དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

སྡེ་དགེ་ནས་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་ཟློས་གར་ཐོག་མ་དེ་འཁྲབ།

2024-08-27 11:26:46   |   530

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་ཉི་གཞོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས25ཉིན་གྱི་དགོང་མོར། སྡེ་དགེ་རྫོང་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་ལས་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་ཟློས་གར་དེ་སྡེ་དགེ་རྫོང་ཁམས་པའི་རིག་གནས་བཤམས་སྟོན་གླིང་དུ་འཁྲབ་སྟོན་ཐེངས་དང་པོ་བྱས།

640 (1).jpg

640 (2).jpg

རོལ་དབྱངས་ཟློས་གར་དེ་ནི་བོད་ཀྱི་གླུ་པ་གྲགས་ཅན་ཡ་དུང་གིས་འཁྲབ་ཁྲིད་བྱས་པ་དང་། ས་གནས་དེ་གའི་འཁྲབ་སྟོན་པ་དང་སྒྲུང་པ། དམངས་ཁྲོད་སྒྱུ་རྩལ་པ། སློབ་མ་སོགས་མི་སྣ་བརྒྱ་ལྷག་ཞུགས་ཤིང་། སྙན་ཞིང་འཇེབས་པའི་རོལ་དབྱངས་དང་གསོན་ཉམས་དོད་པའི་འཁྲབ་རྩལ་སོགས་ལ་བརྟེན་ནས་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་དེ་གར་སྟེགས་སུ་འཁྲབ་སྟོན་བྱས་པ་དང་། དེ་བཞིན་ཁམས་སྡེ་དགེ་ནས་འཚར་ལོངས་བྱུང་བའི་གླུ་པ་ཡ་དུང་དང་འཇམ་དབྱངས་སྒྲོལ་མ། ཚེ་དབང་གསུམ་གྱིས་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་ཟློས་གར་གྱི་བརྗོད་དོན་གླུ་དབྱངས《ཁྱེད་འཚོལ་བ། གེ་སར་རྒྱལ་པོ།》ཞེས་པ་བླངས་པས། རྒྱ་ཆེའི་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུག་ཡོད།

640 (3).jpg

640 (4).jpg

640 (5).jpg

640 (9).jpg

640 (10).jpg

640 (11).jpg

ད་ཐེངས་སྡེ་དགེ་རྫོང་གིས་སྤེལ་བའི་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་སུ་བྱེད་སྒོ་རབ་དང་རིམ་པ་འདུས་ཏེ། སྤྱི་ཟླ8པའི་ཚེས་25ནས26ཉིན་བར་གེ་སར་རྒྱལ་པོའི་རོལ་དབྱངས་ཟློས་གར་གཙོར་བྱས་པའི་རོལ་དབྱངས་ཟློས་གར་འཁྲབ་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། གནས་མཆོག་སྡེ་དགེ། པར་ཁང་ཆེན་པོ་ཞེས་པའི་རྒྱལ་སྤྱིའི་མངོན་མིན་རིག་གནས་འཚོལ་ཞིབ་ཡུལ་སྐོར།  དམངས་ཁྲོད་གཞས་པའི་འགྲན་བསྡུར་ཆེན་མོ། སྡེ་དགེ་རྫོང་གི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སྐོར་གྱི་བཞུགས་མོལ་ཚོགས་འདུ། དམངས་ཁྲོད་སྐོར་བྲོ་འགྲན་བསྡུར་ཆེན་མོ་སོགས་སྤེལ་ནས། རྒྱ་ཆེའི་ལྟད་མོ་བ་རྣམས་ལ་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་སྤེལ་བཞིན་ཡོད།

640 (6).jpg

640 (7).jpg

640 (8).jpg

སྡེ་དགེ་རྫོང་སྐབས་དང་པོའི་གླིང་གེ་སར་རྒྱལ་པོའི་རོལ་དབྱངས་དུས་ཚིགས་ཀྱི་དམིགས་ཡུལ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཞིང་། རིག་གནས་ལ་བརྟེན་ནས་དམངས་ཕན་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤེལ་བ། རིག་གནས་ལ་བརྟེན་ནས་ལས་རིགས་དར་ཐབས་བཅས་བྱས་ནས། ཤང་གྲོང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་རིག་གནས་གསོན་ཤུགས་འཕེལ་བར་བྱ་ཆེད་ཡིན།

640.png

640 (1).png

མདོ་ཁམས་སྡེ་དགེ་ལ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་གེ་སར་རྒྱལ་པོ་འཁྲུངས་ཡུལ། ཟུར་ལུགས་གསོ་རིག་གི་འབྱུང་ཁུངས། ཀྲུང་གོའི་བོད་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཕ་ཡུལ་སོགས་ཀྱི་མཚན་སྙན་ལྡན་པར་མ་ཟད། གནས་དེ་རུ་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་ཆེན་མོ་སྡེ་དགེ་པར་ཁང་དང་ཡིད་ལྷུང་ལྷ་མཚོ། ཀྲུང་གོའི་ཤྭ་བ་མཆུ་དཀར་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་ཤོས། རྔམ་བརྗིད་ཆེ་བའི་སྡེ་དགེ་ཁྲོ་ལ་སོགས་མཛེས་ལྗོངས་ཁུལ་དང་། དེ་བཞིན་གེ་སར་སྒྲུང་གི་ངག་རྟ་དང་གར་འཆམ། སྡེ་བྲིས། ཀརྨ་སྒར་བྲིས་སོགས་མངོན་མིན་རིག་གནས་ཤུལ་བཞག་ཤིན་ཏུ་མང་ཞིང་། རིག་གནས་ཀྱི་འདབ་སྟོང་ཡུལ་གྲུ་སོ་སོར་ཁྱབ་ཡོད། །


མཉམ་སྤྱོད།