དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ཆེས་མཛེས་པའི་མཚེའུ་དྲུག

2025-07-22 15:17:25   |   344

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོ།

མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཡོད་པ་དང་། རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་ཡིན་ཞིང་། “མཐོ་སྒང་གི་ཨིནྡྲ་ནཱི་ལ”ཞེས་པའི་མཚན་སྙན་ལྡན། ལོ་རེའི་དབྱར་ཁར་གསེར་མདོག་གི་པད་ཁ་མེ་ཏོག་མཚོ་མོའི་འགྲམ་དུ་རྣམ་པར་བཞད་ཅིང་། མཚོ་ཆུ་སྔོ་ཤིང་དྭངས་ལ། མཚོ་ངོས་སུ་ཉི་འོད་འཕྲོ་དུས་ཆེམ་ཆེམ་དུ་བཀྲ་བས་མཛེས་སྡུག་རྨད་དུ་བྱུང་།

1.png

ཚྭ་ཁའི་ཚྭ་མཚོ།

ཚྭ་ཁའི་ཚྭ་མཚོ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཝུའུ་ལན་རྫོང་དུ་ཡོད་པ་དང་། རང་བྱུང་གི་ཞུན་ཆགས་ཚྭ་མཚོ་ཞིག་ཡིན། མཚོ་ངོས་ཡངས་ཤིང་རྒྱ་ཆེ་བས“ནམ་མཁའི་མེ་ལོང”ཞེས་པའི་མཚན་སྙན་ལྡན། དྭངས་གཙང་གི་མཚོ་ངོས་སུ་གནམ་སྔོན་པོ་དང་སྤྲིན་དཀར་གྱི་མཛེས་ལྗོངས་མངོན་དུས། བྱིས་སྒྲུང་གི་འཇིག་རྟེན་དུ་བསླེབས་པ་དང་འདྲ་ཞིང་། མི་རྣམས་ཀྱི་ཡིད་དབང་ཅིག་ཅར་འཕྲོག་ངེས།

2.jpeg

ཚྭ་ཁམས་ཚྭ་མཚོ།

ཚྭ་ཁམས་ཚྭ་མཚོ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཡོད་པ་དང་། འཛམ་གླིང་གི་རང་བྱུང་ཚྭ་མཚོ་ཆེ་གྲས་གཉིས་པ་ཡིན་ལ། དྭངས་གཙང་གི་ཤེལ་ངོས་ཆེན་པོ་ཞིག་ཚྭ་འདམ་གཞོང་སའི་སྟེང་ཕྲ་རྒྱན་བཏབ་པ་དང་འདྲ།

图片3(1).png

ཚྭ་འདམ་གྱི་མརྒད་མཚེའུ།

ཚྭ་འདམ་གྱི་མརྒད་མཚེའུ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་འདམ་གྲོང་རྡལ་དུ་ཡོད་པ་དང་། དེ་ནི་ཆེ་ཆུང་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་ཚྭ་རྫིང་ཆུང་ཆུང་གྲངས་མེད་ཀྱིས་གྲུབ་པ་ཡིན། མཚེའུ་ནང་གི་གཏེར་རྫས་ཀྱི་འདུས་ཚད་མི་འདྲ་བས། ཕུན་སུམ་ཚོགས་པའི་ལྗང་མདོག་དང་སྔོན་པོ་མངོན་ཞིང་། དྭངས་གསལ་གྱི་གཡང་ཊི་དང་གཡུ་ལྟར་ས་གཞི་ཆེན་པོའི་སྟེང་བརྒྱན་ཡོད།

图片4(1).png

མང་ནེ་ཡི་མརྒད་མཚེའུ།

མང་ནེ་ཡི་མརྒད་མཚེའུ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་གྱི་ཧྭ་ཐུའུ་ཀོའུ་གྲོང་རྡལ་དུ་ཡོད་ཅིང་། ཟི་སྐྱུར་མཱེ་ཕལ་རིགས་ཀྱི་ཚྭ་མཚེའུ་ལ་གཏོགས། གཏེར་རྫས་ཀྱི་གར་ཚད་མི་འདྲ་བའི་དབང་གིས་མཚེའུ་ཡི་ཁ་དོག་ཀྱང་སྔོ་སྐྱ་དང་མརྒད་མདོག ལྗང་མདོག་སོགས་མཛེས་སྡུག་ལྡན་པའི་ཚོན་མདོག་མི་འདྲ་བ་མངོན་པས། མྱ་ངམ་ཐང་གི་སྣུམ་ཚོན་རི་མོ་ཞིག་དང་འདྲ།

图片5(1).png

ཧ་ལ་མཚེའུ།

ཧ་ལ་མཚེའུ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་བྱང་ཕྱོགས་ཀྱི་སྤྱི་ལེ180ཡི་སར་ཡོད་པ་དང་། མཚོ་སྔོན་གྱི་མཚེའུ་ཆེ་གྲས་གཉིས་པ་ཡིན། མདོ་ལ་རི་བོའི་ཕང་བར་གངས་རི་ཡིས་བསྐོར་ཡོད་པས། འོད་འཚེར་བའི་མུ་ཏིག་ཅིག་དང་འདྲ། དྭངས་གཙང་གི་མཚེའུ་དང་གངས་རི་ཡིས་ཧ་ལས་པའི་རང་བྱུང་རི་མོ་ཞིག་གྲུབ་ཡོད།

图片6.png


མཉམ་སྤྱོད།