དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གླིང་སྒྲུང་གི་ལག་བྲིས་དཔར་མའི་དཔེ་ཚོགས་པར་དུ་བསྐྲུན་པ།

2024-08-27 09:34:53   |   404

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


སྙན་པའི་གྲགས་པ་འཛམ་གླིང་ཁྱོན་དུ་ཁྱབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་རྩོམ་རིང་ཤོས་དེ་ཡིན་པ་དང་། གླིང་གེ་སར་རྒྱལ་པོའི་སྒྲུང་ཞེས་པའི་གསོན་ཉམས་ཅན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་འདིའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཡུལ་མི་འདྲ་བར་བཀའ་སློབ་ཐེངས་མང་གནང་མྱོང་བ་མ་ཟད། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་མཐོང་ཆེན་བྱེད་དགོས་པ་དང་། གླིང་གེ་སར་རྒྱལ་པོའི་སྒྲུང་ལ་སོགས་པའི་དངོས་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་དགོས་ཤིང་། རྒྱུན་འཛིན་པ་གསོ་སྐྱོང་ལེགས་པོ་བྱས་ཏེ། མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་པ་བྱེད་དགོས་ཞེས་པའི་གསུངས་གནང་ཡོད།

640.jpg

བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་འདི་ཉིད་བོད་ལྗོངས་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྐྲུན་ཁང་ཉག་ཅིག་ཡིན་པའི་ངོས་ནས། ལས་མགོ་བཙུགས་པའི་ཐོག་མའི་དུས་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་དེ་རང་བབ་ཀྱི་འགན་འཁྲིར་བཟུང་ཞིང་། དཔེ་སྐྲུན་ཁང་བཙུགས་ནས་ད་བར་བགྲང་བྱ་ལྔ་བཅུ་ལྷག་སོང་རིང་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་སྨན་པའི་དཔེ་དེབ་རིགས་ཁྲི་ཕྲག་ལ་ཉེ་བ་དཔེ་སྐྲུན་བྱས་ཏེ་ཀློག་པ་པོའི་བསམ་པའི་རྒྱགས་ཕྱེར་མཁོ་འདོན་བྱས་ཡོད།

640 (1).jpg

དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུའི་དུས་ནས་བཟུང་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་སྤར་མ་དེབ་གཟུགས་སུ་སྐྲུན་པའི་ལས་མགོ་བཙུགས་ཏེ་སྔ་ཕྱིར་པོད་གྲངས་སུམ་ཅུ་ལ་ཉེ་བ་དཔེ་སྐྲུན་བྱས་ཟིན་པ་དང་། སྤྱི་ཚོགས་ཐོག་ཏུ་བག་ཆགས་ཀྱང་བཟང་པོ་ཐོབ་ཡོད། འོན་ཏེ་ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་དཔེ་རྒྱུན་དེ་དག་ཀློག་པ་པོའི་སྤྱན་ལམ་དུ་མཐོང་དཀོན་པར་སོང་གཤིས། སྤྱི་ཚོགས་ལས་རིགས་ཁག་གི་ཆེད་མཁས་པ་དང་ཀློག་པ་པོས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེ་དེ་དག་བསྐྱར་སྐྲུན་གྱི་རེ་སྨོན་ལྷག་ཏུ་ཆེ་བ་དང་། དེ་བཞིན་མི་རིགས་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་རྒྱུའི་སྐུལ་སློང་རྣམ་དག་ཅིག་ཁྱེར་ཏེ་ངེད་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཡི་གེའི་དཔེ་སྐྲུན་རོགས་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་པ་དང་། སྔར་གྱི་མཁས་དབང་དང་རྩོམ་སྒྲིག་པ་བྱས་པ་ཅན་ཚོའི་ཕྱག་རྗེས་ཀྱི་སྟེང་དེང་རབས་ཀྱི་སྔོན་ཐོན་ལག་རྩལ་དང་ཟུང་དུ་འབྲེལ་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ལག་བྲིས་དཔར་མའི་དཔེ་ཚོགས་འདི་ཉིད་བསྒྲིགས་པ་ལགས།

640 (2).jpg


མཉམ་སྤྱོད།