཀྱང་ཡིན། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སྤེལ་མགོ་བརྩམས་པ་ནས་བཟུང་ཚན་ཞིབ་གྲུབ་འབྲས་ཆེན་མོ་བཅུ་བླངས་ཡོད་ལ།  དེ་དག་ནི་གཤམ་གསལ་ལྟར།

1.མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཁྲིམས་ལུགས་འཛུགས་པར་ཚན་རིག་དང་མཐུན་པའི་བསམ་ཚུལ་བཏོན་པ།

2.ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་འོག“ཨེ་ཤ་ཡའི་ཆུ་ལྕོག”གི་དོ་མཉམ་ཤོར་བའི་རྟགས་མཚན་དང་ཤུགས་རྐྱེན། རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་ལ་ཞབས་ཕྱི་སྒྲུབ་པའི་འཐབ་ཇུས་སོགས་གསལ་བཤད་བྱས་པ། 

3.ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་འོག་མདོ་དབུས་མཐོ་སྒང་གི་ཐཱན་འདུས་བྱེད་ནུས་དང་དེའི་འགྱུར་ལྡོག་གི་ཁྱད་ཆོས་གསལ་སྟོན་བྱས་པ། 

4.མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་རྩད་ཆོད་པ། 

5.མདོ་དབུས་མཐོ་སྒང་གི་སྣུམ་རླངས་དང་གཏེར་དངོས་ཐོན་ཁུངས་ཀྱི་ད་ལྟའི་གནས་བབ་དང་མདུན་ལྗོངས་ལ་དཔྱད་དཔོག་བྱས་པ།

6.ཁྲོན་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་གནོད་འཚེའི་ཉེན་ཁར་དཔྱད་དཔོག་བྱས་པ།

7.མདོ་དབུས་མཐོ་སྒང་གི་མིའི་རིགས་འགུལ་སྐྱོད་ཀྱི་བདེན་དཔང་གསར་བ་རྙེད་པ། 

8.གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཀྲུང་གོའི་ཇུས་གཞི་བཏོན་པ།

9.སའི་གོ་ལའི་མ་ལག་གི་བསྐོར་རིམ་མང་བའི་ཕྱོགས་བསྡུས་ལྟ་འཇལ་དང་ཉེན་བརྡའི་སྟེགས་བུ་བསྐྲུན་པ། 

10.“ཡང་རྩེའི་འོས་འགན”། ཇོ་མོ་གླང་མའི་ཚན་ཞིབ་རྣམ་གྲངས་ཀྱིས་འཛམ་གླིང་གི་ཟིན་ཐོ་མང་པོ་བསྐྲུན་པ། 

མདོ་དབུས་མཐོ་སྒང་གི་ཚན་ཞིབ་ནི་མི་རབས་སོ་སོའི་ཚན་རིག་པ་རྣམས་ཀྱིས་ཚན་རིག་ལ་བརྩི་མཐོང་དང་། བདེན་ལུགས་འཚོལ་སྙེགས་བྱས་པ། བློ་སྤོབས་ཆེན་པོས་ཡང་རྩེར་འཛེགས་པ་བཅས་ཀྱི་དུས་ཡུན་རིང་བོའི་འབད་བརྩོན་བརྒྱུད་རིམ་ཡིན་པར་མ་ཟད། ཚན་ཞིབ་རུ་ཁག་རེ་རེས་མདོ་དབུས་མཐོ་སྒང་ནས་རྐང་བཙུགས་ཤིང་། སྡུག་ཆགས་ཀྱི་རང་བྱུང་ཁོར་ཡུག་ཁྲོད་དམིགས་འབེན་གནད་འཛུགས་དང་མཐུན་སྒྲིལ་མཉམ་ལས་སྒོས་ཕུགས་འདུན་འཚོལ་སྙེག་བྱས་པའི་གོ་རིམ་ཞིག་ཡིན་ལ། ཚན་ཞིབ་རུ་མི་རེ་རེས་སྤྱིར་བཏང་ཡིན་ལ་དཀའ་སྡུག་ཆེ་བའི་ཕྱི་རོལ་རྟོག་ཞིབ་ཁྲོད་འཁང་ར་ཙམ་ཡང་མེད་པར། གཉིད་ཆག་ཟས་བརྗེད་དང་བློ་བརྟན་འགྱུར་མེད་ཀྱིས་བྱ་བ་བསྒྲུབས་པའི་གོ་རིམ་ཡང་ཡིན། དུས་མཚུངས་སུ་ཚན་ཞིབ་རུ་ཁག་ཆེན་པོ་ཞིག་གིས་རྒྱལ་ཁབ་ལ་བྱ་བ་བསྒྲུབས་ཤིང་། རྒྱལ་ཁབ་ཀྱི་འགན་འཁྲི་ཁུར་ཏེ་བྱས་རྗེས་འཇོག་པའི་གོ་རིམ་ཞིག་ཀྱང་ཡིན།

མདོ་དབུས་མཐོ་སྒང་ལ“འཛམ་གླིང་གི་ཡང་རྩེ”དང“སའི་གོ་ལའི་གླིང་སྣེ་གསུམ་པ”ཞེས་པའི་མཚན་སྙན་ཐོགས་ཡོད་ཅིང་། ཡ་གླིང་དང་ཐ་ན་གོ་ལ་ཧྲིལ་བོའི་ཆུའི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། ནམ་ཟླའི་བདེ་འཇགས། ཁོར་ཡུག་བདེ་འཇགས་སོགས་ཀྱི་ཁྲོད་དུའང་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད་པས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གོ་གནས་ཧ་ཅང་དམིགས་བསལ་བ་ཞིག་ཡིན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་རིང་འཕེལ་རྒྱས་དང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བྱས་རྗེས་ཆེན་པོ་འཇོག་པ་ཡིན།


མཉམ་སྤྱོད།