དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་རིམ་པའི་སྒྲུང་པ་འཆི་མེད་རབ་བརྟན་གྱི་མཚམས་སྦྱོར།

2024-08-19 14:45:45   |   260

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གེ་སར་རིག་གནས་རྒྱུད་འཛིན་འཛིན་གྲྭ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240819145636.jpg

640 (1)~1.jpg

640 (2).jpg

640 (3).jpg

640 (4).jpg

640 (5).jpg

640 (6).jpg

640 (7).jpg

640 (8).jpg

640 (9).jpg

640 (10).jpg

640 (11).jpg

640 (12).jpg

640 (13).jpg

640 (14).jpg

640 (14).jpg

640 (16).jpg

640 (17).jpg

640 (17).jpg

640 (19).jpg

640 (20).jpg

640 (21).jpg

640 (22).jpg

640 (23).jpg

640 (24).jpg

640 (25).jpg

640 (26).jpg

640 (27).jpg

640 (28).jpg

640 (29).jpg

640 (29).jpg

640 (31).jpg

640 (32).jpg

640 (33).jpg

640 (34).jpg

640 (35).jpg

640 (36).jpg

640 (37).jpg

640 (38).jpg

640 (39).jpg

640 (40).jpg

640 (41).jpg

640 (42).jpg

640 (43).jpg

640 (44).jpg

640.jpg

བབས་སྒྲུང་པ་འཆི་མེད་རབ་བརྟན་གྱི་མཚམས་སྦྱོར་མདོར་བསྡུས་བཞུགས་སོ།།

ན་གཞོན་བབས་སྒྲུང་པ་གྲགས་ཅན་འཆི་མེད་རབ་བརྟན་ལགས་ནི། སྤྱི་ལོ1988ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་སྟོད་ཚེ་ཡུལ་ཚོ་ཉ་ཆགས་སྡེ་བ་ནས་སྐུ་འཁྲུངས་ཤིང་། ཁོང་ཆུང་དུས་ནས་གེ་སར་སྒྲུང་ལ་ཉན་རྒྱུར་དགའ་ཞིང་དད་སེམས་ཆེ་བ།  རྩེད་མོ་རྩེ་ན་ཡང་གླིང་དཀར་དཔའ་ཐུལ་རྣམས་ཀྱི་དགྲ་འཐབ་གཡུལ་འགྱེད་ཀྱི་རྣམ་པ་རྩེ་བ་རེད། ཁོང་ཆུང་དུས་ནས་གླིང་སྒྲུང་དང་གླུ་དབྱངས་ལ་ཧ་ཅང་དགའ་ཞེན་ཆེ་མཁན་ཞིག་ཡིན།ཁོང་རང་ལོ་བརྒྱད་དང་དགུ་ཡི་སྟེང་། ཁོང་གིས་མ་ཡུམ་གྱི་དྲུང་ནས་བོད་ཡིག་བསླབས་ཏེ། རྫི་བོར་འགྲོ་ཞོར་དུ་སྒྲུང་ཡིག་ཀློག་པ་དང་གླིང་སྒྲུང་གི་སྒྲ་ཐག་ལ་ཉན་རྒྱུ་ནི་གོམས་གཤིས་སུ་གྱུར། ཁོང་ཆུང་དུས་ནས་བློ་རིག་བཀྲ་ལ་ཡིད་འཛིན་ཆེ་བའི་བྱིས་པ་ཡ་རབས་ཞིག་ཡིན་པ་མ་ཟད། དགུང་ལོ་བཅུ་གསུམ་སྟེང་ནས། དབྱར་ཟླ་དང་པོའི་ཚེས་ཆེན་བཅོ་ལྔའི་ཉིན། རི་མགོ་ནས་ཕྱུགས་འཚོ་བའི་སྐབས་སུ་ཅུང་ཙམ་གཉིད་ལ་ཤོར་ཚེ། རྨི་ལམ་དུ་ཤར་གྱི་རྨ་རྒྱལ་སྦོམ་ར་ཡིན་ཟེར་བའི། མི་དཀར་རྟ་དཀར་ཅན་ཞིག་ཁོང་གི་འགྲམ་དུ་བྱོན་སྟེ། ཁྱོད་ནི་གླིང་གི་དུས་སུ་སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་བློན་ཆུང་ཟླ་བ་ལྷུན་གྲུབ་ཀྱི་སྐྱེ་བ་ཡིན་པས། ཕྱི་རབས་བོད་ཡུལ་དུ་གེ་སར་གྱི་བཀའ་དོན་བསྒྲུབ་པའི་སྨོན་ལམ་ཐེབས་ཡོད་པས།  དེ་རིང་ནས་བཟུང་སྟེ། ཁྱོད་ཀྱིས་གླིང་གེ་སར་རྣམ་ཐར་འདི། མཐོ་དམན་མེད་པར་བཤད་དགོས་ཞེས་གསུངས་ཏེ། གླིང་སྒྲུང་གི་པོ་ཏི་མང་པོ་ཞིག་གནང་བ་མ་ཟད། སྒ་སྐྱ་ལོ་ཚང་གི་གནས་རི། འདམ་ལྗོངས་རྫ་བཀྲ་ཕྱུག་མོའི་སྲས་མོ་ཡིན་ཟེར་བའི། ཆང་ཕོར་དར་གྱིས་རྒྱན་པ་ཕྱག་ན་འཛིན་པའི་ན་ཆུང་མ་ཞིག་གིས་ཀྱང་། བསུ་མ་གནང་བ་སོགས་ངོ་མཚར་བའི་རྨི་ལམ་མང་པོ་རྨིས་ཤིང་། གཉིད་སད་དུས་སུ་ཉི་མ་ཡང་ཕྱི་དྲོ་ལ་སླེབས་ཚར་སོང་། དེ་ནས་ཁོང་ལ་སྔར་དང་མི་འདྲ་བའི་ཚོར་སྣང་གསར་བ་ཞིག་སྐྱེས་སྟེ། ཁ་ནས་གོ་མ་མྱོང་བའི་གཏམ་བཤད་སྣ་ཚོགས་དབང་མེད་དུ་གྱེར། རེས་འགར་འགྲོ་མ་མྱོང་བའི་ས་ཆ་དང་། རི་མཐོན་པོའི་མགོ་ལ་འགྲོ་དགོས་པའི་སྣང་བ་འཆར། ཡུལ་མི་ལ་ལས་སྨྱོན་པ་ཞིག་དུ་གྱུར་འདུག་ཅེས་ཀྱང་ལབ་མྱོང་། སྐབས་དེར་རག་ཤུལ་སྟོད་ཀྱི་འབྲུག་པ་དགོན་པའི་བླ་མ་བསྟན་དགའ་དང་། དཔལ་བསམ་རྣམས་གཉིས་ཀྱིས་ཁྲུས་གསོལ་དང་བྱིན་རླབས་གནང་བར་བརྟེན། གེ་སར་རྣམ་ཐར་དེ་དག་བྱང་ཆུབ་ནས་ཐོགས་པ་མེད་པའི་སྒོ་ནས་བཤད་ཐུབ་པར་གྱུར།   སྡེ་བའི་ལོ་གསར་དང་གཉེན་སྟོན། གར་སྟེགས་སོགས་ཀྱི་སྟེང་ནས་ཡང་སྒྲུང་སྣ་གང་མང་བཤད་པས། མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།  སྤྱི་ལོ2010ལོར། ཞིང་ཆེན་རིམ་པའི་ཁམས་པའི་ལ་དབྱངས་རྒྱུད་འཛིན་པའི་ཐོབ་ཐང་གནང་བ་དང་། ད་དུང་། ཡུལ་ཤུལ་ཁུལ་གེ་སར་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གྲལ་དུ་ཚུད། སྤྱི་ལོ 2012 ལོར་རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་རྒྱལ་ཁབ་རིམ་པའི་རྟོགས་པར་ཉམས་ཤར་སྒྲུང་པའི་ངོས་འཛིན་དཔང་ཡིག་ཀྱང་གནང་། སྤྱི་ལོ 2012ལོར་ འབྲི་སྟོད་རྫོང་རིག་གནས་ཡུལ་སྐོར་ཅུས་དང་། སྒ་སྐྱ་ལོའི་རིག་གནས་ལས་སྒྲུབ་ཁང་གི་མི་སྣའི་གྲལ་དུ་ཚུད། སྤྱི་ལོ 2014ལོར་ མི་ཆུང་རྟགས་མའི་ཀྲུང་གོའི་ལ་གླུ་འགྲན་ཚོགས་ཁྲོད། བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་གྱི་སྒྲུང་པའི་མི་སྣའི་གྲལ་དུ་ཚུད།   སྤྱི་ལོ 2016 ལོར་ཡུལ་ཤུལ་ཁུལ་གེ་སར་ལས་སྒྲུབ་ཁང་ནས། གླིང་སྒྲུང་པར་སྐྲུན་ཆེད་དུ། འབུམ་ཕྲུག་ཆང་རྫོང་། ཙ་རི་སྨན་རྫོང་། མེ་གླིང་གསེར་རྫོང་། བྱེ་རུ་བྱུར་རྫོང་། ཁམས་གསུམ་བདེ་བཀོད་བཅས་སྒྲུང་སྣ་ལྔ་སྒྲ་ཕབ་བྱས། སྤྱི་ལོ 1020ལོར་ཁོང་ལ་མཚོ་སྔོན་ཞིང་ཆེན། གེ་སར་སྒྲུང་ཞིབ་འཇུག་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། ད་དུང་རྫོང་རིག་གནས་ཅུས་དང་། རྫོང་རིག་གནས་ཁང་། མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་སོགས་ནས། སྔོན་ཐོན་གྱི་བྱ་དགའ་གྲངས་མང་ཐོབ་མྱོང་ལ། ཁོང་གིས་ཉེ་བའི་ལོ་འགའི་རིང་ལ། འབྲི་སྟོད་རྫོང་རིག་གནས་ཅུས་ནས། གེ་སར་སྒྲུང་ལས། འབྲུག་མོའི་རྣམ་ཐར། ལི་ཁྲི་གཙོད་རྫོང་། ཨ་ཆེན་འབྲོང་རྫོང་། སྐྱ་ལོའི་གནས་བཤད། གྭ་བའི་དར་རྫོང་། མི་ཆུང་གཏམ་རྫོང་། རྟ་རྣའི་ཆོས་ཚོགས། རི་ཆུ་བཤད་པ།  གླུ་འབུམ་པོ་ཏི་བཅུ་གཉིས་བཅས་པར་སྐྲུན་བྱས་ཡོད་པར་མ་ཟད། མི་སྒེར་གྱི་གླིང་སྒྲུང་སྣ་ཁ་བརྒྱ་ལྷག་དང་། གླུ་ཤགས་འདྲ་མིན་སྣ་ཁ་བཅུ་ལྷག་བཅས་མཐེབ་སྡེར་དང་འོད་སྡེར་སོགས་སྒྲིག་བཟོ་བྱས་ཡོད། དེ་མིན་ལྷ་ས་དང་ནག་ཆུ་སོགས་ཀྱི་སྒྲུང་ཁང་ནང་ནས་སྒྲུང་བཤད་པ་དང་། པེ་ཅིན་དང་དར་མདོ། ཡུལ་ཤུལ་དང་ཟི་ལིང་སོགས་ས་ཁུལ་སོ་སོར་སྒྲུང་བཤད་དུ་ཕེབས་བཞིན་ཡོད་ཅིང། རྒྱ་ཆེའི་ལྟད་མོ་བ་རྣམ་པས་དགའ་བསུ་གྲངས་མང་ཐོབ་མྱོང་། བྱང་ཨ་ཆེན་གངས་རྒྱབ་ནས་ཀྱང་གཅན་གཟན་རི་དྭགས་ཀྱི་རྫོང་ཕབ་སའི་སྐོར་ནས། སྒྲུང་སྣ་མང་ཙམ་བཤད་བཞིན་ཕེབས་མྱོང་ལ། མགོ་ལོག་དགའ་བདེ་རྫོང་གི་བླ་མ་གཙང་སྤྲུལ་ཚུལ་ཁྲིམས་རྣམ་རྒྱལ་དང་། རྫ་སྟོད་རྫོང་གི་བླ་མ་རྒྱལ་བླ། ནང་ཆེན་རྫོང་གི་བླ་མ་ཀརྨ་ཆོས་ཀྱི་རྒྱལ་མཚན་སོགས། བླ་སྤྲུལ་མང་པོའི་བཀའ་ལུང་དབང་གསུམ་ཐོབ་མྱོང་། ད་ལྟ་ཁོང་གི་འབྲི་སྟོད་རྫོང་རིག་གནས་ཡུལ་སྐོར་ཀུན་ཁྱབ་བརྙན་འཕྲིན་ཅུ་དང་། རྫོང་རིག་གནས་ཁང་། འབྲི་ཀླུང་བླ་སྲོག་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་། རྫོང་གེ་སར་སྒྲུང་བཤད་ལྟེ་གནས་སོགས་ནས། གླིང་སྒྲུང་འཁྲབ་བཤད་ཀྱི་བྱ་བ་སྒྲུབ་བཞིན་ཡོད་པར་མ་ཟད། འབྲི་སྟོད་རྫོང་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཕུལ་བྱུང་རྒྱུད་འཛིན་པའི་མཚན་སྙན་ཐོབ། མི་སྒེར་གྱི་གེ་སར་རིག་གནས་རྒྱུད་འཛིན་འཛིན་གྲྭ་ཞེས་པའི་འཛིན་གྲྭ་ཞིག་ཀྱང་བཙུགས་ཏེ་ཁོང་གི་འཛིན་བདག་དགེ་རྒན་གྱི་འགན་བཞེས་ནས། ན་ཆུང་བྱིས་པ་རྣམས་ལ་གེ་སར་སྒྲུང་གི་རིག་གནས་སྐོར་གྱི་སློབ་ཁྲིད་གང་མང་གནང་བཞིན་ཡོད། སྤྱི་ལོ 2018ལོར་མགོ་བརྩམ་ནས་ཁོང་གི་གླིང་སྒྲུང་ཆ་ཚང་སྒྲ་ཕབ་ནས་སྒྲུང་སྣ་བརྒྱ་ལྷག་རྫོང་རིག་གནས་ཁང་ལ་ཉར་ཚགས་བྱས་ཡོད། འབྲི་སྟོད་རྫོང་གེ་སར་སྒྲུང་བཤད་ལྟེ་གནས་ཚང་གི་གླིང་སྒྲུང་འཁྲབ་གཙོ་དང་འཁྲབ་ཁྲིད་པ། ཁམས་པའི་ལ་དབྱངས་འཕྲིན་མཛོད་ཁང་གི་ལ་དབྱངས་དགེ་རྒན། གེ་སར་སྒྲུང་པའི་ཁྱིམ་གཞིས་ཀྱི་བྱ་བའི་ཡིག་ཚགས་འབྲི་མཁན་སོགས་ཀྱི་འགན་བཞེས་ཡོད། ཁོང་ནི་གླིང་སྒྲུང་སྣ་ཁ་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ལྷག་བཤད་ཐུབ་པའི་བབས་སྒྲུང་པ་གྲགས་ཅན་སོག་རུའི་འཆི་མེད་རབ་བརྟན་ལགས་རེད།


མཉམ་སྤྱོད།