མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ལིས་ཁི་ཆང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་ཨར་ཏཱ་ཨར•པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་ཐུག་འཕྲད་བྱས།

2023-01-08 11:41:09   |   3073

རྩོམ་སྒྲིག  སངས་དོན།    ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།     ལོ་ཙཱ། བན་དེ་སྐྱབས།


1673149460529907.jpg

        ཟླ1པོའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ལ་ཐུག་འཕྲད་བྱས།

       ལིས་ཁི་ཆང་གིས་ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སོ་གཅིག་འཁོར་བའི་སྐབས་དང་བསྟུན་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པར་དགའ་བསུ་ཞུས་ཏེ་བསྟན་དོན།  རྒྱལ་ཁབ་གཉིས་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱོགས་གཉིས་ཀས་དུས་ཡུན་རིང་པོར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་བའི་དབང་གིས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། དེ་རིང་སྔ་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲུབ་འབྲས་ལྡན་པའི་སྒོ་ནས་གྲོས་མོལ་གནང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
       ལིས་ཁི་ཆང་གིས་ནུས་ཁུངས་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ཀྱི་རྟེན་གཞི་གལ་ཆེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རང་བྱུང་སོལ་རླངས་ཀྱི་འདྲེན་སྦུག་འཛུགས་སྐྲུན་སོགས་ཐད་ཀྱི་ལས་དོན་ལ་སྐུལ་འདེད་གང་མགྱོགས་བཏང་ནས། སྔར་ལས་ལེགས་པའི་སྒོ་ནས་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཕྱོགས་གཉིས་ཀའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་བའི་གན་རྒྱར་གཞིགས་ཏེ། ཀྲུང་གོར་སོལ་རླངས་མཁོ་འདོན་བརྟན་པོ་བྱེད་རྒྱུ་དང་། ལྷག་པར་དུ་དགུན་དུས་སུ་ཀྲུང་གོར་སོལ་རླངས་མཁོ་འདོན་ཐད་འགན་ལེན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས། བཀོད་ཟིན་པའི《ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན སྲིད་གཞུང་གི་དཔལ་འབྱོར་འབྲེལ་བ་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་མཉམ་ལས་འཆར་འགོད》དོན་འཁྱོལ་ཡག་པོ་བྱས་ཏེ། སྔོན་ལ་དཔལ་འབྱོར་མཉམ་ལས་ལས་གཞིའི་རྩིས་ཐོ་ལ་གྲོས་མོལ་གང་མགྱོགས་བྱས་ནས་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་མང་པོས་ཐུའུ་ཁུའུ་མན་སི་ཐན་དུ་དངུལ་གཏོང་ལས་བསྐྲུན་བྱེད་པར་སྐུལ་ལྕག་གཏོང་རྒྱུ་ཡིན་ལ། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཁེ་ལས་དེ་དག་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་རེ་ལྟོས་ཡོད། ཐུའུ་ཁུའུ་མན་སི་ཐན་ནི་དུས་ནམ་ཡང་བར་གནས་རྒྱལ་ཁབ་ཅིག་ཡིན་པས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།
       ཞེ་ཨར་ཏཱ་ཨར·པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ་ཡིས་རྒྱལ་ཁབ་གཉིས་བར་མཛའ་མཐུན་ཟབ་མོ་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། ནུས་ཁུངས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་སྔར་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱེད་འདོད་ཡོད།  ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་གིས་ཐུའུ་ཁུའུ་མན་སི་ཐན་དུ་དངུལ་གཏོང་ལས་བསྐྲུན་བྱེད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།
      ཝང་དབྱི་དང་ཧི་ལིས་ཧྥུན་ཐེངས་འདིའི་ཐུག་འཕྲད་ལ་ཞུགས།


མཉམ་སྤྱོད།