དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ས་གནས་སོ་སོའི་གསར་འགྱུར་ལས་ཁུངས་ཁག་གིས་ཉིས་སྟོང་ཉེར་གསུམ་ལོའི“ལུགས་རྙིང་ལོ་སར་སྐབས་སུ་གཞི་རིམ་དུ་བསྐྱོད་པའི”བྱེད་སྒོ་ནན་ཏན་ངང་སྤེལ་དགོས་པའི་བླང་བྱ་བཏོན།

2023-01-08 11:21:03   |   4030

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  ཞིན་ཧྭ་གསར་འགྱུར་དྲ་བ།      ལོ་ཙཱ། བན་དེ་སྐྱབས།


ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་བརྡ་ཐོ་བཏང་སྟེ། ས་གནས་སོ་སོའི་གསར་འགྱུར་ལས་ཁུངས་ཁག་གིས“ལུགས་རྙིང་ལོ་སར་སྐབས་སུ་གཞི་རིམ་དུ་བསྐྱོད་པའི”བྱེད་སྒོ་ནན་ཏན་གྱིས་སྤེལ་རྒྱུ་དང་། རྩོམ་སྒྲིག་པ་དང་གསར་འགོད་པ་རྩ་འཛུགས་བྱས་ནས་གཞི་རིམ་གྱི་ལས་ཡུལ་དངོས་ལ་བཅར་འདྲིར་ཕྱིན་ནས།  “རྐང་རྩལ་དང་མིག་རྩལ། ཀླད་རྩལ། འབྲི་རྩལ”བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ལ། ས་གནས་སོ་སོས་གཅིག་གྱུར་སྒོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ཁྱོན་ཡོངས་ནས་མཚོན་པར་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་ངང་ནས་ལུགས་རྙིང་ལོ་སར་སྐྱིད་པོ་རོལ་བཞིན་པའི་རྣམ་པ་གསོན་ཉམས་ལྡན་པའི་ངང་མངོན་ཅི་ཐུབ་བྱེད་རྒྱུ་དང་། གཞི་རིམ་མང་ཚོགས་རང་ངོས་ཀྱི་ལས་ཀ་དང་འཚོ་བའི་འགྱུར་ལྡོག་དང་རང་ཉིད་ཀྱི་མྱོང་སྣང་བཅས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྡུད་བཅས་བྱེད་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།