མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས།
རྩོམ་གྲུབ་ཟླ་ཚེས། 0000-00-00 00:00:00
སྒྲོག་སྤེལ་དུས་ཚོད། 2022-12-22 09:41:58
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0000-00-00 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་གསང་སྲུང་ཞིབ་བཤེར་དོ་དམ་བྱེད་ཐབས།

མཚོ་བྱང་ཁུལ་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་གསང་སྲུང་ཞིབ་བཤེར་དོ་དམ་བྱེད་ཐབས།

2022-12-22 09:41:58   |   རྩོམ་ཁུངས།

ལེའུ་དང་པོ།    སྤྱིའི་དོན་ཚན།

དོན་ཚན་དང་པོ། སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་མ་བྱས་གོང་གི་གསང་སྲུང་ཞིབ་བཤེར་ལས་ཀ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གསང་བའི་བདེ་འཇགས་འགན་ལེན་བྱེད་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས》དང་།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་གསང་སྲུང་ཞིབ་བཤེར་དོ་དམ་བྱེད་ཐབས》སོགས་བཅའ་ཁྲིམས་དང་།  ཁྲིམས་སྲོལ།   རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་གཞིར་བཟུང་ནས། རང་རེའི་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་འདི་བཟོས་པ་ཡིན།     

དོན་ཚན་གཉིས་པ། བྱེད་ཐབས་འདི་རང་རེའི་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང(སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་དང་།  སྲིད་གཞུང་གི་ཐད་གཏོགས་སྒྲིག་གཞི། སྲིད་གཞུང་སྡེ་ཁག་གི་དོ་དམ་སྒྲིག་གཞི།  ཐད་གཏོགས་དམིགས་འཛུགས་སྒྲིག་གཞི། དོན་གཅོད་སྒྲིག་གཞི། གྲོས་མོལ་མཐུན་སྦྱོར་སྒྲིག་གཞི། སྲིད་འཛིན་གྱི་འགན་ནུས་འཁུར་བའི་བྱ་གཞག་ཚན་པ་བཅས་ཚུད་ཡོད)གིས་ཡོངས་བསྒྲགས་བྱེད་རྩིས་ཡོད་པའི་སྲིད་གཞུང་ཆ་འཕྲིན་ལ་གསང་སྲུང་ཞིབ་བཤེར་བྱེད་དགོས།     

དོན་ཚན་གསུམ་པ།  བྱེད་ཐབས་འདིའི་ནང་བསྟན་པའི་སྲིད་གཞུང་ཆ་འཕྲིན་ཞེས་པ་ནི། སྲིད་འཛིན་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་བཟོས་པའམ་ཡང་ན་ཐོབ་པ་དང་།  རྣམ་པ་ངེས་ཅན་གྱི་ཐོག་ནས་ཐོ་འགོད་དང་ཉར་ཚགས་བྱས་པའི་ཆ་འཕྲིན་ལ་ཟེར།     བྱེད་ཐབས་འདིའི་ནང་བསྟན་པའི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་ཞེས་པ་ནི། སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱེད་རྩིས་ཡོད་པའི་ཆ་འཕྲིན་དེ་རྒྱལ་ཁབ་ཀྱི་གསང་བ་དང་། ཚོང་ལས་ཀྱི་གསང་བ།  མི་སྒེར་གྱི་གསང་བ།  དེ་བཞིན་ཡོངས་བསྒྲགས་བྱས་རྗེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། དཔལ་འབྱོར་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་། ཡོངས་བསྒྲགས་ངང་ཞིབ་བཤེར་གྱི་མཇུག་བསྡོམས་བྱེད་པའམ་ཡང་ན་ཐག་གཅོད་བསམ་འཆར་འདོན་མིན་གྱི་བྱ་སྤྱོད་ལ་ཟེར།     

དོན་ཚན་བཞི་པ།  སྲིད་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། དམིགས་འཛུགས་ལས་ཁུངས(གཤམ་དུ་སྤྱི་མིང་ལ་གསང་སྲུང་ཞིབ་བཤེར་ལས་ཁུངས་ཞེས་འབོད་རྒྱུ་ཡིན)ཀྱིས་སྲིད་འཛིན་ལས་ཁུངས་དེའི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་ལས་ཀའི་འགན་འཁུར་དགོས།     

དོན་ཚན་ལྔ་པ། སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་ལས་དོན་ཐད“སྔོན་ལ་ཞིབ་བཤེར་བྱས་རྗེས་ཡོངས་བསྒྲགས་བྱེད་པ་དང་། སུས་ཡོངས་བསྒྲགས་བྱས་ཚེ་དེས་ཞིབ་བཤེར་བྱེད་པ།  སུས་ཞིབ་བཤེར་བྱས་ན་དེའི་འགན་འཁུར་དགོས།    རྒྱལ་ཁབ་ཀྱི་གསང་བའི་བདེ་འཇགས་འགན་ལེན་བྱེད་དགོས་ལ། ཆ་འཕྲིན་ཐོན་ཁུངས་ལུགས་མཐུན་ངང་སྤྱོད་རྒྱུར་སྟབས་བདེ་བའི”རྩ་དོན་ལ་བརྩི་སྲུང་བྱེད་དགོས།     

ལེའུ་གཉིས་པ།    གསང་སྲུང་ཞིབ་བཤེར།

   དོན་ཚན་དྲུག་པ།    གསང་སྲུང་ཞིབ་བཤེར་བྱེད་ཁོངས་སུ་སྲིད་འཛིན་ལས་ཁུངས་ཀྱིས་རང་

འགུལ་ངང་ཡོངས་བསྒྲགས་དང་རེ་ཞུ་ལྟར་ཡོངས་བསྒྲགས་བྱེད་པའི་ཆ་འཕྲིན་གང་རུང་ཡིན།

དོན་ཚན་བདུན་པ།  གསང་སྲུང་ཞིབ་བཤེར་བྱེད་པར་ཡིག་ཐོག་གི་ཞིབ་བཤེར་བྱེད་སྟངས་སྤྱོད་དགོས།     

དོན་ཚན་བརྒྱད་པ། གསང་སྲུང་ཞིབ་བཤེར་ཆ་འཕྲིན་གྱི་ནང་དོན་དང་དེའི་ཐེག་བྱེད་ལ་བདེན་དངོས་རང་བཞིན་དང་།   དངོས་ཡོད་རང་བཞིན།   ཆ་ཚང་རང་བཞིན་བཅས་ལྡན་དགོས།     

དོན་ཚན་དགུ་པ།    སྲིད་འཛིན་ལས་ཁུངས་ཀྱིས་དམིགས་བསལ་གྱི་ཁྱབ་ཁོངས་ནང་གསང་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱུས་མངའ་ཡོད་པ་དང་། གསང་བ་གཏན་འཁེལ་གྱི་ཤེས་བྱ་འཛོམས་པ། འབྲེལ་ཡོད་ལས་སྒོའི་ལས་ཀའི་ཉམས་མྱོང་ལྡན་པ་བཅས་ཀྱི་མི་སྣ་དམིགས་འཛུགས་བྱས་ནས་གསང་སྲུང་ཞིབ་བཤེར་པའི་འགན་འཁུར་དུ་འཇུག་དགོས།     

གསང་སྲུང་མི་སྣའི་གསང་སྲུང་ལས་གནས་ཀྱི་ཐོབ་ཐང་གསོ་སྦྱོང་ལ་ཞུགས་དགོས།     

དོན་ཚན་བཅུ་པ། སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་གྱི་གཞི་འཛིན་ས་ནི།     

(གཅིག)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས》དང་འབྲེལ་ཡོད་ཀྱི་ཁྲིམས་སྲོལ།     

(གཉིས།)རྒྱལ་ཁབ་གསང་སྲུང་ཅུས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱས་པའི《རྒྱལ་ཁབ་ཀྱི་གསང་བ་དང་དེའི་གསང་རིམ་གྱི་ཞིབ་ཕྲའི་ཁྱབ་ཁོངས་སྐོར་གྱི་གཏན་འབེབས》།

(གསུམ)གསང་འབྲེལ་ལ་གཏན་ཁེལ་བྱས་ཟིན་པའམ་ཡང་ན་ཡོངས་བསྒྲགས་བྱ་བར་མི་འཚམ་པའི་ཆ་འཕྲིན་གཞན་དག 

དོན་ཚན་བཅུ་གཅིག་པ།    གསང་སྲུང་ཞིབ་བཤེར་ལས་ཁུངས་ཀྱི་འགན་འཁྲི་ནི།     

(གཅིག)གསང་སྲུང་བཅའ་ཁྲིམས་ཁྲིམས་སྲོལ་དང《རྒྱལ་ཁབ་ཀྱི་གསང་བ་དང་དེའི་གསང་རིམ་ཁྱབ་ཁོངས་ཞིབ་ཕྲའི་གཏན་འབེབས》གཞིར་བཟུང་ནས། ཡོངས་བསྒྲགས་བྱེད་རྩིས་ཡོད་པའི་སྲིད་གཞུང་ཆ་འཕྲིན་ལ་གསང་སྲུང་ཞིབ་བཤེར་བྱེད་དགོས།     

(གཉིས།)ཞིབ་བཤེར་དང་ཞིབ་བཤེར་གཏན་འབེབས་ཀྱི་བསམ་འཆར་འདོན་དགོས།     

(གསུམ)འབྲེལ་ཡོད་ཀྱི་འགྲོ་ལུགས་སྒྲུབ་པ།     

དོན་ཚན་བཅུ་གཉིས་པ།    གསང་སྲུང་ཞིབ་བཤེར་གྱི་གོ་རིམ་ནི།     

(གཅིག)སྲིད་གཞུང་ཆ་འཕྲིན་ཐོན་སའི་ལས་ཁུངས་ཀྱིས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་མིན་གྱི་ཞིབ་བཤེར་བསམ་འཆར་འདོན་དགོས།     

(གཉིས)སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་གསང་སྲུང་ཞིབ་བཤེར་པས་ཞིབ་བཤེར་བསམ་འཆར་འདོན་དགོས།     

(གསུམ།) སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་པའམ་ཡང་ན་དབང་བསྐུར་མཁན་གྱིས་ཞིབ་མཆན་འགོད་དགོས།     

དོན་ཚན་བཅུ་གསུམ་པ།  སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་ཁྲོད། གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཡོངས་བསྒྲགས་བྱེད་མི་ཆོག་པའམ་ཡང་ན་གནས་སྐབས་སུ་ཡོངས་བསྒྲགས་ཕྱིར་འགྱངས་བྱེད་དགོས་སྟེ།

(གཅིག)གསང་སྲུང་ཁྱབ་ཁོངས་དང་གསང་བ་གཏན་འཁེལ་གྱི་ལས་ཀའི་གཏན་འབེབས་ལྟར་“གསང་བ”དང་།  “ནན་གསང”  “ཆེས་གསང”བཅས་གསལ་པོར་བཀོད་པའི་རིགས།     

(གཉིས།)མཚོན་རྟགས་བཀོད་མེད་ཀྱང་ནང་དོན་རྒྱལ་ཁབ་ཀྱི་གསང་བ་དང་།   ཚོང་ལས་ཀྱི་གསང་བ།    མི་སྒེར་གྱི་གསང་བ་བཅས་དང་འབྲེལ་བ་ཡོད་པའི་རིགས།     

(གསུམ།)འབྲེལ་ཡོད་གཏན་འབེབས་ལྟར“ནང་ཁུལ་གྱི་དཔྱད་ཡིག”བཀོད་པའི་རིགས། 

(བཞི།)གཏན་འབེབས་ལྟར་རྒྱལ་ཁབ་དང་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་ཐོབ་ནས་ཡོངས་བསྒྲགས་བྱེད་དགོས་ཀྱང་ཆོག་མཆན་མ་ཐོབ་པའི་རིགས།     

(ལྔ།)ཡོངས་བསྒྲགས་བྱས་རྗེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་།    སྤྱི་པའི་བདེ་འཇགས།    དཔལ་འབྱོར་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་ལ་གནོད་པའི་ཆ་འཕྲིན་གཞན་དག་བཅས་ཡིན།     

དོན་ཚན་བཅུ་བཞི་པ། གསང་སྲུང་ཞིབ་བཤེར་ལ་ཡིག་ཐོག་གི་ཐོ་འགོད་ཡོད་དགོས་པ་མ་ཟད་ཉར་ཚགས་ཀྱང་བྱེད་དགོས།  ཞིབ་ཕྲའི་ནང་དོན་གཤམ་གསལ་ལྟར།     

(གཅིག)སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་རེ་འདུན་ཞུ་མཁན་གྱི་སྲིད་འཛིན་ལས་ཁུངས།     

(གཉིས)ཞིབ་བཤེར་བྱ་ཡུལ་ཆ་འཕྲིན་གྱི་ཁ་བྱང་དང་།  ཡིག་ཆའི་ཨང་རྟགས་སམ་ཡང་ན་ནང་དོན་མདོར་བསྡུས།     

(གསུམ)ཡོངས་བསྒྲགས་བྱེད་རྩིས་ཡོད་པའི་སྲིད་གཞུང་ཆ་འཕྲིན་གྱི་ཡོང་ཁུངས།     

(བཞི)གསང་སྲུང་ཞིབ་བཤེར་ཁྲོད་ཡོངས་བསྒྲགས་བྱེད་མི་ཆོག་པར་འདོད་པའི་སྲིད་གཞུང་ཆ་འཕྲིན་ལ།  ཡོངས་བསྒྲགས་བྱེད་མི་ཆོག་པའི་གཞིར་འཛིན་ས་གསལ་བོར་འགོད་དགོས།     

(ལྔ།)གསང་སྲུང་ཞིབ་བཤེར་ཀྱི་བསྡོམས་ཚིག་གམ་ཐག་གཅོད་བྱས་པའི་བསམ་འཆར།     

(དྲུག)སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་སྒྲུབ་འགན་འཁུར་མཁན་དང་ཞིབ་བཤེར་ཚན་པའི་འགན་འཁུར་མི་སྣའི་མིང་རྟགས་དང་དུས་ཚོད།     

(བདུན།)མགོ་ཁྲིད་གཙོ་བོས་ཞིབ་བཤེར་གཏན་འབེབས་བྱས་པའི་བསམ་འཆར།     

(བརྒྱད།)ཐོ་འགོད་བྱེད་དགོས་པའི་ནང་དོན་གཞན་དག་བཅས་ཡིན།     

དོན་ཚན་བཅོ་ལྔ་པ། གསང་སྲུང་ཞིབ་བཤེར་བརྒྱུད་རིམ་ཁྲོད། ནང་དོན་ཁ་ཤས་ཡོངས་བསྒྲགས་བྱེད་མི་འོས་པ་དག་དབྱེ་འབྱེད་ཐག་གཅོད་བྱེད་དགོས་པ་དང་། ཡོངས་བསྒྲགས་མི་ཆོག་པའི་ནང་དོན་སུབ་རྗེས་ཡོངས་བསྒྲགས་བྱས་ཆོག་པ་རེད།

རྒྱལ་ཁབ་ཀྱི་གསང་བའི་ཆ་འཕྲིན་ཁོངས་སུ་གཏོགས་པའི་རིགས་དབྱེ་འབྱེད་ཐག་གཅོད་བྱེད་སྐབས། ཆ་འཕྲིན་དེའི་ཐོག་མའི་གསང་རིམ་ལྟར་སྲིད་འཛིན་ལས་ཁུངས་ཀྱིས་མཐའ་མའི་ཞིབ་བཤེར་གཏན་འབེབས་དང་ངོས་འཛིན་གཏན་འཁེལ་བྱེད་དགོས།     

དོན་ཚན་བཅུ་དྲུག་པ། གསང་ཨང་གློག་འཕྲིན་དང་། གསང་རིམ་ཅན་གྱི་ཡིག་ཆ།  རྒྱལ་ཁབ་ཀྱི་གསང་བ་ཡིན་པ་མ་ཟད་གསང་འགྲོལ་ཡང་བྱས་མེད་པའི་ཆ་འཕྲིན་ཚང་མ་ཡོངས་བསྒྲགས་བྱས་མི་ཆོག གསང་ཨང་གློག་འཕྲིན་དངོས་གནས་ཡོངས་བསྒྲགས་བྱེད་དགོས་པའི་རིགས་ལ། གློག་འདོན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་དང་གསང་སྲུང་ཞིབ་བཤེར་བྱས་རྗེས།    གློག་འཕྲིན་གྱི་ནང་དོན་ཡོངས་བསྒྲགས་བྱས་ཆོག་པ་ལས་གློག་འཕྲིན་གྱི་རྣམ་པ་སོགས་ཡོངས་བསྒྲགས་བྱས་མི་ཆོག 

དོན་ཚན་བཅུ་བདུན་པ།    སྲིད་འཛིན་ལས་ཁུངས་ཀྱིས་གསང་སྲུང་ཞིབ་བཤེར་བརྒྱུད་རིམ་ཁྲོད། ཡོངས་བསྒྲགས་བྱས་ཆོག་མིན་གསལ་པོ་མིན་པའི་སྲིད་གཞུང་ཆ་འཕྲིན་ལ།  ལས་སྒོ་གཙོ་སྐྱོང་གི་ཁོངས་སུ་གཏོགས་པའི་རིགས་ནི་གོང་རིམ་གཙོ་སྐྱོང་སྡེ་ཁག་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས། ཕྱོགས་གཞན་པར་གཏོགས་པའི་རིགས་ནི་རིམ་པ་གཅིག་མཚུངས་ཀྱི་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་ལ་ཡིག་ཐོག་ནས་སྙན་སེང་ཞུ་དགོས།     

གོང་རིམ་ལས་སྒོ་གཙོ་སྐྱོང་སྡེ་ཁག་གམ་རིམ་པ་གཅིག་མཚུངས་ཀྱི་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་གིས་གཏན་འཁེལ་བྱེད་མི་ཐུབ་པའི་རིགས་ལ། རིམ་པ་བཞིན་སྙན་སེང་ཞུས་ནས་གཏན་འཁེལ་གྱི་དབང་ཚད་ཡོད་པའི་ལས་སྒོ་གཙོ་སྐྱོང་སྡེ་ཁག་གམ་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་ལ་གཏན་ཁེལ་བྱེད་དུ་འཇུག་དགོས།     

དོན་ཚན་བཅོ་བརྒྱད་པ།  གོང་རིམ་ལས་སྒོ་གཙོ་སྐྱོང་སྡེ་ཁག་གམ་རིམ་པ་གཅིག་མཚུངས་ཀྱི་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་ལ། སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱས་ཆོག་མིན་སྙན་སེང་ཞུ་སྐབས། རེ་འདུན་ཞུ་མཁན་སྡེ་ཚན་གྱིས་གཤམ་གསལ་གྱི་རྒྱུ་ཆ་འདོན་སྤྲོད་བྱེད་དགོས་སྟེ།     

(གཅིག)འབྲེལ་ཡོད་ཀྱི་ཆ་འཕྲིན་ཡིག་ཆ།     

(གཉིས།)ཡོངས་བསྒྲགས་བྱས་ཆོག་མིན་གྱི་རེ་ཞུའི་གཞུང་ཡིག་ལ་གསལ་བཤད་བྱེད་དགོས།     

(གསུམ)མཁོ་སྤྲོད་བྱེད་དགོས་པའི་རྒྱུ་ཆ་གཞན་དག 

དོན་ཚན་བཅུ་དགུ་པ། གཏན་འཁེལ་གྱི་དབང་ཚད་ཡོད་པའི་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཚན་ནམ་ཡང་ན་གོང་རིམ་ལས་སྒོའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆ་འཕྲིན་ཡོངས་བསྒྲགས་བྱས་ཆོག་མིན་གཏན་འཁེལ་མི་ཐུབ་པའི་ཞུ་ཡིག་འབྱོར་རྗེས། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཡིན་ཕྱིན། ལས་ཀའི་ཉིན་གྲངས15ནང་ཚུན་དུ་མཆན་འགོད་བཀའ་ལན་སྤྲོད་དགོས། ཚོང་ལས་ཀྱི་གསང་བ་དང་མི་སྒེར་གྱི་གསང་དོན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་གཞན་དག་ལ་ལས་ཀའི་ཉིན་གྲངས10ནང་ཚུན་དུ་ལན་འདེབས་དགོས།     

དོན་ཚན་ཉི་ཤུ་པ། གསང་འབྲེལ་ཆ་འཕྲིན་དེ་ཁྲིམས་བཀོད་ཀྱི་གསང་འགྲོལ་ཆ་རྐྱེན་དང་མཐུན་ཞིང་།  ཡོངས་བསྒྲགས་བྱེད་དགོས་པའི་རིགས་ལ།  བཅའ་ཁྲིམས་ལྟར་གོ་རིམ་གཏན་ཁེལ་གྱིས་གསང་འགྲོལ་བྱས་རྗེས་ད་གཟོད་ཡོངས་བསྒྲགས་བྱས་ཆོག གསང་འགྲོལ་གནས་ཚུལ་དེ་ལས་ཀའི་ཉིན་ལྔའི་ནང་ཚུན་དུ་རིམ་པ་གཅིག་མཚུངས་ཀྱི་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།     

དོན་ཚན་ཉེར་གཅིག་པ།  གསང་སྲུང་ཞིབ་བཤེར་ཁྲོད། སྲིད་འཛིན་ལས་ཁུངས་ཀྱིས་ཞིབ་བཤེར་བྱ་ཡུལ་ཆ་འཕྲིན་དང་འབྲེལ་བ་ཡོད་པའི་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་སྙམ་ན།    འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་བྱེད་དགོས།     

དོན་ཚན་ཉེར་གཉིས་པ།    གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་རེ་ཞུ་ཞུས་ནས་གཏན་འཁེལ་བྱེད་པའི་ཆ་འཕྲིན་དེ་ཚན་པ་མང་པོའི་བསམ་འཆར་བསྡུ་ལེན་བྱས་ཚེ་གཞི་ནས་གཏན་འཁེལ་བྱེད་ཆོག་པ་ཞིག་ཡིན་ན། ཁྱབ་ཁོངས་ངེས་ཅན་གྱི་ནང་ཁུལ་གྱི་ཉན་དཔང་ཚོགས་འདུ་འཚོགས་ཆོག་པ་རེད།

ཉན་དཔང་ཚོགས་འདུར་ཞུགས་པའི་སྡེ་ཚན་དང་དེའི་མི་སྣས་གཞོགས་འདེགས་བྱས་ཏེ། བདེན་པ་དང་། དོན་གནས། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་འདོན་དགོས།     

དོན་ཚན་ཉེར་གསུམ་པ། གསང་སྲུང་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད། སྲིད་འཛིན་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པའི་ཆ་འཕྲིན་དེ་ཚོང་ལས་ཀྱི་གསང་བ་དང་། མི་སྒེར་གྱི་གསང་དོན་དང་འབྲེལ་བ་ཡོད་པ་དང་།    ཡོངས་བསྒྲགས་བྱས་རྗེས་ཕྱོགས་གསུམ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྲིད་པའི་ངོས་འཛིན་བྱས་ན།  ཡིག་ཐོག་ནས་ཕྱོགས་གསུམ་པའི་བསམ་འཆར་བསྡུ་ལེན་བྱེད་དགོས། ཕྱོགས་གསུམ་པས་ཡོངས་བསྒྲགས་བྱེད་རྒྱུར་མོས་མཐུན་བྱས་ན་ཡོངས་བསྒྲགས་བྱས་ཆོག་ལ། ཕྱོགས་གསུམ་པས་ཡོངས་བསྒྲགས་བྱེད་རྒྱུར་མོས་མཐུན་མེད་ན་ཡོངས་བསྒྲགས་བྱེད་མི་ཆོག་པ་རེད། འོན་ཀྱང་སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་བསྒྲགས་མ་བྱས་ཚེ་སྤྱི་པའི་ཁེ་ཕན་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད་པའི་ངོས་འཛིན་བྱས་ཚེ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད།  ཡོངས་བསྒྲགས་བྱ་རྒྱུའི་ཐག་བཅད་པའི་སྲིད་གཞུང་ཆ་འཕྲིན་གྱི་ནང་དོན་དང་རྒྱུ་མཚན་དེ་ལས་ཀའི་ཉིན་གསུམ་ནང་ཚུན་དུ་ཡིག་ཐོག་ནས་ཕྱོགས་གསུམ་པར་བརྡ་ཐོ་གཏོང་དགོས།     

ལེའུ་གསུམ་པ།    འགན་སྲུང་དང་ལྟ་སྐུལ་བྱེད་ཐབས།

དོན་ཚན་ཉེར་བཞི་པ།  སྲིད་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།    འགན་འཁྲི་དང་ལས་ཀའི་གོ་རིམ་ཁ་གསལ་བཟོ་བ། གསང་སྲུང་ཞིབ་བཤེར་པར་ལས་སྒོའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།     

དོན་ཚན་ཉེར་ལྔ་པ། སྲིད་འཛིན་ལས་ཁུངས་ཀྱིས་མགོ་ཁྲིད་ཞིག་གཏན་འཁེལ་བྱས་ནས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་བྱ་བར་འགན་འཁུར་དགོས་པ་དང་།    དམིགས་འཛུགས་བྱས་པའི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ལས་ཁུངས་ཀྱིས་བྱེ་བྲག་ཏུ་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས།     

དོན་ཚན་ཉེར་དྲུག་པ། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཡང་དག་པ་དང་། ཚད་ལྡན་བཅས་ཀྱི་སྒོ་ནས་གསང་བ་གཏན་འཁེལ་བྱེད་དགོས་ལ། གསང་སྲུང་ཁྱབ་ཁོངས་དང་གསང་བ་གཏན་འཁེལ་དབང་ཚད་ལ་རྒྱུས་མངའ་ཡོད་པ།  ཁྲིམས་ལྟར་གསང་རིམ་བསྒྱུར་བ་དང་གསང་གྲོལ་ལས་ཀ་དུས་ཐོག་ཏུ་ཡག་པོ་བསྒྲུབ་དགོས།     

དོན་ཚན་ཉེར་བདུན་པ། རིམ་པ་སོ་སོའི་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་འགན་དབང་ལ་གཞིགས་ནས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་གསང་སྲུང་ཞིབ་བཤེར་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ།  གསང་སྲུང་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།     

དོན་ཚན་ཉེར་བརྒྱད་པ།   སྲིད་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱིས་གསང་སྲུང་ཞིབ་བཤེར་ནན་མོ་མ་བྱས་པའི་རྐྱེན་གྱིས་གསང་བ་ཤོར་བའམ་ཡང་ན་ཞིབ་བཤེར་ཞུ་དགོས་པའི་རིགས་ཞིབ་བཤེར་མ་ཞུས་ནས་གསང་བ་ཤོར་བ་ཡིན་ན། སྲིད་འཛིན་ལས་ཁུངས་ཀྱིས་ལས་བགོས་འགན་འཁུར་མགོ་ཁྲིད་དང་གསང་སྲུང་ཞིབ་བཤེར་པས་འགན་འཁུར་དགོས། གསང་སྲུང་ཞིབ་བཤེར་གྱི་འགན་འཁུར་མཁན་ལས་སྒོ་གཙོ་སྐྱོང་སྡེ་ཁག་གམ་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་ངོས་འཛིན་གཏན་ཁེལ་བྱས་ཏེ། ཡོངས་བསྒྲགས་བྱས་ནས་གསང་བ་ཤོར་བ་ཡིན་ན། བདག་སྤྲོད་ཞིབ་བཤེར་སྡེ་ཁག་གིས་འགན་འཁུར་དགོས་པ་དང་།  ཞིབ་བཤེར་བདག་སྤྲོད་བྱེད་མཁན་སྡེ་ཁག་གིས་དུས་ལས་ཡོལ་ཡང་ལན་མ་བཏབ་པར་མ་ཟད། རྒྱུ་རྐྱེན་གསལ་བཤད་མ་བྱས་པའི་རྐྱེན་གྱིས་གསང་བ་ཤོར་བ་ཡིན་ན། ཞིབ་བཤེར་བདག་སྤྲོད་བྱེད་མཁན་སྡེ་ཁག་དང་དེའི་སྒྲུབ་འགན་འཁུར་མིས་འགན་འཁུར་དགོས།     

དོན་ཚན་ཉེར་དགུ་པ།  སྲིད་འཛིན་ལས་ཁུངས་ཀྱིས་གསང་སྲུང་ཞིབ་བཤེར་བྱེད་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། གོང་རིམ་གཙོ་སྐྱོང་སྡེ་ཁག་གམ་རིམ་པ་གཅིག་མཚུངས་ཀྱི་གསང་སྲུང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་།     བྱས་ཉེས་ཚབས་ཆེན་ཡིན་ན།  སྲིད་འཛིན་ལས་ཁུངས་ཀྱི་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་བའི་མི་སྣ་གཞན་དག་ལ་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་དང་། ཉེས་ཚད་ལོན་མཁན་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས་སྟེ།     

(གཅིག)སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་ལམ་སྲོལ་བཙུགས་མེད་པ།     

(གཉིས)གསང་སྲུང་ཞིབ་བཤེར་གོ་རིམ་མ་བརྒྱུད་པའམ་གསང་སྲུང་ཞིབ་བཤེར་གོ་རིམ་ཚད་ལྡན་མིན་པ་དང་འཐུས་ཚང་མིན་པས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ།     

(གསུམ།)བྱེད་ཐབས་འདི་གཞིགས་ནས་གསང་སྲུང་ཞིབ་བཤེར་མ་བྱས་པའི་དབང་གིས་རྒྱལ་ཁབ་ཀྱི་གསང་བ་ཤོར་བའམ་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་མི་འོས་པའི་རིགས་ཡོངས་བསྒྲགས་བྱས་པ།     

(བཞི།)གསང་སྲུང་ཞིབ་བཤེར་གྱི་འགན་འཁྲི་མ་བསྒྲུབས་པའམ་གསང་སྲུང་ཞིབ་བཤེར་གྱི་གོ་རིམ་ཚད་ལྡན་མིན་པ་དང་།   དག་ཐེར་ཡོ་བསྲང་བྱེད་དུ་བཅུག་ཀྱང་སྔར་བཞིན་ཡོ་བསྲང་མི་བྱེད་པའི་རིགས།     

ལེའུ་བཞི་པ།    ཞར་བྱུང་དོན་ཚན།

དོན་ཚན་སུམ་ཅུ་པ།    རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པའི་ལས་ཁུངས་ཀྱི་གསང་སྲུང་ཞིབ་བཤེར་བྱེད་སྒོ་ལ་བྱེད་ཐབས་འདི་སྤྱོད་ཆོག   

དོན་ཚན་སོ་གཅིག་པ།    བྱེད་ཐབས་འདི་མཚོ་བྱང་ཁུལ་རྒྱལ་ཁབ་གསང་སྲུང་ཅུས་འགྲེལ་བཤད་རྒྱག་པར་འགན་འཁུར་དགོས།     

དོན་ཚན་སོ་གཉིས་པ། ལམ་ལུགས་འདིའི་གོ་ཆོད་ཡུན་ནི2014ལོའི་ཟླ་10ཚེས23ཉིན་ནས2016ལོའི་ཟླ10ཚེས་22ཉིན་བར་ཡིན།    


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།