མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་
རྩོམ་གྲུབ་ཟླ་ཚེས། 0000-00-00 00:00:00
སྒྲོག་སྤེལ་དུས་ཚོད། 2022-12-22 09:39:24
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0000-00-00 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་སྲིད་གཞུང་གི་ཆ་འཕྲིན་ཁྱབ་བསྒྲགས་མཐུན་སྦྱོར་ལམ་ལུགས།

མཚོ་བྱང་ཁུལ་སྲིད་གཞུང་གི་ཆ་འཕྲིན་ཁྱབ་བསྒྲགས་མཐུན་སྦྱོར་ལམ་ལུགས།

2022-12-22 09:39:24   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་

དོན་ཚན་དང་པོ།  སྲིད་གཞུང་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་ཚད་ལྡན་རང་བཞིན།  ཡང་དག་རང་བཞིན། གཅིག་མཐུན་རང་བཞིན་བཅས་འགན་ལེན་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)  《མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་བྱེད་པའི〈སྲོལ་ཡིག〉བྱེད་ཐབས》(གཤམ་དུ་བསྡུས་མིང་ལ《བྱེད་ཐབས》ཞེས་བསྡུ་རྒྱུ)དང་། 《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་མཐུན་སྦྱོར་ལམ་ལུགས》བཅས་གཞིར་བཟུང་།  རང་གི་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལམ་ལུགས་འདི་གཏན་ལ་ཕབ་པའི་བཟོས་པ་ཡིན།     

དོན་ཚན་གཉིས་པ།  ལམ་ལུགས་འདི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག་(སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་དང་།  སྲིད་གཞུང་གི་ཐད་གཏོགས་ལས་ཁུངས།    སྲིད་གཞུང་གི་སྡེ་ཁག་དོ་དམ་ལས་ཁུངས།    སྲིད་གཞུང་གི་མངག་གཏོང་ལས་ཁུངས།    སྤྱི་པའི་ལས་དོན་དོ་དམ་གྱི་འགན་ནུས་ལྡན་པའི་སྒྲིག་འཛུགས)གཤམ་ལ་སྲིད་འཛིན་ལས་ཁུངས་ཞེས་འབོད། སྲིད་འཛིན་ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་བྱེད་སྒོ།

དོན་ཚན་གསུམ་པ།   སྲིད་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་གཏོང་དགོས། རིམ་ཁག་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཤར་གཏོང་ཐུབ་པ་དང་ཕན་འབྲས་ཆེ་བའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་འབྲེལ་གཏུག་ཐབས་ལམ་ཞིག་ཆགས་པ་བྱེད་དགོས།     

དོན་ཚན་བཞི་པ། སྲིད་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྐབས།    “སུས་བཟོ་བ་དང་།    སུས་ཡོངས་བསྒྲགས་བྱེད་པ།    སུས་ཉར་ཚགས་བྱེད་པ།    སུས་ཡོངས་བསྒྲགས་བྱེད་པའི”རྩ་དོན་ལ་བརྩི་སྲུང་ཞུ་དགོས།    སྲིད་འཛིན་ལས་ཁུངས་ཀྱིས་བཟོས་པའི་སྲིད་གཞུང་ཆ་འཕྲིན་དེ་ཆ་འཕྲིན་འདི་བཟོ་མཁན་སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱེད་འགན་འཁུར་རྒྱུ།  སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་དམངས་དང་།    ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ནས་ཐོབ་པའི་སྲིད་གཞུང་ཆ་འཕྲིན་དེ་ཆ་འཕྲིན་དེ་ཉར་ཚགས་བྱེད་མཁན་སྲིད་འཛིན་ལས་ཁུངས་ཀྱིས་ཡོངས་བསྒྲགས་བྱེད་འགན་འཁུར་རྒྱུ།   སྲིད་འཛིན་ལས་ཁུངས་མེད་པར་བཟོས་པ་དང་ཟླ་སྒྲིལ་བྱས་པའམ་ཡང་ན་བསྒྱུར་བཅོས་བྱས་ན། དེའི་འགན་འཁྲི་འཁུར་མཁན་སྲིད་འཛིན་ལས་ཁུངས་ཀྱིས་དེ་འགའ་སྔོན་སྲིད་འཛིན་ལས་ཁུངས་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་འགན་འཁུར། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་འགན་འཁྲི་དབང་ཚད་ལོགས་སུ་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་དང་བསྟུན་དགོས།

 དོན་ཚན་ལྔ་པ། སྲིད་འཛིན་ལས་ཁུངས་གཉིས་ཡན་གྱིས་མཉམ་འབྲེལ་གྱིས་བཟོས་པའི་སྲིད་གཞུང་ཆ་འཕྲིན་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་དགོས་རིགས། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་སོ་སོར་ཆ་འཕྲིན་འདི་སྤྱི་བསྒྲགས་བྱ་བའི་འོས་འགན་ཡོད། འོན་ཀྱང་སྤྱིར་བཏང་དུ་སྣེ་ཁྲིད་རྩ་འཛུགས་བྱས་ཏེ་ཆ་འཕྲིན་འདི་བཟོ་བའི་སྲིད་འཛིན་ལས་ཁུངས་ཀྱིས་རང་འགུལ་གྱིས་ཁྱབ་བསྒྲགས་བྱ་དགོས། སྲིད་འཛིན་ལས་ཁུངས་གཉིས་ཡན་གྱིས་མཉམ་འབྲེལ་གྱིས་བཟོས་པའི་སྲིད་གཞུང་ཆ་འཕྲིན་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་དེའི་ནང་གི་སྲིད་འཛིན་སྡེ་ཁག་གཅིག་གིས་ཆ་འཕྲིན་དེ་ཐོབ་རེ་ཞུས་ཆོག སྲིད་འཛིན་ལས་ཁུངས་ཀྱིས་རང་འགུལ་ངང་ཡོངས་བསྒྲགས་བྱེད་པའམ་ཡང་ན་རེ་ཞུ་གཞིར་བཟུང་སྲིད་འཛིན་ལས་ཁུངས་གཞན་དག་དང་མཉམ་འབྲེལ་ཐོག་བཟོས་པའི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་སྐབས་ཡོངས་བསྒྲགས་མ་བྱས་གོང་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་དང་འབྲེལ་གཏུག་བྱས་ནས་གཏན་འཁེལ་བྱས་ཏེ་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་ཆ་འཕྲིན་ཡང་དག་དང་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། 

དོན་ཚན་དྲུག་པ། ཁྱབ་བསྒྲགས་བྱེད་རྩིས་ཡོད་པའི་སྲིད་གཞུང་གི་ཆ་འཕྲིན་དག་སྲིད་འཛིན་ལས་ཁུངས་གཞན་དག་དང་འབྲེལ་བ་ཡོད། ཡང་ན་ཁྱབ་བསྒྲགས་བྱས་རྗེས་སྲིད་འཛིན་ལས་ཁུངས་གཞན་པའི་བྱ་བར་ཤུགས་རྐྱེན་ཐེབས་སྲིད་རིགས། སྲིད་གཞུང་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྩིས་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱིས་ཆ་འཕྲིན་ཁྱབ་བསྒྲགས་མ་བྱས་སྔོན་དུ་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ལ《མཚོ་བྱང་ཁུལ་སྲིད་གཞུང་གི་ཆ་འཕྲིན་ཁྱབ་བསྒྲགས་ཀྱི་མཐུན་སྦྱོར་ཡི་གེ》(ཟུར་གསལ་ཡི་གེ)བཏང་ནས་སྲིད་འཛིན་ལས་ཁུངས་དང་འབྲེལ་བའི་བསམ་འཆར་ཡིག་ཐོག་ནས་བསྡུ་ལེན་བྱ་དགོས། བསམ་འཆར་བསྡུ་ལེན་བྱ་ཡུལ་སྲིད་འཛིན་ལས་ཁུངས་ཀྱིས་ལས་ཀའི་ཉིན་གྲངས་5ནང་ཚུན་དུ་ཡིག་ཐོག་ནས་ལན་འདེབས་དགོས། ཁྱབ་བསྒྲགས་བྱེད་རྒྱུར་མོས་མཐུན་མེད་ཚེ་རྒྱུ་མཚན་གསལ་བཤད་བྱེད་དགོས། ལས་ཀའི་ཉིན་གྲངས་5ནང་ཚུན་དུ་ལན་མ་བཏབ་ན་ཁྱབ་བསྒྲགས་བྱེད་རྒྱུར་མོས་མཐུན་ཡོད་པར་བརྩི་དགོས། དེ་ལས་བྱུང་བའི་གསང་བ་ཕྱིར་བསྒྲགས་པ་དང་། སྤྱི་པའི་ཁེ་ཕན་ལ་ཤུགས་རྐྱེན་བཟོ་བའམ་ཡང་ན་ཁྲིམས་འཛིན་བྱེད་སྒོར་ཤུགས་རྐྱེན་བཟོ་བ་སོགས་ཀྱི་གནད་དོན་ལ་བསམ་འཆར་བསྡུ་ལེན་བྱ་ཡུལ་སྲིད་འཛིན་ལས་ཁུངས་ཀྱིས་གཅིག་ལ་གཅིག་འབྲེལ་གྱི་འགན་འཁྲི་འཁུར་དགོས། སྲིད་གཞུང་ཆ་འཕྲིན་ནི་རེ་ཞུ་ལྟར་ཡོངས་བསྒྲགས་བྱེད་པའི་ཁྱབ་ཁོངས་སུ་གཏོགས། ཕྱོགས་གསུམ་པའི་ཁེ་དབང་དང་འབྲེལ་བ་ཡོད། བསམ་འཆར་བསྡུ་ལེན་བྱ་ཡུལ་ལས་ཁུངས་ཀྱིས་ཕྱོགས་གསུམ་པའི་བསམ་འཆར་བསྡུ་ལེན་བྱེད་པར་མཁོ་བའི་དུས་ཚོད་དེ་དོན་ཚན་འདིར་གཏན་འབེབས་བྱས་པའི་དུས་ཚད་ནང་བརྩི་རྒྱུ་མེད། 

དོན་ཚན་བདུན་པ། ཡིག་ཐོག་ནས་ལན་འདེབས་མོས་མཐུན་བྱས་རིགས། སྲིད་གཞུང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་རྩིས་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་འབྲེལ་ཡོད་བྱ་བའི་སྒྲིག་སྲོལ་ལྟར་སྤྱི་དམངས་ལ་སྤྱི་བསྒྲགས་བྱ་དགོས། ཡིག་ཐོག་ནས་ལན་སློག་པ་མོས་མཐུན་མེད་རིགས། སྲིད་གཞུང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་རྩིས་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱིས་འཕྲལ་མར་ཆེད་བསྐོས་མི་སྣ་དང་བསམ་འཆར་བསྡུ་ལེན་བྱ་ཡུལ་སྲིད་འཛིན་ལས་ཁུངས་མངགས་ནས་གྲོས་མོལ་གྱིས་ཐག་གཅོད་བྱ་དགོས། གྲོས་མོལ་བྱས་པ་བརྒྱུད་བསམ་འཆར་བསྡུ་ལེན་བྱ་ཡུལ་སྲིད་འཛིན་ལས་ཁུངས་ཀྱིས་སྔར་བཞིན་མོས་མཐུན་མ་བྱས་ན། སྲིད་གཞུང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་རྩིས་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱིས་འཕྲལ་མར་རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་གཙོ་གཉེར་སྡེ་ཁག་ལ་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུའི་སྙན་སེང་ཞུ་དགོས། རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་གཙོ་གཉེར་སྡེ་ཁག་གིས་ཆ་འཕྲིན་དེ་སྲིད་འཛིན་ལས་ཁུངས་དང་། ཁྲིམས་ལུགས། གསང་བ། ལྟ་ཞིབ་སོགས་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་དང་དེ་བཞིན་ཁྱབ་ཁོངས་དེའི་ཆེད་མཁས་བློ་འདྲི་བ་སྒྲིག་འཛུགས་བྱས་ནས་ཐུན་མོང་ཐོག་ཞིབ་འཇུག་གྲོས་མོལ་བྱས་ཏེ། མཐར་ཆ་འཕྲིན་དེ་ཡོངས་བསྒྲགས་བྱས་ཆོག་མིན་གཏན་འཁེལ་བྱ་དགོས་པ་མ་ཟད། ཡིག་ཐོག་ནས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ལ་ཁས་ལེན་ལན་འདེབས་དགོས། 

དོན་ཚན་བརྒྱད་པ། སྲིད་འཛིན་ལས་ཁུངས་ཀྱིས་རང་ངོས་ཀྱི་འགན་འཁྲི་ཁྱབ་ཁོངས་ནང་སྲིད་གཞུང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱ་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྲིད་གཞུང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུར་ཆོག་མཆན་ཐོབ་དགོས་རིགས་ཆོག་མཆན་མ་ཐོབ་ན་ཁྱབ་བསྒྲགས་བྱས་མི་ཆོག སྲིད་འཛིན་ལས་ཁུངས་ཀྱིས་རིམས་ནད་བྱུང་ཚུལ་ཚབས་ཆེན་དང་། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན། ས་ཁམས་ཆ་འཕྲིན་གྱི་གཞི་གྲངས་གལ་ཆེན་སོགས་སྲིད་གཞུང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་སྐབས། བཅའ་ཁྲིམས་དང་། ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་གཞིགས་ནས་གཏན་འབེབས་ཀྱི་དབང་ཚད་དང་གོ་རིམ་ལྟར་ལག་བསྟར་ནན་པོ་བྱེད་དགོས།

 དོན་ཚན་དགུ་པ། སྲིད་འཛིན་ལས་ཁུངས་ཀྱིས་ལམ་ལུགས་འདི་དང་འགལ་ནས་ངན་འབྲས་ཚབས་ཆེན་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་བཟོས་ན། ལྟ་ཞིབ་ལས་ཁུངས་དང་རང་ལས་རིམ་པ་གཅིག་གིས་མཐོ་བའི་སྲིད་འཛིན་ལས་ཁུངས་ཀྱིས་གཞིར་འཛིན་དགོས།《སྲོལ་ཡིག》དང《བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་ཐག་གཅོད་བྱ་རྒྱུ་ཡིན།

དོན་ཚན་བཅུ་པ། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། འཆར་ལྡན་བུ་བཙའ། ཆུ་མཁོ་འདོན། གློག་མཁོ་འདོན། དབུགས་རླངས་མཁོ་འདོན། ཚ་དྲོད་མཁོ་འདོན། ཁོར་ཡུག་སྲུང་སྐྱོང་། སྤྱི་པའི་འགྲིམ་འགྲུལ། གློག་འཕྲིན། སྦྲག་སྲིད། དངུལ་རྩ། སྤྱི་ཚོགས་འགན་སྲུང་། ཞིང་ལས་ཞབས་ཞུ་སོགས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ཆ་འཕྲིན་ཁྱབ་བསྒྲགས་དང་མཐུན་སྦྱོར་བྱེད་པར་ལམ་ལུགས་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས། 

དོན་ཚན་བཅུ་གཅིག་པ། ལམ་ལུགས་འདིའི་གོ་ཆོད་དུས་ཡུན་ནི2014ལོའི་ཟླ10ཚེས23ཉིན་ནས2016ལོའི་ཟླ10ཚེས22ཉིན་བར་ཡིན།


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།