དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ད་ལོའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ཟླ7པའི་ཚེས8ཉིན་སྤེལ་འཆར་ཡོད།

2023-04-06 16:47:23   |   4190

རྩོམ་སྒྲིག   སངས་དོན།  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


2023ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གཉིས་པ་དེ་ཟླ7པའི་ཚེས8ཉིན་ཟི་ལིང་ནས་མགོ་ཚུགས་རྒྱུ་ཡིན་ཞིང་། ཟླ7པའི་ཚེས9ཉིན་ནས་ཚེས16ཉིན་བར་འགྲན་ཚིགས8ནས་འགྲན་སྡུར་བྱ་རྒྱུ་རེད། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ལས་རིགས་ཕྲེང་བསྟར་འགྲན་སྡུར་གྱི་བླང་བྱ་ལྟར།  འཛམ་གླིང་གི་མཐོ་རིམ་ལྕགས་རྟའི་དཔུང་སྡེ20ཡས་མས་གདན་ཞུ་བྱ་འཆར་ཡོད། 

000.png

སྐབས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱིས་དཀའ་ཁག་ཆེ་ལ་ས་བབ་མཐོ་བའི་ཁྱད་ཆོས་རྒྱུན་སྐྱོང་བའི་རྨང་གཞིའི་སྟེང་། “གནས་བཞི”འཛུགས་སྐྲུན་ལ་སྦྱར་ནས“ལྷད་མེད། མི་ཆོས། འཆམ་མཐུན། མྱོང་རོལ།”ཞེས་པའི་བརྗོད་བྱང་འགྲན་སྡུར་སྒྲིག་འཛུགས་དང་བརྒྱུད་སྒྲོག་གི་གོ་རིམ་ཧྲིལ་བོར་ཁྱབ་ཏུ་བཅུག་ནས། རབ་མཛེས་མཚོ་སྔོན་གྱི་ཕུགས་འདུན་ལ་སྙེག་པའི་འཁོར་འགྲོས་རླུང་བཞིན་མདུན་ཕྱོགས་སུ་མཆོང་རྒྱུ་རེད།

111.png


མཉམ་སྤྱོད།