དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་ཀྱིས་རླན་ས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ནས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བ་རོལ་ཐུབ་པར་བྱས།

2025-07-18 10:34:03   |   241

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


1.webp.png

མཚོ་སྔོན་པོའི་གླང་ཆེན་མཆེ་བའི་མཛེས་ལྗོངས་ཁུལ། 

དབྱར་ཟླ་ར་བའི་དུས། རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མཚོ་སྟེ་མཚོ་སྔོན་པོ་ནི་འོད་དུ་འཚེར་བའི་ཨིནྡྲ་ནཱི་ལ་ཞིག་གིས་མཐོ་སྒང་དུ་ཕྲ་བཏབ་པ་དང་འདྲ་བར། ཕྱོགས་སོ་སོའི་གནས་སྐོར་བའི་ཡིད་དབང་འགུགས་བཞིན་ཡོད། མཚོ་སྔོན་པོའི་བྱ་གླིང་རྒྱལ་སྤྱིའི་རླན་ས་གལ་ཆེན་དུ་བྱ་དང་བྱེའུ་ཡིས་གཤོག་པ་བརྐྱངས་ཏེ་ཡིད་འོང་གི་ཉམས་འགྱུར་དང་བཅས་གནམ་ཆུ་གཉིས་ཀྱི་བར་དུ་རང་དགར་འཕུར་སྐྱོད་བྱེད་བཞིན་ཡོད།    

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའི་ཅུ་ཀྲང་གཞོན་པ་འཇིགས་བྱེད་ཀྱིས་བཤད་རྒྱུར། མིག་སྔར་མཚོ་སྔོན་པོར་འདབ་ཆགས་རིགས282ཡོད་པ་དང་གཏན་སྡོད་བྱ་རིགས་ཀྱི་ཁ་གྲངས་ཁྲི60.6ལ་བསླེབས་ཡོད། "མཐོ་སྒང་གི་ཐུན་མོང་མ་ཡིན་པའི'ཆུ་དང་རྩྭ། ཉ། བྱ། གཅན་གཟན'བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་དོ་མཉམ་དུ་འགྱུར་བཞིན་ཡོད"ཟེར།

རླན་ས་ནི་སའི་གོ་ལ་ཧྲིལ་བོའི་སྐྱེ་ཁམས་མ་ལག་གལ་ཆེན་ཞིག་ཡིན་ཞིང་། དེ་ལ"ཚྭ་མེད་ཆུའི་འབྱུང་ཁུངས"དང"སའི་གོ་ལའི་མཁལ་མ"ཞེས་པའི་མིང་ཐོགས་ཡོད། དེར་ཆུ་ཁུངས་སྲུང་སྐྱོབ་དང་ཆུ་སྤུས་གཙང་སྒྱུར། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ཆུ་ལོག་དང་ཐན་པ་འགོག་པ། གནམ་གཤིས་སྙོམ་སྒྲིག་བྱེད་པ། ཐཱན་སྲ་འགྱུར་སོགས་སྐྱེ་ཁམས་ནུས་པ་གལ་ཆེན་ལྡན། གཞན་ཡང་ཁོར་ཡུག་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཞབས་ཕྱིའི་ནུས་པ་ཆེན་པོའང་འདོན་སྤེལ་བྱེད་བཞིན་ཡོད། 

微信截图_20250718104459.png

གནས་སྐོར་བ་མཚོ་སྔོན་པོའི་གླང་ཆེན་མཆེ་བའི་མཛེས་ལྗོངས་ཁུལ་དུ་རྩེད་འཇོར་རོལ་བཞིན་པ།     

ཉེ་བའི་ལོ་ནས་བཟུང་། མི་རྣམས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཇེ་ཟབ་ཏུ་སོང་བ་དང་ཆབས་ཅིག རྒྱལ་ཁབ་ཀྱིས་རླན་ས་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བར་སྐུལ་འདེད་བྱེད་བཞིན་ཡོད་ལ། རྒྱུན་མཐུད་ངང་སྲུང་སྐྱོབ་དང་བཅོས་སྐྱོང་བྱས་པ་བརྒྱུད། རང་རྒྱལ་གྱི་མཐོ་སྒང་རླན་སའི་སྐྱེ་ཁམས་མ་ལག་གི་ནུས་པ་མུ་མཐུད་དུ་ཇེ་ཆེར་སོང་ཡོད། 

གཙང་བོ་གསུམ་གྱི་འབྱུང་ཁུངས་སུ་གནས་པའི་མཚོ་སྔོན་དུ་སྐྱེ་ཁམས་ཀྱིས་གནས་བབ་གལ་ཆེན་བཟུང་ཡོད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུ་ཡིས་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་དོན། "ལོ་ལྔའི་འཆར་འགོད་བཅུ་བཞི་པ"ཡི་ཚུན་ལ་མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར3.9བཏང་ནས་རླན་ས་སྲུང་སྐྱོབ་ཉམས་གསོའི་རྣམ་གྲངས་ལག་བསྟར་བྱས། མིག་སྔར། མཚོ་སྔོན་གྱི་རླན་ས་གསོག་ཉར་ཚད་མུའུ་དུང་ཕྱུར1.07རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད།

མིག་སྔར། མཚོ་སྔོན་དུ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོའི་རྒྱུད། ཚྭ་འདམ་གཞོང་ས། རྨ་ཙོང་རོང་ས་བཅས་སྐྱེ་ཁམས་ཁུལ་ཆེན་པོ་ལྔ་རུ་རླན་ས་སྲུང་སྐྱོབ་ཉམས་གསོའི་རྣམ་གྲངས94ལག་བསྟར་བྱས་ཤིང་། བསྡམས་གསོ་དང་ཉམས་ཞན་རླན་སའི་ཞིག་གསོ། ས་དབྱིབས་སྒྲིག་གསོ། རང་བྱུང་མཚོ་རྒྱུད་སྲུང་སྐྱོབ། ཆུའི་མ་ལག་སྦྲེལ་མཐུད་སོགས་ལག་རྩལ་བྱེད་ཐབས་སྤྱད་པས། ཉམས་ཞན་རླན་ས་ཁག་ཅིག་ཉམས་གསོ་བྱུང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་པ། རླན་སའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་བརྟན་འཇགས་ངང་ཇེ་མཐོ་རུ་ཕྱིན་ཡོད། 

ད་ལྟ་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། ངོ་སྤྲོད་བྱས་པ་ལྟར་ན། དུས་རབས20པའི་ལོ་རབས90པ་ནས་བཟུང། མཚོ་ཆུང་ནོར་བུ་ཐེངས་གསུམ་ལ་སྐམ་མྱོང་། ཡིན་ནའང་། ད་ལྟ་མཚེའུ་འདིའི་རྒྱ་ཁྱོན་ཇེ་ཆེར་ཕྱིན་པར་མ་ཟད། མཚེའུ་ཁུལ་གྱི་ན་འདམ་རླན་སའི་རྒྱ་ཁྱོན་ཡང་ཇེ་ཆེར་ཕྱིན་ཏེ། ན་འདམ་རླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1.2ལྷག་ཟིན་ནས་རླན་སའི་སྐྱེ་ཁམས་མ་ལག་སྔར་བས་ཇེ་བརྟན་དུ་གྱུར་ཡོད།    

སྐྱེ་ཁམས་བཟང་བོ་དེ་མང་ཚོགས་སྔར་ལས་མང་བོའི"བདེ་སྐྱིད་འཕར་གནས"སུ་གྱུར་ཡོད།   

ཞོགས་པའི་ཉི་གཞོན་ཐོག་མར་ཤར་བའི་དུས་སུ་བྱ་དངོས་ཡོད་ཚད་ལྷིང་འཇགས་སུ་གནས་ཤིང་། སྒུལ་བྱེད་འཕྲུལ་འཁོར་གྱི་སྒྲ་ཞིག་གིས་ནགས་ཚལ་གྱི་ལྷིང་འཇགས་དཀྲོགས། སྐོར་སྲུང་གྱོན་ཆས་གྱོན་ཞིང་འཕྲུལ་རྟ་ཞོན་པའི་ལོ་ན45ཅན་གྱི་འབྲོག་པ་པའེ་ཧའེ་ཡུན་གྱིས་གོ་རེ་དང་ཆུ་དེམ་རྒྱབ་ཏུ་ཁུར་ནས་ནགས་གསེང་དུ་སོང་སྟེ་རང་བྱུང་ཁམས་དང“གླེང་མོལ”བྱེད་མགོ་བརྩམས། སྤྱི་ལེ18ནི་པའེ་ཧའེ་ཡུན་གྱི་སྐོར་སྲུང་ལམ་ཐག་ཆེས་རིང་བ་ཡིན་པ་དང་མཚོ་འཕགས་སྨི4500ནི་ཁོའི་སྐོར་སྲུང་ཁྱབ་ཁོངས་ནང་གི་མཚོ་འཕགས་ཆེས་མཐོ་ས་རེད།    

པའེ་ཧའེ་ཡུན་གྱི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་པའོ་ཁུའུ་ཞང་གི་པ་དབྱིན་སྡེ་བར་ཡོད་པ་དང་། ཁོ་རང་ས་གནས་དེའི་སྐྱེ་ཁམས་དོ་སྲུང་བ་ཞིག་ཡིན། ཏ་ཐུང་པེ་ཁྲོན་ཆུ་བོའི་མགོ་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་རླན་ས་སྲུང་སྐྱོབ་བྱེད་པའི་གཙོ་གནད་ས་ཁོངས་ཤིག་ཡིན། 

3.webp.png

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་པར་བླངས་པའི་མཚོ་སྔོན་པོ།

"གནའ་བ་རྒྱུན་པར་གཡང་གཟར་གྱི་བྲག་ལྡེབས་ཉེ་འགྲམ་དུ་མངོན་པ་དང་། ཤྭ་སྐྱ་ཡིས་མི་མཐོང་མ་ཐག་ཅུང་ཙམ་ཧད་དེ་འདུག་པ་དང་དེ་ནས་མྱུར་དུ་འབྲོ་བ། བྱ་གླག་གིས་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་ཕྱོགས་བཞིའི་གནས་ཚུལ་ལ་ལྟ་ཞིབ་བྱེད།" སྲུང་སྐྱོབ་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྐོར་གླེང་ཡོང་སྐབས། པའེ་ཧའེ་ཡུན་ལ་རང་ཁྱིམ་གྱི་ནོར་བུ་བགྲང་བ་བཞིན་རྒྱུས་མངའ་ཤིན་ཏུ་ཆེ། ཉེ་བའི་ལོ་ཤས་རིང་། དམར་ཕྱིའི་པར་ཆས་ཀྱིས་གསའ་ཡི་བརྙན་པར་བླངས་པ་དེས་ཁོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་ཁ་སྔར་བས་ཇེ་བརྟན་དུ་བཏང་།    

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རྒྱལ་ཁབ་ཀྱིས་རླན་ས་སྲུང་སྐྱོབ་ཉམས་གསོའི་རྣམ་གྲངས3700ལྷག་རྩ་འཛུགས་ལག་བསྟར་བྱས་པ་དང་། གསར་དུ་བསྣན་པ་དང་ཉམས་གསོ་བྱས་པའི་རླན་ས་སྤྱི་ཆིང་ཁྲི100ལྷག་ཟིན། རྒྱལ་ཡོངས་ཀྱི་རླན་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི5635ཡན་དུ་གཏན་འཇགས་སུ་གྱུར་ཡོད། རིགས་སོ་སོའི་རླན་སའི་རང་བྱུང་སྲུང་སྐྱོབ་ཁུལ2200ལྷག་བཙུགས་ནས་རླན་ས་གལ་ཆེན་གྱི་སྐྱེ་ཁམས་གནས་ཚུལ་ཇེ་ལེགས་སུ་ཕྱིན་ཡོད། 

ད་ལོ་ནི་རྒྱལ་ཁབ་རླན་སའི་སྤྱི་གླིང་བཙུགས་ནས་ལོ་འཁོར20ལོན་པའི་ལོ་ཡིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུ་ཡིས་ཉེ་ཆར་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ་ངོ20ཡི་རིང་རྒྱལ་ཁབ་ཀྱིས་སྤུས་ཚད་མཐོ་བའི་རྒྱལ་ཁབ་རླན་སའི་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཁྱོན་བསྡོམས་རྒྱལ་ཁབ་རླན་སའི་སྤྱི་གླིང903བཙུགས་ནས་རྒྱལ་ཡོངས་ཀྱི་རླན་ས་སྤྱི་ཆིང་ཁྲི240སྲུང་སྐྱོབ་ནུས་ལྡན་བྱས་ཤིང་། རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་སྡོད་དང་རྒྱུད་སྤེལ་བྱེད་པར་བར་སྟོང་འདང་ངེས་མཁོ་འདོན་བྱས་ཡོད། 


མཉམ་སྤྱོད།