མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་ཐཱན་འདུས་ཚོད་ལྟའི་གྲོང་ཁྱེར་དང་རྫོང་གི་ཁྲོད་དུ་ཚུད།

2022-12-25 15:40:09   |   531

རྩོམ་སྒྲིག  སངས་དོན།   ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།    དུས་ཚོད།  2022-12-25


གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བཅུ་གཅིག་པར། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡིས་རྒྱལ་ཡོངས་ནགས་ལས་ཐཱན་འདུས་ཚོད་ལྟའི་གྲོང་ཁྱེར་དང་རྫོང་གི་མིང་ཐོག་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁའི་ངང་དེའི་ཁྲོད་ཚུད་དེ། རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་ཚོད་ལྟ་རྫོང་དང་གྲོང་ཁྱེར་བཅོ་བརྒྱད་གྲས་ཀྱི་གཅིག་ཏུ་གྱུར།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྒྱལ་ཡོངས་ཚོད་ལྟའི་བྱ་བ་དེ་རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་རྩ་འཛུགས་བྱས་ནས་སྤེལ་བ་དང་། ད་ལོའི་ཟླ་བདུན་པར་ཡིག་ཐོག་སྙན་ཞུ་ཕུལ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཧ་ཅང་མཐོང་ཆེན་བྱས་པ་དང་། གྲོང་ཁྱེར་དང་ཁུལ་དུ་སོང་ནས་བརྟག་བཤེར་ཞིབ་འཇུག་བྱས་ལ། ས་ཆ་སོ་སོའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་ཞིབ་སྡུར་བྱས་ཏེ། མཇུག་མཐར་ནགས་ཚལ་ཐཱན་འདུས་གཙོར་བྱས་པའི་ཟི་ལིང་གྲོང་ཁྱེར་དང་། རྩྭ་ཐང་ཐཱན་འདུས་གཙོར་བྱས་པའི་མགོ་ལོག་ཁུལ་གཉིས་འདེམ་སྒུག་ས་ཁུལ་དུ་གཏན་ཁེལ་བྱས་པར་མ་ཟད་སོ་སོར་ཇུས་གཞི་སྒྲིག་བཟོ་བྱས་ནས་ཡིག་ཐོག་སྙན་ཞུ་བྱས། ཇུས་གཞི་ཚན་རིག་དང་མཐུན་པ་དང་ལག་བསྟར་བྱེད་ཆོག་པར་ཁག་ཐེག་བྱེད་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་ཁེལ་དང་འཛམ་གླིང་གི་ཡང་རྩེའི་ས་བབ་མཐོ་བའི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་ཆེད། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ཀྲུང་གོ་ཚན་རིག་གླིང་དང་ནགས་ལས་ཚན་རིག་གླིང་། རྒྱལ་ཁབ་ནགས་རྩྭ་ཅུའུ་འཆར་འགོད་གླིང་། ཧྲང་ཧེ་ཁོར་ཡུག་ཉོ་ཚོང་ཁང་། ཐའེ་ཕིང་ཡང་ཉེན་སྲུང་སྤྱིའི་ཀུང་ཟི་སོགས་རྒྱལ་ནང་གི་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་བྱས་ནས་ཇུས་གཞི་སྒྲིག་བཟོ་ཁྲོད་ཞུགས། རྒྱལ་ཁབ་ནགས་རྩྭ་ཅུའུ་ཡིས་དཔྱད་འཇོག་བྱས་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྩྭ་སའི་ཐཱན་འདུས་ཚོད་ལྟ་འཛུགས་སྐྲུན་ལས་གཞིའི༢༠༢༣ལོ་ནས༢༠༢༥ལོའི་ལག་བསྟར་ཇུས་གཞི་རྒྱལ་ཡོངས་ཀྱི་སྐོར་ཁག་དང་པོའི་ཚོད་ལྟའི་ཁྲོད་བཞག

གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་དང་མཉམ་དུ་ཚོད་ལྟའི་བྱ་བ་ཆེད་དོན་ཚན་ཁག་བཙུགས་ནས། རྒྱལ་ཁབ་ནགས་རྩྭ་ཅུའུ་བར་གྱི་བརྗེ་རེས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། མ་དངུལ་ལས་གཞི་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ཚོད་ལྟའི་ལས་གཞི་འཛུགས་སྐྲུན་དང་ལག་རྩལ་རྒྱབ་སྐྱོར་གྱི་བྱ་བ་བཟང་བོར་བསྒྲུབ་པ། རང་ཞིང་གི་ནགས་རྩྭའི་ཐཱན་འདུས་ཚད་འཇལ་དཔྱད་གྲངས་དང་སའི་རིགས་ཀྱི་གཞི་གྲངས་ཚད་ལེན་ཞིབ་རྩིས་གནད་ལ་འཁེལ་བ་བྱེད་པ། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པར་རྒྱུས་ལོན་གསལ་བོ་བྱེད་པ། དངུལ་རྩས་ལྗང་མདོག་ཐཱན་དམའ་ཡི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་འདེགས་བྱེད་པའི་མ་དཔེ་འཚོལ་ཞིབ་བྱེད་པ། ཚོད་ལྟའི་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ། རང་ཞིང་གི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་སུ་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱེད་པ་དང་མཚོ་སྔོན་གྱི་རིག་སྟོབས་འབུལ་རྒྱུ་རེད།


མཉམ་སྤྱོད།