དེ་རིང་ནི2025ལོའི་ཟླ07པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྩེ་ཆུའི་འགྲམ་གྱི་ཁྲུང་ཁྲུང་སྐེ་ནག་དགའ་བདེའི་དཔལ་ལ་རོལ་བ།

2025-07-25 10:47:30   |   61

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་གི་ཕྱུག་རྐྱལ་སྡེ་བའི་རྩེ་ཆུ་འགྲམ་གྱི་རླན་ས་རུ་ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་ཞིག་ཕ་མའི་རྗེས་སུ་འབྲངས་ནས་གོམ་སྟབས་སྦྱོང་བཞིན་ཡོད།

图片1.png

ཁྲུང་ཁྲུང་སྐེ་ནག་གིས་ན་ཁུག་ཏུ་ཚང་བཅའ་བར་དགའ། ཁྲུང་ཁྲུང་སྐེ་ནག་བཟའ་ཟླ་གཉིས་ཀྱིས་བྱ་སྒོང་རུམ་སྐབས་ཆུ་ཚོད24ལ་རེས་མོས་ཀྱིས་སྲུང་སྐྱོབ་བྱས་ཏེ་ཕྲུ་གུ་སྐྱེ་བར་སྒུག་པ་ཡིན།

图片2.png

དབྱར་ཁའི་དུས་སུ་འདབ་ཆགས་མང་པོ་རླན་ས་འདིར་འཕུར་ནས་ཡོང་ལ། སྔོ་ལྗང་གི་རྩྭ་ཐང་དང་དྭངས་གཙང་གི་མཚེའུ། འདབ་ཆགས་ཁྱུ་བཅས་ཀྱིས་རླན་སར་གསོན་ཤུགས་གསར་བ་སྦྱིན་ཡོད།

图片3.png

རྩེ་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཡིན་ཞིང་། དེ་ཉིད་བརྒྱུད་སའི་རྩེ་ཆུ་རྒྱལ་ཁབ་རླན་སའི་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་འཁྱོངས་ཁྲོད་ཀྱི་གནས་ཡུལ་གལ་ཆེན་ཞིག་ཡིན། 

图片4.png

ཉེ་བའི་ལོ་ནས་བཟུང་། ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། འདི་གར་འཚོ་སྡོད་བྱེད་པར་ཡོང་བའི་འདབ་ཆགས་ཇེ་མང་ནས་ཇེ་མང་ཡིན་པ་དང་། ལྷག་པར་དུ་ལོ་རེའི་དབྱར་དུས་སུ་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་། སྐྱར་མོ་རྐང་རིང་། ཁྲུང་ཁྲུང་སྐེ་ནག བཞད་ནག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་མང་པོ་རླན་ས་འདི་ནས་མཐོང་བ་ཡིན། རྩྭ་ཆུ་ཕུན་སུམ་ཚོགས་པའི་རླན་ས་འདིས་འདབ་ཆགས་ཚོར་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཁོ་འདོན་བྱས་པར་མ་ཟད། ད་དུང་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བའི་འགྱུར་ལྡོག་བཟང་བོ་ཡང་མཚོན་ཡོད། 

图片5.png


མཉམ་སྤྱོད།