མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས24ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས2023ལོའི་དུས་ཆེན་གཉིས་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ།

2022-12-25 15:50:57   |   3132

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  རྒྱང་བརྙན་འཕྲིན་ཁང་།   དུས་ཚོད། 2022-12-25


ཟླ12པའི23ཉིན། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་དོན་འཁྱོལ་བྱེད་པ། ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱི་དྲོད་ཁོལ་དུས་ཐོག་ཏུ་རྒྱ་ཆེའི་ལས་བཟོ་བའི་སེམས་ཁོང་དུ་སྐྱེལ་བ། རྒྱ་ཆེའི་ལས་བཟོ་པས་སྤྲོ་སྐྱིད་ཞི་འཇགས་ཀྱི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་ཞིག་རོལ་བར་ཁག་ཐེག་བྱེད་ཆེད། ཉེ་སྔོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཉིས་སྟོང་ཉེར་གསུམ་ལོའི་དུས་ཆེན་གཉིས་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཁེ་ལས་དང་འཁོར་ཁང་། ཚོ་ཆུང་། བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་དང་། རིམས་ནད་ཀྱིས་གནོད་པ་ཐེབས་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་དཀའ་ཁག་ལ་ཐུག་པའི་དམངས་གཉེར་ཁེ་ལས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཁྲོད་ཀྱི་དཀའ་ཁག་ཆེ་བའི་ཁེ་ལས། ཐོན་ནུས་ལྷག་མ་མེད་པར་བཟོ་བའི་ལས་འགན་ལྕི་བའི་ཁེ་ལས་བཅས་ལ་འཚམས་འདྲི་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་བབ་དང་དཀའ་ཁག་བྱུང་བའི་རྒྱུ་རྐྱེན། ལས་བཟོ་བ་བཀོད་སྒྲིག་དང་སྲིད་ཇུས་ཐོབ་ཐང་ལག་བསྟར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། གཙོ་བོར་དཀའ་ཁག་ཅན་གྱི་ལས་བཟོ་བ་དང་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ། རིམས་ནད་འགོག་སྡོམ་ཐད་ཀྱི་མི་སྣ་སྣ་ཚོགས། ངལ་རྩོལ་དཔེ་ལེགས་ཅན། བཟོ་སྐྲུན་པ། རྩལ་ནུས་འཇོན་མི། དུས་ཆེན་སྐབས་སུ་ལས་རྐང་བརྟན་སྲུང་བྱས་པའི་ལས་བྱེད་པ་དང་ལས་བཟོ་བ་སོགས་ལ་འཚམས་འདྲི་བྱས་པ་དང་། ལྷག་པར་དུ་རིམས་ནད་ཀྱི་གནོད་པའི་དབང་གིས་འཚོ་བར་དཀའ་ཁག་བྱུང་བའི་ལས་བཟོ་བའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་ནས། གནད་དོན་དངོས་ཐག་གཅོད་པར་རོགས་བྱས་པ་དང་། ཁྱིམ་ཚང་གི་གཞི་རྩའི་འཚོ་བར་འགན་སྲུང་བྱས།

དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་སྐབས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་མཐིལ་རྟོགས་ཞིབ་བཤེར་གཏིང་ཟབ་ཏུ་སྤེལ་བ་དང་། གཙོ་བོར་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ་དང་དཀའ་ཁག་ཆེ་བའི་ཁེ་ལས་ཀྱི་ལས་བཟོ་བ་སོགས་དམིགས་བསལ་མི་ཚོགས་ལ་དོ་སྣང་བྱེད་པ། ལས་ཤོར་དང་ནད་ལྕི་མོ་བྱུང་བ། ལས་རྐྱེན་འཆི་རྨས། རིགས་མི་འདྲ་བའི་གནོད་འཚེ་དང་ཡང་ན་གློ་བུར་བྱུང་བའི་དོན་རྐྱེན་སོགས་གནས་ཚུལ་གྱི་དབང་གིས་འཚོ་བར་དཀའ་ཁག་བྱུང་བའི་ལས་བཟོ་པར་དུས་ཐོག་ཏུ་རོགས་སྐྱོར་བྱེད་པ། ཡིག་ཚགས་འཛུགས་པའི་ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཅན་གྱི་ལས་བཟོ་པ་ཡིག་ཚགས་འཛུགས་པའི་ཁྲོད་འཇོག་པ། གཙོ་བོར་དཀའ་སེལ་གཏན་འཇགས་མིན་པའི་ཁྱིམ་ཚང་དང་དཀའ་ཁག་འབྱུང་སླ་བའི་ཁྱིམ་ཚང་། ནད་བྱུང་བ་དང་གནོད་འཚེའི་དབང་གིས་གཞི་རྩའི་འཚོ་བར་དཀའ་ཁག་ཆེ་བའི་ལས་བཟོ་བའི་ཁྱིམ་ཚང་བཅས་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་བྱེད་རྒྱུ་ཡིན་པ་དང་། ཧ་ཅང་དཀའ་ཁག་ཆེ་བ་དང་ཅུང་དཀའ་ཁག་ཆེ་བ། གློ་བུར་དུ་བྱུང་བའི་དོན་རྐྱེན་དབང་གིས་དཀའ་ཁག་བྱུང་བ་སོགས་རིགས་མི་འདྲ་བའི་དཀའ་ཁག་ཅན་གྱི་ལས་བཟོ་བའི་ཁྱིམ་ཚང་ལ་གནད་ཕིགས་སྲིད་སྤྱོད་དང་རིགས་བགར་རོགས་སྐྱོར་བྱས་ཏེ། ཡིག་ཚགས་བཙུགས་པའི་དཀའ་ཁག་ཅན་གྱི་ལས་བཟོ་བའི་ཁྱིམ་ཚང་ལ་འཚོ་བའི་ཁ་གསབ་དང་འཚམས་འདྲི་དངུལ་སྟེར་རྒྱུ་རེད།

དེ་དང་མཉམ་དུ། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་དང་ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པར་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་གཉིས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། བཟོ་ཚོགས་རོགས་སྐྱོར་ཞབས་ཞུ་ལྟེ་གནས་དང་ཕྱི་རོལ་ངལ་རྩོལ་པའི་ཞབས་ཞུ་ས་ཚིགས་ཀྱི་རྩོལ་ནུས་སྔར་ལས་རྒྱ་བསྐྱེད་པ། ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ་དང་ཞིང་བ་ཞོར་ལས་པ་སོགས་མི་ཚོགས་ཀྱི་དགོས་མཁོ་གཙིགས་སུ་འཛིན་པ། ས་བབ་དང་བསྟུན་པ་དང་ཐོན་ཁུངས་མཉམ་བསྲེས་བྱས་ནས། གསར་གཏོད་སྒོས་གཟིགས་སྐྱོང་ཞབས་ཞུའི་ལས་གཞི་སྤེལ། སྲིད་གཞུང་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རྟོག་སེལ་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་ཟླ་ཕོགས་ཆད་འཇོག་གི་ཉེན་ཁ་རྙེད་པ་དང་ཐག་གཅོད་རྒྱུ་ཡིན་ལ། ཁེ་ལས་ཀྱིས་ཟླ་ཕོགས་མ་བྱིན་པའི་དབང་གིས་འཚོ་བར་དཀའ་ཁག་བྱུང་བའི་ཞིང་བ་ཞོར་ལས་པར། ཁྲིམས་སྲོལ་ལྟར་བཅའ་ཁྲིམས་ཀྱི་རོགས་སྐྱོར་དང་འཚོ་བའི་རོགས་སྐྱོབ་འདོན་སྤྲོད་བྱེད་རྒྱུ་རེད། ལོ་སར་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་པའི་ཞིང་བ་ཞོར་ལས་པར་ཐུག་པའི་དཀའ་ཐག་གཅོད་པར་རོགས་བྱེད་པ་དང་། ས་དེ་ནས་ལོ་སར་ལ་རོལ་བའི་ཞིང་བ་ཞོར་ལས་པར་ཁ་ཕྱོགས་ནས་རྣམ་པ་མང་པའི་ཞབས་ཞུ་བྱ་འགུལ་སྤེལ་ནས། ཁོ་ཚོའི་དུས་ཆེན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།


མཉམ་སྤྱོད།