དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱ་ངམ་ཐང་གི་གྲོང་རྡལ་ཆུང་ཆུང་ཞིག་གི་འཕོ་འགྱུར་གསར་བ།

2025-09-05 10:30:25   |   31

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་དབུས་མཐོ་སྒང་གི་ཚྭ་འདམ་གཞོང་སའི་ནུབ་བྱང་རྒྱུད་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་གྱི་མཚོ་འཁྱག་གྲོང་རྡལ་ནི་སྔོན་ཆད་རྡོ་སྣུམ་ལ་བརྟེན་ནས་དར་རྒྱས་བྱུང་བ་དང་རྡོ་སྣུམ་འཛད་པ་ལས་རྒུད་པར་གྱུར་པའི་བཟོ་ལས་གྲོང་རྡལ་ཞིག་ཡིན། མུ་མཐའ་མེད་པའི་མྱ་ངམ་ཐང་དུ། མཚོ་འཁྱག་གྲོང་རྡལ་འཇིག་རྟེན་དང་ཁ་བྲལ་བ་བཞིན་ཁེར་རྐྱང་དུ་ཡོད། འོན་ཀྱང་རང་བྱུང་ཁམས་ཀྱི་དམིགས་བསལ་ཆ་རྐྱེན་ལས། མཚོ་འཁྱག་གྲོང་རྡལ་དེ་སྐར་གཟིགས་བྱེད་པའི་གནས་ཡག་ཤོས་ཤིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། ས་གནས་འདི་གས་ཚན་རྟོག་གི་ཁྱད་ཆོས་ལྡན་པའི་རིག་གནས་གནས་སྐོར་འཕེལ་རྒྱས་བཏང་སྟེ་མྱ་ངམ་ཐང་གི་གྲོང་རྡལ་ཆུང་ཆུང་འདི་ལ་སྐྱེ་སྟོབས་གསར་བ་རྒྱས་སུ་བཅུག་ཡོད།

མིག་སྔར། མཚོ་འཁྱག་གནམ་དཔྱད་ལྟ་ཞིབ་རྟེན་གཞི་རུ་ཁྱོན་བསྡོམས་ཚན་རིག་ཞིབ་འཇུག་སྡེ་ཁག12ཀྱི་རྒྱང་ཤེལ45ནང་འདྲེན་བྱས་ཡོད་ཅིང་། གནམ་དཔྱད་རྒྱང་ཤེལ་ཆེ་གྲས་རེ་རེ་སའེ་ཧྲི་ཐེང་རི་བོའི་སྟེང་དུ་བསྐྲུན་པ་ནི་མིག་ཆེན་པོ་ཞིག་གིས་མཁའ་དབྱིངས་ལ་ལྟ་བ་དང་འདྲ། གནམ་དཔྱད་ཐོན་ཁུངས་དང་མྱ་ངམ་ཐང་གི་ངོ་མཚར་ཡུལ་ལྗོངས་ལ་བརྟེན་ནས། མཚོ་འཁྱག་གིས་སྐར་མ་མིག་དམར་ཚོད་ལྟ་ཁང་དང་རི་བོ་ཧེ་ཏུའུ་ཧྲན་སོགས་ཀྱི་མིང་བྱང་ཁག་ཅིག་བསྐྲུན་ཡོད། བསྟུད་མར"མཚོ་འཁྱག་ཚན་རྟོག་རྩོམ་རིག་བྱ་དགའ"ཡི་བྱེད་སྒོ་ཐེངས་མང་སྤེལ་བས། ས་གནས་འདི་ཚན་རྟོག་གསར་རྩོམ་གྱི་མཐོ་ས་གསར་བར་གྱུར་ཡོད།

རྡོ་སྣུམ་ཤུལ་རོ་ནས་རྒྱུ་སྐར་ཞིང་ཁམས་དང་། བྱེ་ཐང་ནས་དགུ་ཚིགས་སྐྱ་མོའི་བར་དུ། མཚོ་འཁྱག་གྲོང་རྡལ་གྱིས་ཚན་རྟོག་གིས་རིག་གནས་གནས་སྐོར་གྱི་ཡུལ་ལྗོངས་གསར་བ་གསལ་སྟོན་བྱས་པར་མ་ཟད། ཀྲུང་གོའི་ནུབ་བྱང་བཟོ་ལས་གྲོང་རྡལ་ཆུང་ཆུང་ཞིག་གི་གཞན་སྒྱུར་ལ་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཡོད།

图片1.png

རྡོ་སྣུམ་བཟོ་ལས་རྗེས་ཤུལ།

图片2.png

མཚོ་འཁྱག་གྲོང་རྡལ་གྱི་མཚོ་འཁྱག་ཚོད་ལྟ་ཁང་།

图片3.png

མཚོ་འཁྱག་གྲོང་རྡལ་གྱི་སའེ་ཧྲི་ཐེང་རི་བོའི་མོ་ཙིའི་བར་སྣང་སྐོར་ཞིབ་རྒྱང་ཤེལ།

图片4.png

མཚོ་འཁྱག་གྲོང་རྡལ་གྱི་ཧེ་ཏུའུ་ཧྲན་མཛེས་ལྗོངས་ཁུལ།


མཉམ་སྤྱོད།