མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རང་ཞིང་དུ་ཚན་རྩལ་རིགས་ཀྱི་ཁེ་ལས644སླེབས།

2022-12-25 15:45:38   |   3085

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  རྒྱང་སྒྲོག་བརྙན་འཕྲིན་ཁང་།  དུས་ཚོད། 2022-12-25


ཟླ12པའི23་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་ཡིད་རྟོན་ཞིབ་དཔྱད། ཆེད་མཁས་པས་དཔྱད་འཇོག་བྱེད་པ་སོགས་ཀྱི་བརྒྱུད་རིམ་བརྒྱུད་དེ། ཞིང་ཆེན་ཚན་རྩལ་ཐིན་གྱིས་མཚོ་སྔོན་བསིལ་གྲོང་གསོ་རིག་སྨན་རྫས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་བརྒྱ་དང་གཅིག་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་རིགས་ཀྱི་ཁེ་ལས་སུ་གཏན་ཁེལ་བྱས་པ་དང་། དེར་བརྟེན་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་རིགས་ཀྱི་ཁེ་ལས་ཀྱི་གྲངས་ཀ་དྲུག་བརྒྱ་དང་ཞེ་བཞི་རུ་སླེབས་ལ། དེའི་ཁྲོད་རྒྱལ་ཁབ་མཐོ་གསར་ལག་རྩལ་ཁེ་ལས་བརྒྱ་དང་རེ་དགུ་འདུ་བ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་བརྒྱད་གྲངས་ཆུང་དྲུག་འཕར་སྣོན་བྱུང་།

ཞིང་ཆེན་རིམ་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་ནི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁེ་ལས་ཀྱི་སྐས་རིམ་སྐྱེད་སྲིང་མ་ལག་གི་གྲུབ་ཆ་གལ་ཆེན་དང་། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་རྗེས་གྲབས་སྟོབས་ཤུགས་ཡིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཁེ་ལས་སྐྱེད་སྲིང་ངོས་འཛིན་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། སྲིད་ཇུས་བྱེད་ཐབས་སྣ་ཚོགས་གཏན་འབེབས་ཕྱིར་འདོན་བྱས་ལ། ཁོར་ཡུག་བཟང་བོ་བསྐྲུན་པ་དང་སྐྱེད་སྲིང་མ་དཔེ་ལེགས་སྒྱུར་བྱེད་པ། ཁེ་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་པ། རོགས་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གསར་གཏོད་ཐོན་ཁུངས་བསྡུ་རུབ་བྱེད་པ། གསར་གཏོད་བེད་སྤྱོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ཕྱོགས་མང་པོར་རྐང་བཙུགས་ནས། ཚན་རྩལ་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་མཉམ་འབྲེལ་བྱེད་ཐབས་གྲུབ་པར་བྱས།

ཉིས་སྟོང་ཉེར་གཉིས་ལོར། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མཐོ་གསར་ལག་རྩལ་ཁེ་ལས་དང་ཞིང་ཆེན་རིམ་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་ལ་ཞིབ་འཇུག་གསར་གཏོད་གྲོན་དངུལ་དང་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་གསུམ་ཁྲི་གཉིས་བྱིན་པ་དང་། ཉིས་སྟོང་བཅུ་དྲུག་ལོ་དང་བསྡུར་ན་ལྡབ་གཉིས་ལྷག་འཕར་སྣོན་བྱུང་ལ། བྱ་དགའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ་བརྒྱུད་དེ། རིམ་པ་བཞིན་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་རྒྱབ་བརྟེན་ནས་ཚོང་རའི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་གཏོང་བར་སྣེ་ཁྲིད་བྱས་པ་དང་། ཚན་རྩལ་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།


མཉམ་སྤྱོད།