མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས23ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་
རྩོམ་གྲུབ་ཟླ་ཚེས། 0000-00-00 00:00:00
སྒྲོག་སྤེལ་དུས་ཚོད། 2022-12-22 07:45:33
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0000-00-00 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཕྱོགས་སྟོན།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཕྱོགས་སྟོན།

2022-12-22 07:45:33   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་

སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་ཀྱི་ཞབས་ཞུ་སྔར་བས་ལེགས་པོ་མཁོ་འདོན་བྱས་ནས་སྤྱི་དམངས་ཀྱིས་མགྱོགས་མྱུར་དང་གནད་ལ་ཁེལ་བའི་སྒོ་ནས་ཁྲིམས་ལྟར་སྤྱི་བསྒྲགས་བྱས་པའི་སྲིད་གཞུང་ཆ་འཕྲིན་འཚོལ་བཤེར་བྱེད་པར་སྟབས་བདེ་བཟོ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གཞིར་བཟུང་ཐོག  《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཕྱོགས་སྟོན》(གཤམ་དུ《ཕྱོགས་སྟོན》ཞེས་བསྡུ་རྒྱུ)སྒྲིག་འབྲི་བྱས་པ་ཡིན།  སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་དག་གིས་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དྲ་ཚིགས་ཀྱི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཆེད་སྒྲིག་ལེ་ཚན་བརྒྱུད་ནས《ཕྱོགས་སྟོན》ལྟ་ཀློག་བྱེད་ཆོག་ལ།  སྲིད་གཞུང་གི་ཆ་འཕྲིན་ལྟ་ཀློག་བྱེད་ཡུལ་དུའང་ལྟ་ཀློག་བྱེད་ཆོག

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་འགན་འཁུར་ཡོད།  ཞིབ་ཕྲའི་སྒྲུབ་འགན་འཁུར་མཁན་ལས་ཁུངས་ནི་ཁུལ་སྲིད་གཞུང་གི་གློག་རྡུལ་སྲིད་དོན་ལྟེ་གནས་ཡིན།

བློ་འདྲི་འབྲེལ་གཏུག་ཁ་པར།   0970-8646680  

ཡིག་སྒམ།      hbzxgk 126.com

རེ་ཞུའི་ཆ་འཕྲིན་སྤྱི་བསྒྲགས་ཀྱི་དྲ་གནས།

གཅིག  ཆ་འཕྲིན་རིགས་དབྱེ་དང་སྒྲིག་འགོད་མ་ལག

རང་ལས་ཁུངས་ཀྱི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པར་བརྗོད་དོན་ལ་ལྟོས་ནས་རིགས་དབྱེའི་བྱེད་པའི་ཐབས་ཤེས་བེད་སྤྱོད་བྱས་ཡོད།   དེའི་ནང་རིམ་པ་དང་པོའི་རིགས་དང་རིམ་པ་གཉིས་པའི་རིགས་བཅས་རིམ་པ་གཉིས་ཡོད་ལ། དེའི་ཁྲོད། རིམ་པ་དང་པོའི་རིགས་ཀྱི་རྣམ་གྲངས20དང་རིམ་པ་གཉིས་པའི་རིགས་ཀྱི་རྣམ་གྲངས123ཡོད།

བྱེ་བྲག་ཏུ《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་དཀར་ཆག》ལ་ཟུར་ལྟ་བྱེད་དགོས། ལྟ་ཀློག་བྱེད་སྟངས་《ཕྱོགས་སྟོན》དང་གཅིག་མཚུངས་ཡིན།

གཉིས། རང་འགུལ་གྱིས་སྤྱི་བསྒྲགས་བྱེད་པ།

(གཅིག)སྤྱི་བསྒྲགས་ཁྱབ་ཁོངས།

རང་ལས་ཁུངས་ཀྱི་འགན་འཁྲིའི་ཁྱབ་ཁོངས་ནང་། གཤམ་གསལ་གྱི་སྲིད་གཞུང་ཆ་འཕྲིན་སྣ་ཚོགས་རང་འགུལ་ངང་སྤྱི་བསྒྲགས་བྱེད་འགན་འཁུར་དགོས་པ་སྟེ།

1.   ཁུལ་སྲིད་གཞུང་གི་མགོ་ཁྲིད་ཁོངས་མི་དང་ལས་བགོས།

2   .ཁུལ་སྲིད་གཞུང་གི་ལས་དོན་སྒྲིག་གཞི་འཛུགས་སྟངས་དང་འགན་ནུས་གཙོ་བོ།

3.   ཁུལ་སྲིད་གཞུང་གི་སྲིད་འཛིན་ཁྲིམས་སྲོལ་དང་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ།

4.   ཁུལ་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་ནོར་སྲིད་སྔོན་རྩིས་དང་ངེས་རྩིས་སྙན་ཞུ།

5.   མཚོ་བྱང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྡོམ་རྩིས་ཆ་འཕྲིན་གཙོ་བོ།

6.   མཚོ་བྱང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང་། ཆེད་དོན་འཆར་འགོད། ས་ཁོངས་འཆར་འགོད། དེ་བཞིན་འབྲེལ་ཡོད་སྲིད་ཇུས།

7.   འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་ཆོག་མཆན་འགོད་པ་དང་ལག་བསྟར་བྱས་ཚུལ།

8. སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་བསྡུ་བའི་རྣམ་གྲངས་དང་གཞི་འཛིན་ས། ཚད་གཞི།

9. སྲིད་གཞུང་གི་གཅིག་བསྡུ་ཉོ་སྒྲུབ་རྣམ་གྲངས་ཀྱི་དཀར་ཆག་དང་ཚད་གཞི། ལག་བསྟར་བྱས་ཚུལ།

10 .སྲིད་འཛིན་བཀའ་འཁྲོལ་གྱི་དོན་ཚན་དང་གཞི་འཛིན་ས། ཆ་རྐྱེན། གྲངས་འབོར། གོ་རིམ། དུས་བཀག་བཅས་དང་དེ་བཞིན་སྲིད་འཛིན་བཀའ་འཁྲོལ་རེ་ཞུ་བྱེད་པར་འབུལ་དགོས་པའི་དཔྱད་ཡིག་ཡོངས་ཀྱི་དཀར་ཆག་དང་སྒྲུབ་ཚུལ།

11 .དབུལ་སྐྱོར་དང་སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། ལས་ཞུགས་སྐུལ་འདེད་སོགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས།  དེ་དག་ལག་བསྟར་བྱས་ཚུལ།

12. ཁོར་ཡུག་སྲུང་སྐྱོང་དང་སྤྱི་པའི་འཕྲོད་བསྟེན། བདེ་འཇགས་ཐོན་སྐྱེད། ཟས་རིགས་དང་སྨན་རྫས། ཐོན་རྫས་ཀྱི་སྤུས་ཚད་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ།

13. གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་དང་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན།  ཁ་གཏད་གཅོག་ཚུལ།

14. མཁར་གྲོང་འཛུགས་སྐྲུན་དང་དོ་དམ་བྱེད་པའི་དོན་དག་གལ་ཆེན།

15. སྤྱི་ཚོགས་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་བྱས་ཚུལ།

16. ས་ཆ་བསྡུ་ལེན་ནམ་བསྡུ་སྤྱོད། ཁང་པ་བཤིག་སྤོ་དང་དེའི་གུན་གསབ། ཁ་གསབ་གྲོན་དངུལ་གཏོང་སྤྲོད་དང་བཀོལ་སྤྱོད་བྱས་ཚུལ།

17.  ཉེན་སེལ་གུད་སྐྱོབ་དང་གཟིགས་སྐྱོང་། རྒུད་སྐྱོབ། སྤྱི་ཚོགས་ཀྱི་ཞལ་འདེབས་སོགས་དངུལ་དང་དངོས་པོའི་དོ་དམ་དང་།བེད་སྤྱོད། བགོ་བཤའ་བཅས་བྱས་ཚུལ།

18 . ཁུལ་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་ཀྱི་ལོ་འཁོར་ལས་ཀའི་གཙོ་གནད།

19. རིམ་པ་སོ་སོའི་སྲིད་གཞུང་དང་དེའི་ཁོངས་གཏོགས་སྡེ་ཁག་གི་ལས་ཀའི་གནས་ཚུལ་མཚོན་པའི་འགུལ་རྣམ་རིགས་ཀྱི་ཆ་འཕྲིན།

20 . རང་འགུལ་ངང་སྤྱི་བསྒྲགས་བྱེད་དགོས་པའི་སྲིད་གཞུང་གི་ཆ་འཕྲིན་གཞན་དག

(གཉིས)སྤྱི་བསྒྲགས་བྱེད་སྟངས།

1. མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དྲ་ཚིགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་དྲ་ཚིགས་ཐོག་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་ཀྱི་ཆེད་སྒྲིག་ལེ་ཚན་བཟོ་བ་དང་། སྤྱི་དམངས་ཀྱིས་མཉམ་འབྲེལ་རྒྱའི་ནང་ཞུགས་ནས་མཚོ་བྱང་ཁུལ་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་དཀར་ཆག་གི་ཁྲིད་སྟོན་བརྒྱུད་དེ་མཚོ་བྱང་ཁུལ་སྲིད་གཞུང་དང་། རྫོང་སྲིད་གཞུང་། ཁུལ་རིམ་པའི་སྲིད་འཛིན་ལས་ཁུངས་བཅས་ཀྱིས་སྤྱི་བསྒྲགས་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་འཚོལ་ཆོག་པ་ཡིན།

2.《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》

3.  བྱེད་སྟངས་གཞན་དག

སྤྱི་དམངས་ཀྱིས་ཁུལ་ཡིག་ཚགས་ཁང་དང་། མཚོ་བྱང་ཁུལ་སྲིད་འཛིན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སོགས་སྲིད་གཞུང་ཆ་འཕྲིན་གྱི་སྤྱི་པའི་ལྟ་ཞིབ་ས་ཚིགས་སུ་སོང་ནས་ལྟ་ཀློག་བྱེད་ཆོག  གསར་འགྱུར་སྤྱི་བསྒྲགས་ཚོགས་འདུ་དང་དེ་བཞིན་ཚགས་པར་དང་དུས་དེབ། རླུང་འཕྲིན། བརྙན་འཕྲིན་སོགས་སྨྱན་སྦྱོར་བརྒྱུད་དེ་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་ཆོག

(གསུམ)སྤྱི་བསྒྲགས་དུས་ཚད།

སྡེ་ཁག་དེས་རང་འགུལ་ངང་སྤྱི་བསྒྲགས་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་དེ། སྲིད་གཞུང་གི་ཆ་འཕྲིན་གྲུབ་པའམ་ཡང་ན་འགྱུར་ལྡོག་བཏང་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས20ཡི་ནང་སྤྱི་བསྒྲགས་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་དུས་བཅད་ལ་གཏན་འབེབས་གཞན་ཡོད་ཚེ། གཏན་འབེབས་དེ་དང་བསྟུན་དགོས།

གསུམ།  རེ་ཞུ་ལྟར་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ།

རང་འགུལ་ངང་སྤྱི་བསྒྲགས་བྱས་པའི་སྲིད་གཞུང་གི་ཆ་འཕྲིན་ཕུད། སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་དག(གཤམ་དུ་རེ་འདུན་ཞུ་མཁན་ཞེས་བསྡུ་རྒྱུ)གིས་རང་ངོས་ཀྱི་ཐོན་སྐྱེད་དང་། འཚོ་བ། ཚན་ཞིབ་སོགས་ཀྱི་དམིགས་བསལ་གྱི་དགོས་མཁོ་གཞིར་བཟུང་ནས་མཚོ་བྱང་ཁུལ་སྲིད་གཞུང་དང་དེ་བཞིན་ཁུལ་རིམ་པའི་སྲིད་འཛིན་ལས་ཁུངས་ལ་འབྲེལ་ཡོད་སྲིད་གཞུང་གི་ཆ་འཕྲིན་ཐོབ་རྒྱུའི་རེ་ཞུ་བྱེད་ཆོག

(གཅིག)རེ་འདུན་ཞུ་བ།

རང་ལས་ཁུངས་ལ་སྲིད་གཞུང་གི་ཆ་འཕྲིན་ཐོབ་པའི་རེ་ཞུ་བྱེད་སྐབས། ཡིག་ཐོག་ནས《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུའི་རེའུ་མིག》(གཤམ་དུ་བསྡུས་མིང་ལ《རེ་ཞུའི་རེའུ་མིག》ཅེས་འབྲི་རྒྱུ་ཡིན། ཟུར་བཀོད་རེའུ་མིག1ལ་ལྟོས)འབྲི་དགོས། 《རེ་ཞུའི་རེའུ་མིག》གི་གློག་རྡུལ་པར་གཞི་དེ་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་ཚིགས་ཀྱི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཆེད་སྒྲིག་ལེ་ཚན་ནང་ཕབ་ལེན་བྱས་ཆོག་པ་དང། བསྐྱར་དཔར་བྱས་ནའང་ཆོག

རེ་འདུན་ཞུ་མཁན་གྱིས་རེ་ཞུའི་ཆ་འཕྲིན་གྱི་གནས་ཚུལ་ཞིབ་འབྲི་ཞིབ་ཚགས་དང་ཁ་གསལ་གང་ཐུབ་བྱེད་དགོས། གལ་ཏེ་བྱེད་ཐུབ་ན། ཆ་འཕྲིན་དེའི་ཁ་བྱང་དང་སྤྱི་བསྒྲགས་དུས་ཚོད། ཡིག་ཨང་ངམ་ཡང་ན་སྡེ་ཁག་དེ་གའི་ཆ་འཕྲིན་གྱི་ནང་དོན་གཏན་ཁེལ་བྱེད་པར་ཕན་པའི་དྲན་སྐུལ་གཞན་དག་མཁོ་འདོན་བྱེད་དགོས།

1.རང་ལས་ཁུངས་ཀྱིས་ཡིག་ཐོག་ནས་ཕུལ་བའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་བདག་སྤྲོད་བྱེད་དགོས།

རེ་འདུན་ཞུ་མཁན་གྱིས《རེ་ཞུའི་རེའུ་མིག》ཐད་ཀར་འབུལ་བ་ཕུད། རེ་འདུན་ཞུ་མཁན་གྱིས་འཕྲིན་ཡིག་གི་རྣམ་པའི་ཐོག་ནས་རེ་འདུན་ཞུ་བའི་རིགས། ཡིག་ཤུབས་ཀྱི་གཡོན་ཟུར་དུ་“སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་རེ་ཞུ”ཞེས་པའི་ཡི་གེ་གསལ་པོར་འབྲི་དགོས། རེ་འདུན་ཞུ་མཁན་གྱིས་གློག་འཕྲིན་དང་བརྙན་སྐྱེལ་གྱི་ཐབས་ལམ་བརྒྱུད་ནས་རེ་ཞུ་བཏོན་རིགས། “སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་རེ་ཞུ”ཞེས་པའི་ཡི་གེ་དེར་བསྟུན་གྱིས་གསལ་བོར་འགོད་དགོས།

2.རང་ལས་ཁུངས་ཀྱིས་དྲ་སྦྲེལ་བརྒྱུད་ནས་བཏོན་པའི་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་རེ་ཞུ་བདག་སྤྲོད་བྱེད་དགོས།

རེ་འདུན་ཞུ་མཁན་གྱིས་དྲ་སྦྲེལ་བརྒྱུད་གློག་རྡུལ་པར་གཞིའི《རེ་ཞུའི་རེའུ་མིག》བྲིས་ནས་རང་ལས་ཁུངས་ལ་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་ཕུལ་བ་བདག་སྤྲོད་བྱེད་པ།

3.རང་ལས་ཁུངས་གྱིས་གནས་སྐབས་སུ་ཁ་པར་དང་འཕྲིན་ཐུང་སོགས་ཀྱི་ཐབས་ལ་བརྟེན་ནས་བཏོན་པའི་རེ་ཞུ་བདག་སྤྲོད་མི་བྱེད་མོད། འོན་ཀྱང་རེ་ཞུ་བྱེད་མཁན་གྱིས་ཁ་པར་ལ་བརྟེན་ནས་དེ་མཚུངས་ཀྱི་ཞབས་ཞུའི་ལས་སྒོ་འདྲི་རྩད་བྱས་ཆོག

(གཉིས)ཐག་གཅོད་རེ་ཞུ་བྱེད་པ།

རང་ལས་ཁུངས་ལ་སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་དག་གིས་བཏོན་པའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་འབྱོར་རྗེས། དགོས་མཁོར་གཞིགས་ནས་དེ་མཚུངས་ཀྱི་བྱེད་ཐབས་སྤྱད་དེ་རེ་འདུན་ཞུ་མཁན་གྱི་ཐོབ་ཐང་ཞིབ་བསྡུར་བྱེད་དགོས།

རང་ལས་ཁུངས་ལ་རེ་ཞུ་འབྱོར་རྗེས། རྣམ་པའི་སྟེང་ནས་རེ་ཞུ་བྱས་པའི་ཆ་རྐྱེན་ཆ་ཚང་ཡིན་མིན་ལ་ཞིབ་བཤེར་བྱེད་པ་དང་། ཆ་རྐྱེན་ཆ་ཚང་མིན་པའི་རེ་ཞུ་ཕྱིར་སློག་བྱས་ཏེ། རེ་འདུན་ཞུ་མཁན་གྱིས་ཆ་འཕྲིན་ཁ་གསབ་བྱེད་པའི་རེ་བ་འདོན་དགོས།

རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་རེ་ཞུར་ངེད་ལས་ཁུངས་ཀྱིས་གནས་ཚུལ་མི་འདྲ་བར་གཞིགས་ནས་སོ་སོར་ལན་འདེབས་རྒྱུ། ཞིབ་ཏུ 《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་རེ་ཞུའི་བརྒྱུད་རིམ་ཐག་གཅོད་བྱེད་པ》(རེའུ་མིག2པར)གསལ།

རང་ལས་ཁུངས་གྱིས་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་སྒྲུབ་སྐབས།  དུས་ཐོག་ཏུ་ལན་འདེབས་ཐུབ་རིགས་ལ་ས་དེ་གར་ལན་འདེབས་དགོས། དུས་ཐོག་ཏུ་ལན་འདེབས་མི་ཐུབ་པའི་རིགས་ལ། རེ་འདུན་ཞུ་ཡིག་འབྱོར་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས15ནང་ཚུན་དུ་ལན་འདེབས་དགོས། ལན་འདེབས་དུས་བཀག་རིང་དུ་གཏོང་དགོས་པར། སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ལས་དོན་སྒྲིག་གཞིའི་འགན་འཁུར་བའི་མོས་མཐུན་ཐོབ་པ་བརྒྱུད། ལན་འདེབས་དུས་ཚོད་ནར་འགྱངས་བྱེད་པའི་ལས་ཀའི་ཉིན15ལས་མི་བརྒལ་བ་མ་ཟད།  རེ་འདུན་ཞུ་མཁན་ལ་གསལ་བཤད་བྱེད་དགོས། 《སྲོལ་ཡིག》ལས་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་གཞིར་འཛིན་དགོས། དམིགས་བསལ་གྱི་གནས་ཚུལ་བྱུང་ན། དམིགས་བསལ་གྱི་གནས་ཚུལ་ལྟར་ཐག་གཅོད་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་རེ་འདུན་ཞུ་མཁན་ལ་གསལ་བཤད་དགོས།

ལས་ཁུངས་དེ་གས་རེ་ཞུ་ལྟར་ཆ་འཕྲིན་འདོན་སྤྲོད་བྱེད་སྐབས། སྤྱི་བསྒྲགས་བྱེད་མི་འོས་པའི་ནང་དོན་ཕུད། ཆ་འཕྲིན་དེའི་དངོས་ཡོད་གནས་ཚུལ་ཁོང་དུ་ཆུད་པར་གཞིགས་ནས་འདོན་སྤྲོད་བྱེད་པ་ལས། ཆ་འཕྲིན་ལ་ལས་སྣོན་དང་། སྡོམ་རྩིས། ཞིབ་འཇུག  དབྱེ་ཞིབ་བཅས་མི་བྱེད་པའམ་ཡང་ན་ཐག་གཅོད་གཞན་དག་མི་བྱེད།

(གསུམ)གླ་རིན་བསྡུ་བའི་ཚད་གཞི།

ལས་ཁུངས་དེ་གས་རེ་ཞུ་ལྟར་སྲིད་གཞུང་ཆ་འཕྲིན་མཁོ་འདོན་བྱེད་པའི་གྲོན་བསྡུའི་ཚད་གཞི་དེ《མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གི་རེ་ཞུ་ལྟར་མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་རེ་ཞུ་ལྟར་སྲིད་གཞུང་གི་སྤྱི་བསྒྲགས་ཆ་འཕྲིན་གྲོན་བསྡུའི་ཚད་གཞི་དང་དེ་བཞིན་འབྲེལ་ཡོད་གནད་དོན་མཁོ་འདོན་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》(མཚོ་སྔོན་འཕེལ་རྒྱས་སྒྱུར་བཅོས་གྲོན་བསྡུའི〔2013〕ཨང1641པ)གཞིར་བཟུང་ནས་ལག་བསྟར་བྱེད་དགོས། བསྡུས་པའི་འགྲོ་གྲོན་ཚང་མ་ནོར་སྲིད་ལ་སྤྲོད་དགོས།

སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་བྱེད་པར་རེ་ཞུ་བྱེད་པའི་སྤྱི་དམངས་ལ་དཔལ་འབྱོར་གྱི་དཀའ་ཁག་ཡོད་ཚེ།  རང་ཉིད་ཀྱིས་འབྲེལ་ཡོད་གྲོན་དངུལ་ཆག་ཡང་དང་རྩ་ཆག་གཏོང་བའི་རེ་འདུན་ཞུ་ཆོག་པ་མ་ཟད། 《རེ་ཞུའི་རེའུ་མིག》གི་འབྲེལ་ཡོད་ལེ་ཚན་འབྲི་དགོས།

བཞི། སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱ་བའི་ལས་ཁུངས།

ལས་ཁུངས་དེ་གའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ལས་དོན་སྒྲིག་གཞི་ནི་མཚོ་བྱང་ཁུལ་སྲིད་གཞུང་གི་གློག་རྡུལ་སྲིད་དོན་ལྟེ་གནས་ཡིན། གཞུང་ལས་ས་གནས་ནི། མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་མཐོན་པོ་ལམ་ཨང4པ།  སྦྲག་ཨང་། 810299  འབྲེལ་གཏུག་ཁ་པར། 0970-8646680

ལྔ་པ། གཞན་དག

སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་གིས་ལས་ཁུངས་དེ་གས་འདོན་སྤྲོད་བྱས་པའི་རང་སྟེང་དང་འབྲེལ་བ་ཡོད་པའི་སྲིད་གཞུང་ཆ་འཕྲིན་གྱི་ཟིན་ཐོ་ཡང་དག་མིན་པར་འདོད་ན། ལས་ཁུངས་དེ་གར་དག་བཅོས་བྱ་རྒྱུའི་རེ་འདུན་ཞུས་ཆོག་པ་མ་ཟད། བདེན་དཔང་གི་རྒྱུ་ཆ་འདོན་སྤྲོད་བྱེད་དགོས། ལས་ཁུངས་དེ་གས་ཞུ་ཡིག་གཞིར་བཟུང་ཐོག དེ་མཚུངས་ཀྱི་ཐག་གཅོད་བྱེད་རྒྱུ་མ་ཟད། རེ་འདུན་ཞུ་མཁན་ལ་གསལ་བཤད་ཀྱང་བྱེད་དགོས། སྤྱི་དམངས་དང་ཁྲིམས་མི།  ཡང་ན་རྩ་འཛུགས་གཞན་དག་གིས་ལས་ཁུངས་དེ་གའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་འོས་འགན་ཁྲིམས་ལྟར་ལག་བསྟར་མ་བྱས་པར་ངོས་འཛིན་བྱས་ཚེ། ཁུལ་ལྟ་ཞིབ་ཅུ་ལ་ཞུ་གཏུག་དང་ཐེར་འདོན་བྱེད་ཆོག

སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་གིས་ལས་ཁུངས་དེ་གའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱ་བའི་ཁྲོད་ཀྱི་བྱེ་བྲག་གི་སྲིད་འཛིན་བྱ་སྤྱོད་ཀྱིས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བར་འདོད་ན། སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་དག་གིས་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཡོང་རེ་ཞུ་བའམ་ཡང་ན་སྲིད་འཛིན་གཏུག་བཤེར་བྱེད་ཆོག


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།