རྩོམ་སྒྲིག སངས་དོན། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ། གཡང་སྐྱིད།
སློབ་གསོ་པུའུ་ཡིས་ལས་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མར་སྒྲིག་ཁོངས་དང་ལས་གནས་ཡོད་པ་འགན་སྲུང་བྱ་རྒྱུ་ཞེས་བསྟན།།
ཚེས9ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར《སྐབས23པའི་སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མའི་ལས་ཞུགས་བྱ་བ་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས། བརྡ་ཐོའི་ནང་། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ཁག་གིས་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མའི་ཆེད་དོན་ལས་བསྡུའི་བྱེད་སྒོ་རྒྱུན་མཐུད་ངང་སྒྲིག་འཛུགས་བྱས་ནས་སྒྲིག་ཁོངས་སྟོང་པ་སྔོན་ལ་བེད་སྤྱད་དེ། བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ལས་ཞུགས་ཀྱི་ཆ་རྐྱེན་དང་མཐུན་པའི་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མར་སྒྲིག་ཁོངས་ཡོད་ལ་ལས་གནས་ཀྱང་ཡོད་པར་འགན་སྲུང་་བྱས་ཏེ། “སྒྲིག་ཁོངས་ཡོད་ཀྱང་ཁ་གསབ་མེད་པའི”རིགས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན།
བརྡ་ཐོའི་ནང2023ལོའི་ཟླ5པའི་ཟླ་མཇུག་སྔོན་ལ། གཞུང་དངུལ་སྤྲད་པའི་དགེ་ཐོན་སློབ་མ90%ཡིས་ཁ་ཕྱོགས་གཉིས་ནས་སློབ་ཁྲིད་བྱེད་སའི་སློབ་གྲྭ་འདེམས་ཏེ་དགེ་རྒན་གྱི་ལས་འགན་ཁུར་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 2023ལོའི་ཟླ6པའི་ཟླ་མཇུག་ཏུ་ད་དུང་གན་རྒྱ་བཞག་མེད་པའི་གཞུང་དངུལ་སྤྲད་པའི་རྒན་འོས་སློབ་མས་རང་ཉིད་ཀྱི་ཡིག་ཚགས་དང་ཐེམ་ཐོ་སོགས་སློབ་ཁུངས་ཉར་སའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་དུ་སྤར་དགོས་པ་དང་། ཞིང་ཆེན་རིམ་པ་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཅིག་གྱུར་ཐོག དགེ་རྒན་དཀོན་པའི་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་བཀོད་སྒྲིག་བྱ་རྒྱུ་དང་། གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མ་སློབ་གྲྭ་ནས་མཐར་ཕྱིན་སྐབས་ངེས་པར་དུ་སློབ་ཁྲིད་བྱེད་སའི་སློབ་གྲྭ་བཀོད་སྒྲིག་བྱེད་དགོས།
བརྡ་ཐོ་གཞིར་བཟུང་། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་ཁག་གིས་གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མའི་ཁ་ཆད་དོ་དམ་ལ་ཤུགས་བསྣན་ནས། གཞུང་དངུལ་སྤྲད་པའི་དགེ་འོས་སློབ་མས་གཞུང་གྲོན་སློབ་གསོའི་གྲོས་མཐུན་ལག་བསྟར་ནན་པོ་བྱ་བར་ཁག་འགན་དུ་ལེན་དགོས་པའི་བླང་བྱ་བཏོན།