མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།
དཀར་ཆག་ཨང་རྟགས།
བརྡ་འཕྲིན་རིགས་དབྱེ།
ནང་དོན་རིགས་དབྱེ།
སྒྲོག་སྤེལ་ལས་ཁུངས།
རྩོམ་གྲུབ་ཟླ་ཚེས། 0000-00-00 00:00:00
སྒྲོག་སྤེལ་དུས་ཚོད། 2022-12-22 09:37:39
དེབ་ཨང་།
ནུས་ལྡན་རང་བཞིན།
མེད་པར་བཟོ་དུས། 0000-00-00 00:00:00
གནད་ཚིག མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།
ཁ་བྱང་། མཚོ་བྱང་ཁུལ་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སྐྱེལ་སྤྲོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས།

མཚོ་བྱང་ཁུལ་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སྐྱེལ་སྤྲོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས།

2022-12-22 09:37:39   |   རྩོམ་ཁུངས།

དོན་ཚན་དང་པོ། སྲིད་གཞུང་གི་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་སྐྱེལ་སྤྲོད་བྱེད་པའི་ལས་ཀའི་གོ་རིམ་ཚད་ལྡན་དུ་གཏོང་བ། སྲིད་གཞུང་གི་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་དུས་ཐོག་དང་ཆ་ཚང་བའི་སྒོ་ནས་སྲིད་གཞུང་གི་ཆ་འཕྲིན་ཀློག་བཤེར་ལྟེ་གནས་ལ་སྐྱེལ་སྤྲོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས། སྲིད་གཞུང་གི་ཆ་འཕྲིན་ལྟ་ཞིབ་ལྟེ་གནས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ལ་ཁྲིམས་ལྟར་སྲིད་གཞུང་ཆ་འཕྲིན་རག་པའི་དབང་ཆ་འགན་ལེན་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་འབོད་པ)དང་《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྐྱེལ་སྤྲོད་གནས་སྐབས་ལག་བསྟར་བྱེད་ཐབས》གཞིར་བཟུང་། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདིར་བརྗོད་པའི་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སྐྱེལ་སྤྲོད་ལས་དོན་ཞེས་པ་ནི་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སྐྱེལ་སྤྲོད་ཚན་པས《སྲོལ་ཡིག》གི་བླང་བྱ་ལྟར་དུས་ཐོག་དང་ཆ་ཚང་བའི་སྒོ་ནས་སྲིད་གཞུང་གི་ཆ་འཕྲིན་ཀློག་བཤེར་བྱ་ཡུལ་ལ་རང་འགུལ་ངང་ཡོངས་བསྒྲགས་བྱེད་པའི་སྲིད་གཞུང་གི་ཆ་འཕྲིན་སྐྱེལ་སྤྲོད་བྱས་པར་ཟེར། སྐྱེལ་སྤྲོད་ཀྱི་ནང་དོན་ནི་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཆ་ཚང་དང་། དེ་བཞིན《སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ཕྱོགས་སྟོན》(གཤམ་དུ་བསྡུས་མིང་ལ《ཕྱོགས་སྟོན》ཞེས་བརྗོད་རྒྱུ)《སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་དཀར་ཆག》(གཤམ་དུ་བསྡུས་མིང་ལ《དཀར་ཆག》ཞེས་བརྗོད་རྒྱུ)《སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་ཀའི་ལོ་འཁོར་སྙན་ཞུ》(གཤམ་དུ་བསྡུས་མིང་ལ《ལོ་འཁོར་ཚགས་པར》ཞེས་བརྗོད་རྒྱུ)སོགས་ལ་ཟེར།

དོན་ཚན་གསུམ་པ། བྱེད་ཐབས་འདིར་བརྗོད་པའི་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སྐྱེལ་སྤྲོད་ཚན་པ་ཞེས་པ་ནི་རིམ་པ་ཁག་གི་སྲིད་འཛིན་ལས་ཁུངས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་ཆ་སྤྲད་པའི་སྤྱི་པའི་ལས་དོན་ལ་དོ་དམ་བྱེད་པའི་འགན་ནུས་ལྡན་པའི་རྩ་འཛུགས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་པའི་ཁེ་ལས་བྱ་གཞག་ཚན་པ(གཤམ་དུ་བསྡུས་མིང་ལ་སྐྱེལ་སྤྲོད་ཚན་པ་ཞེས་བརྗོད་རྒྱུ)བཅས་ལ་ཟེར།

དོན་ཚན་བཞི་པ། སྲིད་གཞུང་ཆ་འཕྲིན་ལྟ་བཤེར་ལྟེ་གནས་དེ་ཁུལ་ཡིག་ཚགས་ཁང་དུ་འཛུགས་དགོས།

དོན་ཚན་ལྔ་པ། སྲིད་གཞུང་ཆ་འཕྲིན་ལྟ་ཞིབ་ལྟེ་གནས་ཀྱིས་ལྟ་ཞིབ་དོ་དམ་བྱེད་ཐབས་བཟོས་ནས་སྡེ་ཚན་ཁག་དང་ཚན་པ་ཁག་གིས་བསྐྱལ་བའི་ཆ་འཕྲིན་ནན་ཏན་ངང་ཉར་ཚགས་ཡག་པོ་བྱེད་དགོས་པ་མ་ཟད། 《ཡིག་ཚགས་བཅའ་ཁྲིམས》ཀྱི་ཡིག་ཚགས་ཉར་ཚགས་དུས་བཅད་ཀྱི་ཆ་འཕྲིན་དཔྱད་གཞིར་བཟུང་སྟེ་ཆ་འཕྲིན་གྱི་ཆ་ཚང་རང་བཞིན་དང་དོན་དངོས་རང་བཞིན་འགན་ལེན་བྱེད་དགོས། ཆ་འཕྲིན་འཚོལ་བཤེར་ལྟེ་གནས་ལ་སྲིད་འཛིན་ལས་ཁུངས་ཀྱིས་བསྐྱལ་བའི་ཆ་འཕྲིན་འབྱོར་སྐབས་དུས་ཐོག་ཏུ་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ལ་ལྟ་ཞིབ་བྱེད་དུ་འཇུག་དགོས།

དོན་ཚན་དྲུག་པ། སྲིད་འཛིན་ལས་ཁུངས་སོ་སོས་གསར་དུ་བཟོས་པའི་སྲིད་གཞུང་ཆ་འཕྲིན་དེ། སྲིད་གཞུང་ཆ་འཕྲིན་དེ་གྲུབ་པའི་ཉིན་ནས་བཟུང་བའི་བྱ་བའི་ཉིན་བཅོ་ལྔའི་ནང་། སྲིད་གཞུང་ཆ་འཕྲིན་ཀློག་བཤེར་ལྟེ་གནས་ལ་ཤོག་རིགས་ཀྱི་ཡིག་ཆ་དང་གློག་རྡུལ་ཡིག་དེབ་སྐྱེལ་སྤྲོད་བྱ་དགོས། མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་པའི་སྲིད་གཞུང་ཆ་འཕྲིན་ཡིན་ཕྱིན། ཡིག་ཆ་དེའི་གཙོ་གཉེར་སྡེ་ཁག་གིས་སྐྱེལ་སྤྲོད་བྱེད་འགན་འཁུར་རྒྱུ།

དོན་ཚན་བདུན་པ། སྐྱེལ་སྤྲོད་ལས་ཁུངས་ཁག་གིས་སྐྱེལ་སྤྲོད་བྱས་པའི་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་ལ་བཟོ་བཅོས་སམ་ཡང་ན་མེད་པར་བཟོ་སྐབས། བཟོ་བཅོས་སམ་ཡང་ན་མེད་པར་བཟོ་བའི་ཆ་འཕྲིན་དུས་ཐོག་ཏུ་སྲིད་གཞུང་ཆ་འཕྲིན་ལྟ་ཞིབ་ལྟེ་གནས་ལ་སྐྱེལ་སྤྲོད་བྱེད་དགོས།

དོན་ཚན་བརྒྱད་པ། སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་རྩིས་སྤྲོད་རྩིས་ལེན་གྱི་འགྲོ་ལུགས་གཟབ་ནན་བྱས་ཏེ། ཕྱོགས་གཉིས་ཀས་རྩིས་སྤྲོད་རྩིས་ལེན་བྱེད་པའི་གོ་རིམ་ཁྲོད། སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་རྩིས་སྤྲོད་རྩིས་ལེན་ཡི་གེ་བྲིས་ཏེ། རྩིས་སྤྲོད་རྩིས་ལེན་ཕྱོགས་གཉིས་ཀས་རེ་རེ་བཞིན་ཞིབ་བཤེར་བྱ་དགོས།

དོན་ཚན་དགུ་པ། སྲིད་གཞུང་ཆ་འཕྲིན་ལྟ་ཞིབ་ལྟེ་གནས་ཀྱིས་ངེས་པར་དུ་དུས་བཅད་ལྟར་ཁུལ་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ལ་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་སྐྱེལ་སྤྲོད་བྱས་ཚུལ་དང་སྲིད་གཞུང་ཆ་འཕྲིན་ལྟ་ཞིབ་བེད་སྤྱོད་བྱས་ཚུལ་སྙན་སེང་ཞུ་དགོས།

དོན་ཚན་བཅུ་པ། སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སྐྱེལ་སྤྲོད་ལས་དོན་དང་ལྟ་ཞིབ་ཞབས་ཞུའི་ལས་དོན་མཁོ་འདོན་བྱ་རྒྱུ་དེ་རིམ་པ་ཁག་གི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གྱི་དཔྱད་ཞིབ་དང་གྲོས་གཅོད་ནང་དོན་ནང་འཇུག་དགོས། རིམ་པ་ཁག་གི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་གཞུང་ལས་ཁང་གིས་དུས་བཀག་ནང་སྐྱེལ་སྤྲོད་ཚན་པའི་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་སྐྱེལ་སྤྲོད་ལས་དོན་དང་ཀློག་བཤེར་བྱ་ཡུལ་ལ་ལྟ་ཞིབ་ཞབས་ཞུའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་གཏོང་རྒྱུའི་འགན་འཁུར་དགོས།

དོན་ཚན་བཅུ་གཅིག བྱེད་ཐབས་འདི་ལ་འགལ་ནས་སྲིད་གཞུང་གི་ཡོངས་བསྒྲགས་ཆ་འཕྲིན་དུས་ཐོག་ཏུ་མི་སྤྲོད་མཁན་སྡེ་ཁག་དང་ལུས་ཁུངས་ལ་རིམ་པ་གཅིག་མཚུངས་ཀྱི་ལྟ་ཞིབ་ལས་ཁུངས་སམ་རིམ་པ་གོང་མའི་སྲིད་འཛིན་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་རྒྱུའི་བཀའ་འགེལ་བྱེད།

དོན་ཚན་བཅུ་གཉིས།   སྲིད་གཞུང་ཆ་འཕྲིན་འགྲེལ་བཤད་བྱེད་དབང་དེ་ཆ་འཕྲིན་འདི་བཟོ་མཁན་ལ་དབང་བ་ཡིན།

དོན་ཚན་བཅུ་གསུམ། བྱེད་ཐབས་འདིའི་གོ་ཆོད་དུས་ཡུན་ནི2014ལོའི་ཟླ10ཚེས23ཉིན་ནས2016ལོའི་ཟླ10ཚེས22ཉིན་བར་ཡིན།


ཟུར་བཀོད་ཕབ་ལེན།






མཉམ་སྤྱོད།